ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

《ཞི་ཅིན་ཕིང་གི་འཇོན་མི་བྱ་བའི་སྐོར་གྱི་རྣམ་བཤད་གཅེས་བཏུས》པར་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་འཇོན་མི་བྱ་བའི་སྐོར་གྱི་རྣམ་བཤད་གཅེས་བཏུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཡིག་ཚགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་པ་རེད།

བྱས་རྗེས་འཇོན་མི་ལས་བྱུང་བ་དང་། བྱ་གཞག་འཇོན་མི་ལས་སྤེལ། སྤྱོད་ཡོན་གཉིས་ལྡན་གྱི་སྤུས་ཚད་མཐོ་བའི་འཇོན་མི་འབོར་ཆེན་གསོ་སྐྱོང་དང་སྐྱེད་སྲིང་བྱ་རྒྱུ་ནི། རྒྱལ་ཁབ་དང་མི་རིགས་ཡུན་རིང་འཕེལ་རྒྱས་གཏོང་བའི་ཇུས་ཆེན་ཡིན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་འཇོན་མི་གསོ་སྐྱོང་དང་འཇོན་མིར་མཐུན་སྒྲིལ། འཇོན་མིར་སྣེ་ཁྲིད། འཇོན་མིའི་ཕུགས་བསམ་འགྲུབ་པར་བྱེད་པ་བཅས་ལ་མཐོང་ཆེན་བྱས་ཐོག ཕྱོགས་སོ་སོའི་འཇོན་མིས་ཏང་དང་མི་དམངས་ཀྱི་ལས་དོན་ཐད་བྱས་རྗེས་འཇོག་པར་མཐུན་སྒྲིལ་དང་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། འཇོན་མི་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་འཇོན་མིའི་བྱ་བར་མགོ་ཁྲིད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། ཤེས་ལྡན་མི་སྣས་འཕེལ་རྒྱས་ལ་སྣེ་ཁྲིད་པའི་འཐབ་ཇུས་ཀྱི་གོ་གནས་གཏན་འཁེལ་བྱས་པས། དུས་རབས་གསར་པའི་འཇོན་མིའི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་འཇོན་མིའི་བྱ་བར་དམིགས་ནས་བཏོན་པའི་རྒྱས་བཤད་གལ་ཆེན་རབ་དང་རིམ་པར། བློ་ཕུགས་བརྟན་ཞིང་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཀྱི་ཁྱད་ཆོས་ལྡན་པས། དེས་འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་དོན་ཅི་ཡིན་པ་དང་། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་ཞེས་པ་དེ་ཅི་ལྟ་བུ་ཞིག་ཡིན་པ། འཇོན་མིའི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་བྱས་ནས་འཛུགས་སྐྲུན་བྱེད་དགོས་པ་བཅས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ལན་གསལ་བོ་བཏབ་ཡོད་པ་དང་། དུས་རབས་གསར་པའི་འཇོན་མིའི་བྱ་བའི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ། འཛམ་གླིང་སྟེང་གི་གལ་ཆེ་བའི་འཇོན་མིའི་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་མྱུར་དུ་འཛུགས་སྐྲུན་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་འབྱུང་བའི་རླབས་ཆེན་ལས་དོན་ཕྱོགས་ཡོངས་ནས་སྤེལ་བར་འཇོན་མིའི་རྒྱབ་རྟེན་འདོན་སྤྲོད་བྱེད་པ་དང་། འཇོན་མིའི་རྨང་གཞི་བཟང་པོ་འདིང་བ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྣམ་བཤད་གཅེས་བཏུས》ལ་ཆེད་དོན7དང་དུམ་མཚམས248དུ་དབྱེ་ཡོད་པ་དང་། དེར་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ12པ་ནས2024ལོའི་ཟླ3པའི་བར་གྱི་སྙན་ཞུ་དང་གསུང་བཤད། མཛུབ་སྟོན། མཆན་བཀོད། རྟེན་འབྲེལ་ཞུ་ཡིག འཕྲིན་ལན་སོགས་ཡིག་ཚགས་གལ་ཆེན110ལྷག་གཅེས་བཏུས་བྱས་ཡོད། དེའི་ཁྲོད་ཀྱི་རྣམ་བཤད་ཁག་ཅིག་ནི་ཐོག་དང་པོར་ཡོངས་བསྒྲགས་བྱས་པ་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།