ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མགོ་ལོག་ཁུལ་གྱིས“རྒྱལ་དོན་གྱི་ཆེ་ཕྱོགས”ལ་དམིགས་ཏེ་སྐོར་གཟིགས་སྐོར་ཞིབ་ལ་ཤུགས་བསྣན་པ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་ནམ་ཡང་ལམ་དུ་ཡོད་ལ། ཏང་གི་རང་ཉིད་གསར་བརྗེ་བྱེད་པའང་ནམ་ཡང་ལམ་དུ་ཡོད། རང་རེའི་ཏང་ནི་ལོ་ངོ་བརྒྱའི་ཏང་ཆེན་ཞིག་ཡིན་པས། སྔོན་ཐོན་རང་བཞིན་དང་ལྷད་མེད་རང་བཞིན་རྟག་ཏུ་སྲུང་འཛིན་བྱེད་དགོས་ལ། སྐྱེ་སྟོབས་དང་གསོན་ཤུགས་རྟག་ཏུ་སྲུང་འཛིན་བྱེད་དགོས། ངེས་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དུས་ཡུན་སྐད་ཅིག་ཙམ་ཡང་མི་སྡོད་པར་སྐུལ་སྤེལ་བྱེད་དགོས།

མགོ་ལོག་ཁུལ་གྱིས་བྱེད་ཕྱོགས་ནན་པོ་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་སྐོར་ཞིབ་ཏན་ཏིག་གིས་སྤེལ། སྐོར་ཞིབ་མ་བྱས་སྔོན་གྱི་ཞིབ་འཇུག་དང་བཀོད་སྒྲིག སྐོར་ཞིབ་བྱེད་པའི་སྐབས་ཀྱི་བརྟག་ཞིབ་དང་མཛུབ་སྟོན། སྐོར་ཞིབ་བྱས་རྗེས་ཡར་ཞུར་ཉན་པའི་བྱ་བའི་ནང་རྐྱེན་ལག་བསྟར་བྱས་ནས། “མི་རུལ་བ་གསུམ”གྱིས་མཉམ་དུ་ཤུགས་འདོན་པ་དང་ཕྱོགས་གཅིག་ཏུ་ཤུགས་འདོན་པ། ཕྱོགས་བསྡུས་སུ་ཤུགས་འདོན་པ་བཅས་ལ་སྐུལ་འདེད་བཏང་ཞིང་། གནད་དོན་རྙེད་པ་དང་གནད་དོན་ཐག་གིས་གཅོད་པ། སྒྲིག་ཡིག་དང་ལམ་ལུགས་འཛུགས་པ་བཅས་མཉམ་གཅིག་ཏུ་སྐུལ་སྤེལ་བྱེད་པར་ཁག་ཐེག་བྱས་ནས། སྐོར་ཞིབ་བྱ་བའི་སྤུས་ཕྱོད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་།

2022ལོར། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་བསྡོམས་པས་ཐེར་འདོན་གོང་ཞུ་ཐེངས330བདག་སྤྲོད་བྱས་པ་དང་། གནད་དོན་གྱི་ཁུངས་སྣེ245ཐག་གཅོད་བྱས། ཁ་བརྡའི་གཞུང་ཡིག74བསྐུར་བ་དང་མི་ཐེངས118རྩ་འཛུགས་དང་ཐག་གཅོད་བྱས། གྱོད་དོན97གྱོད་ཐོར་བཀོད་པ་དེ་མི་ཐེངས97དང་འབྲེལ་ཡོད། ཞིབ་བཤེར་ལས་ཁུངས་ལ་མི4ཞིབ་བཤེར་དང་ཞུ་གཏུག་བསྒྱུར་སྤྲོད་བྱས། དཔལ་འབྱོར་གྱོང་གུན་སྒོར་ཁྲི1328ལྷག་ཕྱིར་འཐེན་བྱས། ལྟ་སྐུལ་ཞིབ་བཤེར་ཐེངས67སྤེལ། མི37ལ་ཁ་བརྡ་དང་གསལ་འདེབས་ཐེངས6ལ་བྱས། མི1ལ་ཏང་གི་སྒྲིག་ལམ་གྱི་ཆད་པ་བཅད་པ་དང་། ཐེངས14ལ་བརྡ་ཁྱབ་བཏང་བ་དང་དམར་འདོན་བྱས། སྐོར་གཟིགས་སྐོར་ཞིབ་དེ་གྲོང་གསེབ་དར་སྤེལ་དང་འབྲུ་རིགས་ཉོ་ཚོང་། དངུལ་རྩའི་ལས་རིགས་སོགས་གཙོ་གནད་ཁྱབ་ཁོངས་མང་པོར་ཁེབས།

“སྐོར་གཟིགས་སྐོར་ཞིབ་ཀྱི་དག་ཐེར་ལེགས་བཅོས་དེ‘སྲུང་སྐྱོང་གཉིས’ལ་བརྟག་བཤེར་བྱེད་པའི་ཐབས་དམ་པ་དང‘འགན་འཁྲི་གཉིས’ཀྱི་ཕྱོགས་སྟོན་དུ་བརྩིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་པ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་དོན་འཁྱོལ་ལེགས་པོ་བྱས་ཏེ། སྐོར་གཟིགས་དག་ཐེར་ལེགས་བཅོས་བྱེད་པའི“རྩོམ་ཡིག་འབྲི་འཕྲོ”ཏན་ཏིག་གིས་ལེགས་པོར་བྲིས། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཁུལ་དང་རྫོང་ཡོངས་སུ་ཁེབས་པའི་སྐོར་གཟིགས་དང་པོའི་ཕྱིར་སློག་བསམ་འཆར་གྱི་དག་ཐེར་ལེགས་བཅོས་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་བཏང་སྟེ། དུས་རིམ་རང་བཞིན་གྱི་ཕན་འབྲས་མངོན་གསལ་བླངས་ཡོད་ཅིང་། རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྲ་བརྟན་དང་མཐོར་འདེགས་གཏོང་བཞིན་པའི་སྒང་ཡིན།” ཁུལ་སྒྲིག་ཨུའི་ཧྲུའུ་ཅི་གཞོན་པའམ་ཞིབ་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཀོན་མཆོག་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད་རྒྱུར། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས“འགན་བཞི་མཉམ་ལས”ཁྱབ་སྤེལ་བྱེད་པ་དང་། “ལྟ་སྐུལ་ཁག་བཞི”སྐུལ་སྤེལ་བྱེད་པ་གཅིག་གྱུར་འཆར་འགོད་ཀྱིས་སྦྲེལ་མཐུད་དང་། “ལྟ་སྐུལ་སྣ་ཚོགས”འབྲེལ་མཐུད་མཉམ་འདྲེས་ཀྱི་བྱ་བའི་བྱེད་ཐབས་དང་མཉམ་འགུལ་བྱས་ནས། ཏང་གི་མགོ་ཁྲིད་འོག ལྟ་སྐུལ་མཁན་གྱིས་ལྟ་སྐུལ་གྱི་ལས་འགན་ལག་བསྟར་གང་ལེགས་བྱེད་པར་ཁག་ཐེག་བྱས་ནས། ལྟ་སྐུལ་བཅོས་སྐྱོང་གི་ནུས་ཕྱོད་སྔར་ལས་ལེགས་པར་གཅིག་བསྡུ་བྱེད་དགོས། །