ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རིམས་ནད་འདི་གཏན་དུ་ཡལ་བར་ཤོག

མཚོ་ལྷོ། གཡང་མཚོ་སྒྲོལ་མ།

གློ་བུར་བའི་རྐྱེན་ངན་ཏེ།

པྲོག་གསར་ཞེས་པའི་ནད་གདོན་དེས།

ཞོ་བཞིན་ཆགས་པའི་འཚོ་བ་དཀྲུགས་སོང་།

རེ་ཞིག་སྐྱེས་འགྲོ་ཡོངས་ལ་བློ་དང་བཀོད་པ་ཟད།

རང་གཞན་གཉིས་ཀྱི་བདེ་ཐང་གི་ཆེད་དུ།

སྐབས་ལན་རེར།

རང་ཁྱིམ་གྲུ་བཞིར་རང་ལུས་བསྲུངས་ནས་སྡོད་དགོས་བྱུང་།

དེ་ལྟ་ནའང་།

ནད་གདོན་དང་འཐབ་པའི་བློ་སྤོབས་ཞུམ་མ་མྱོང་།

རེ་ཐག་ཀྱང་ཆད་མ་མྱོང་།

ད་ནི་ཉི་འོད་དྲོ་ཞིང་།

རི་ལུང་ཀུན་ཏུ་མེ་ཏོག་གིས་བརྒྱན་ཏེ།

དབྱར་ཕ་མ་འདྲ་བོ་སྐྱིད་ཀྱིས་འཚེར་ཡོད།

པྲོག་གསར་ཞེས་པའི་ནད་གདོན་དེ་ཡང་།

དབྱར་གྱི་མཛེས་སྡུག་བཟོད་མ་ནུས་པར་རིང་དུ་གྱེས།

དུས་ད་ནས་བཟུང་སྟེ།

མི་སེམས་བློང་བློང་བོར་བསྐུར་བའི་ནད་གདོན་དེ།

རྐུན་ཇག་ལྟར་གར་ཡོང་མེད་པའི་ནད་གདོན་དེ།

མི་ཡུལ་དང་གཏན་དུ་གྱེས་པར་ཤོག

གཏན་དུ་གྱེས་པར་ཤོག