ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

ཁྲེན་ཀང་གིས་མགོ་འཛིན་བྱས་ཤིང་ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས་གཉིས་ཚོགས་འདུར་ཞུགས།

ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པའི་ཆ་ནས། ཟླ5པའི་ཚེས22ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཤིང་། ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)དགེ་རྒན་ཆེན་མོ་ཏིང་ཝུན་ཧྥེང་གདན་ཞུ་བྱས་ནས། “ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་གཏིང་ཟབ་པ་བྱེད་པ”ཞེས་པའི་ཆེད་དོན་ཟུར་ཁྲིད་ཀྱི་སྙན་ཞུ་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གཉིས་ཚོགས་འདུར་ཞུགས།

ཏིང་ཝུན་ཧྥེང་གིས“མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གོ་རྟོགས་གསར་པ་འབྱེད་པ”དང་། “ཚན་རིག་གི་མ་ལག་དང་ཉིང་བཅུད”ཅེས་པ། “འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བ”ཞེས་པའི་ཕྱོགས་གསུམ་ནས། དུས་རབས་གསར་པའི་ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་སྲོག་ཤིང་ལ་རྩ་གནད་བོགས་འདོན་དང་ཟབ་མོ་མངོན་ཕྱུངས་ཀྱི་འགྲེལ་བརྗོད་བྱས།

ཁྲེན་ཀང་གིས་མགོ་འཛིན་བྱེད་སྐབས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་རྣམ་པ་དུ་མ་བརྒྱུད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པའི་བྱ་འགུལ་སྤེལ་བ་དེས། སློབ་ཐེངས་རེ་རེར་ཡིད་ལ་འཇགས་ཤིང་སེམས་ལ་ཟིན་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ལ། ལག་ལེན་ལ་མཛུབ་སྟོན་བྱེད་པར་ཡང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཁྲེན་ཀང་གིས་ནན་གྱིས་བསྟན་དོན། སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཡིན་པས། སློབ་སྦྱོང་བྱེད་པ་ཚེ་གཅིག་གི་ལས་དོན་ལ་བསམ་དགོས། སློབ་སྦྱོང་གི་ཁྲོད་ནས་བསམ་བློའི་རྨོངས་པ་སེལ་ཐབས་དང་བྱ་བའི་དཀའ་གནད་སེལ་ཐབས་ཀྱི་ལྡེ་མིག་རྙེད་པར་བྱེད་དགོས། སློབ་སྦྱོང་ནི་མགོ་ཁྲིད་ལས་བྱེད་པའི“མན་ངག”ཡིན་ཏེ། ལས་ལ་འབྲས་བུ་སྨིན་པ་ནི་སློབ་ལ་སྦྱངས་འབྲས་ཡོད་པས་ཡིན། བསམ་བློ་མང་དུ་བཏང་ནས་ཟབ་མོའི་དོན་གནད་རྟོགས་དགོས་ལ། སྣང་ཚུལ་དང་ངོ་བོ་གཉིས་ཀ་རྟོགས་པར་བྱེད་དགོས། སློབ་སྦྱོང་བརྒྱུད་ནས་ལས་དོན་འགྲུབ་པའི་ཐབས་ལམ་རྙེད་དགོས། སློབ་སྦྱོང་གི་དམིགས་ཡུལ་ནི་ལག་ལེན་ཡག་པོ་བྱེད་པའི་ཆེད་ཡིན་ལ། ལག་ལེན་དུ་སྤྱོད་ཐབས་ཤེས་རྒྱུ་དེ་ནི་ལྷག་པར་གལ་ཆེ་བའི་སློབ་སྦྱོང་ཞིག་ཡིན་པས། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་གྱི་སློབ་ཐབས་དར་སྤེལ་གཏོང་དགོས་ལ། ལག་ལེན་ལ་བརྟེན་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་བསམ་པའི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་ལ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་ཞིང་ཆེན་ཏང་ཨུའམ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་སྡེ་ཁག མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱི་ཁེ་ལས་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཡི་བློ་མཐུན་འགན་ཁུར་པ་གཙོ་བོ་བཅས་ཡོད། །