ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པད་མ་རྫོང་གིས་སྨན་བཅོས་ཁྱབ་ཁོངས་ཀྱི“བཅོས་བསྒྱུར་ཆུང་ཆུང”ལ་བརྟེན་ནས་མང་ཚོགས་ཀྱི“བསམ་འདུན་ཆེན་པོ”མངོན་འགྱུར་བྱས་པ།

“མཉམ་འགུལ་ཚབ་གཉེར་སྒྲིག་སྲོལ”འཛུགས་པ་དང་། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་སྤུས་ཚད་མཐོར་འདེགས་གཏོང་བ། “སྨན་བཅོས་གཅིག་མཐུན་ཚོགས་པ་དམ་ཚགས་ཅན”བསྐྲུན་པ་བཅས་བྱས་ཏེ། སྨན་བཅོས་ཞབས་ཞུའི་མ་ལག་གཏིང་ཟབ་ཏུ་བཏང་། “དཔྱད་བཅོས་དྲ་རྒྱ་འགྱེད་འཕྲོ་ཅན”འཛུགས་པ་དང་། སྨན་བཅོས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་བ། སྨན་རྫས་འཕྲོད་བསྟེན་གྱི་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་བཅས་ཀྱི་ཐད་ནས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་མང་ཚོགས་ཀྱིས་སྨན་པར་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་མགོ་རྩོམ་སར་བཞག་སྟེ། རྫོང་ཁོངས་ཀྱི་སྤུས་ལེགས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྒྱ་བསྐྱེད་པ་དང་ཆགས་སྟངས་ཆ་སྙོམས་ཡོང་ཚད་ཇེ་མགྱོགས་སུ་བཏང་སྟེ། “རྫོང་ཁོངས་ཚབ་གཉེར”གྱི་འཕེལ་རྒྱས་རྒྱུ་ལམ་འཚོལ་ཞིབ་བྱས་པ་དང་། སྨན་བཅོས་ཁྱབ་ཁོངས་ཀྱི“བཅོས་བསྒྱུར་ཆུང་ཆུང”ལ་བརྟེན་ནས་མང་ཚོགས་ཀྱི“བསམ་འདུན་ཆེན་པོ”དངོས་གནས་མངོན་འགྱུར་བྱས་ཤིང་། པད་མ་རྫོང་ཁོངས་དང་མཐའ་འཁོར་ས་ཁུལ་གྱི་རོང་འབྲོག་པ་མང་ཚོགས་ལ་སྤུས་ཚད་མཐོ་བའི་བདེ་ཐང་འགན་སྲུང་འདོན་སྤྲོད་བྱས།

པད་མ་རྫོང་གིས་རྫོང་ཁོངས་ཀྱི་སྨན་བཅོས་ཐོན་ཁུངས་མཐོར་འདེགས་འཕེལ་རྒྱས་གཏོང་བའི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་སྤྱིའི་མཛུབ་སྟོན་འོག “སྨན་ཁང་དང་སྲིད་གཞུང་གིས་མཉམ་དུ་སྐྲུན་པ”ཡིི་དཔེ་དབྱིབས་ཧུར་ཐག་གིས་འཚོལ་ཞིབ་བྱས་ཤིང་། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་དང་སྦྲེལ་མཐུད་བྱས་ལ། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་གིས་པད་མ་རྫོང་མི་དམངས་སྨན་ཁང་ཚབ་གཉེར་བྱེད་པ་དང་། ཕྱོགས་གཉིས་ཀས་ཐུན་མོང་འབད་བརྩོན་བྱས་པ་བརྒྱུད་དེ། སྨན་བཅོས་ལག་རྩལ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་དང་། ནད་ཐོག་གསོ་བཅོས་གཙོ་གཞུང་བསླབ་ཚན་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་ལ། རྒྱུན་མཐོང་ནད་དང་རྒྱུན་འབྱུང་ནད་ཀྱི་དཔྱད་བཅོས་དང་དོས་དྲག་མྱུར་སྐྱོབ་ཀྱི་ནུས་པ་མཐོར་འདེགས་བཏང་། རྨང་གཞི་དེའི་སྟེང་ནས“རྫོང་ཁོངས་ཚབ་གཉེར”གྱི་དཔེ་དབྱིབས་འཚོལ་ཞིབ་བྱས་པ་དང་། པད་མ་རྫོང་མི་དམངས་སྨན་ཁང་དང་པད་མ་རྫོང་བོད་སྨན་ཁང་གཉིས་ཀྱིས་སོ་སོར་སྡི་མདའ་ཞང་ལྟེ་བའི་འཕྲོད་བསྟེན་ཁང་དང་སྐྱིད་མཁར་ཞང་ལྟེ་བའི་འཕྲོད་བསྟེན་ཁང་གཉིས་ཚབ་གཉེར་བྱས་ཏེ། ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་བཏང་ཞིང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱི་ལས་སྒོ་དང་དོ་དམ་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བཏང་ལ། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དོ་མཉམ་ཅན་གྱི་དམིགས་འབེན་མངོན་འགྱུར་བྱས།

“སྨན་བཅོས་གཅིག་མཐུན་ཚོགས་པ་དམ་ཚགས་ཅན”གྱི་འཛུགས་སྐྲུན་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་སྤེལ་བྱེད་པའི་བྱ་བའི་བླང་བྱ་ལྟར། པད་མ་རྫོང་གིས་སྟེང་གི་ཇུས་འགོད་དང་བྱ་བའི་གཙོ་གནད་དང་དཀའ་གནད་འབེན་དུ་བཙུགས་ལ། སྐུལ་སྤེལ་ནང་རྐྱེན་མཐོ་ས་ནས་ལག་བསྟར་བྱེད་པ། གསོ་རིག་དང་སྨན་བཅོས། སྨན་བཅོས་འགན་སྲུང་། སྨན་རྫས་དང་སྨན་ཁང་སོགས“སྨན་ལྔ”མཉམ་འགུལ་དང་ཕན་འབྲས་མཐོ་བའི་འཁོར་སྐྱོད་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་། པད་མ་རྫོང་མི་དམངས་སྨན་ཁང་སྣེ་འདྲེན་སྡེ་ཚན་དུ་བཞག་སྟེ། སྨན་བཅོས་གཅིག་མཐུན་ཚོགས་པའི་ཁོངས་གཏོགས་སྡེ་ཚན་སོ་སོའི་མྱུར་སྐྱོབ་མ་ལག་མཉམ་དུ་བཙུགས་པ་དང་། མྱུར་སྐྱོབ་སྨན་སྒམ་དང་མྱུར་སྐྱོབ་སྨན་རྫས། སྟབས་བདེའི་དབུགས་འབྱིན་ལྒང་བུ་བཅས་ཕྱོགས་ཡོངས་ནས་ཆ་ཚང་བསྒྲིགས་པ་དང་། མྱུར་སྐྱོབ་བྱ་བའི་འགྲོ་རིམ་འཐུས་ཚང་དུ་བཏང་ཞིང་། མྱུར་བརྟག་སྐྱོབ་བཅོས་བྱ་བའི་ལས་ཆོད་མཐོར་འདེགས་གཏོང་བར་ཁ་གཏད་དེ། སྨན་བཅོས་འཕྲོད་བསྟེན་བདེ་ཐང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཞིང་། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་ཁོར་ཡུག་ལེགས་བསྒྱུར་བྱས། དེ་དང་ཆབས་ཅིག་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་དམ་ཚགས་ཅན་གྱི་དོ་དམ་འཁོར་སྐྱོད་ནང་རྐྱེན་ལེགས་བསྒྱུར་དང་མཐོར་འདེགས་བཏང་ལ། སྲིད་འཛིན་དང་མི་སྣ། མ་དངུལ། ལས་སྒོ། བྱས་འབྲས། སྨན་བཅོས་དཔྱད་ཆས་བཅས“གཅིག་གྱུར་དྲུག”གི་དོ་དམ་ལག་བསྟར་བྱས་ནས། “སྨན་བཅོས་འཇོན་མི་འཁོར་རྒྱུག་ནུས་ལྡན་བྱེད་པ་དང་དཔྱད་བཅོས་ལག་རྩལ་རྒྱུན་ཆད་མེད་པར་མཐོར་འདེགས་གཏོང་བ། མང་ཚོགས་ཀྱི་བདེ་ཐང་རེ་འདོད་སྐོང་བ། ཀྲུང་བོད་སྨན་རྫས་ཀྱི་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་ཁྲོད། “རྫོང་ཁོངས་གཅིག་གྱུར་དང་གོང་འོག་མཉམ་འགུལ། ཆ་འཕྲིན་ཕན་ཚུན་ཤར་གཏོང་ཡོང་བ”བཅས་ཀྱི་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་།

སྨན་བཅོས་སྒྲིག་སྲོལ་རྒྱུན་ཆད་མེད་པར་བཅོས་བསྒྱུར་ལེགས་པོ་བྱེད་པ་དང་། དམངས་ཀྱི་ཆེད་དུ་དཔྱད་བཅོས་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བ། སྨན་པར་བསྟེན་དཀའ་བ་དང་སྨན་རིན་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པའི་དུས་མཚུངས་སུ། པད་མ་རྫོང་གིས་སྔར་ལས་ལྷག་པར་བསམ་གཞིག་གསར་གཏོད་དང་རིག་ལམ་རྒྱ་བསྐྱེད་དེ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཁང་དེ་རྨང་གཞི་དང་། སྨན་བཅོས་སྒྲིག་བཀོད་ཆ་ཚང་བསྒྲིགས་པ་དེ་ཤུགས་འདོན་ས། སྨན་བཅོས་འཇོན་མི་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པ་དེ་རྒྱུན་མཐུད་ས། རྫོང་ཁོངས་དང་དེའི་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ལྟེ་བར་འཛིན་པ་བཅས་བྱས་ནས། “རྫོང་དང་ཞང(གྲོང་རྡལ)། སྡེ་བ”བཅས་རིམ་པ་གསུམ་གྱི“དཔྱད་བཅོས་དྲ་རྒྱ་འགྱེད་འཕྲོ་ཅན”ཤུགས་ཆེན་པོས་སྒྲིག་འཛུགས་བྱས་ཤིང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བཀོད་སྒྲིག་བྱས་པ་ཆ་ཚང་འཐུས་ཚང་དང་ལུགས་མཐུན་ལེགས་བསྒྱུར། བཀོད་སྒྲིག་གནད་སར་འབྱོར་བ། རྒྱུན་ཆད་མེད་པར་ཤུགས་འདོན་པ་བཅས་ལ་ཁག་ཐེག་བྱས་ཏེ། མང་ཚོགས་ཀྱིས་སྨན་པར་བསྟེན་པའི་སྟབས་བདེ་རང་བཞིན་དང་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་དང་མཐོར་འདེགས་བཏང་། །