ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཝང་ཏ་ནན་གྱིས་མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་ཁུལ་དུ་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།

གཞི་རིམ་ལ་ཁ་གཏོད་པ་དང་མང་ཚོགས་ཁྲོད་ཚ་རླབས་འཕྱུར་བར་བྱས་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བའི་འཐབ་ལམ་གསར་པར་འབད་པས་བསྐྱོད་དགོས།

ཟླ10པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་མཚོ་ཤར་གྲོང་ཁྱེར་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་བྱ་བར་བརྟག་ཞིབ་བྱས། ཁོས་བསྟན་དོན། འགན་ཁུར་ནན་འགེལ་དང་ལས་འགན་ཕྲག་ཏུ་བླངས་ཏེ། དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བ་གཉིས་ཟུང་དུ་སྦྲེལ་བ་དང་།གཞི་རིམ་གྱི་བྱ་བ་དངོས་སྒྲུབ་ཞིབ་སྒྲུབ་ལེགས་སྒྲུབ་བྱེད་པ།དབྱངས་རྟ་གཙོ་བོ་མཐོན་པོར་གྱེར་བ། སྙིང་སྟོབས་བསླང་བ་བཅས་བྱས་ཏེ།ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བ་དང་འཐབ་ལམ་གསར་པར་འབད་པས་བསྐྱོད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་བསྡུ་དགོས།

མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་ཧའོ་མིན་གྲོང་རྡལ་གནམ་གཤིས་བརྟག་དཔྱད་ལམ་སྡེ་ཁུལ། ཏུང་ཁྲོན་གྲོང་རྡལ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་སའོ་དང་འབྲུ་གུ་ཞང་ཏུང་ཞི་སྡེ་བ་སོགས་ནས། ཝང་ཏ་ནན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་སྤྲོ་བས་བསུ་བའི་དྲིལ་སྒྲོག་བྱ་བར་རྒྱུས་ལོན་ཟབ་མོ་བྱས། ཁོས་ནན་གྱིས་བསྟན་དོན།བརྗོད་དོན་གཙོ་ཐིག་ལ་དམིགས་པ་དང་།གཞི་རིམ་གྱི་དྲིལ་སྒྲོག་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ།མང་ཚོགས་ཀྱི་ནུས་པ་ཧུར་ཐག་གིས་སྐུལ་སློང་བྱེད་པ་བཅས་ཀྱིས། ནང་དོན་ཕུན་སུམ་ཚོགས་ཤིང་ལྟ་འདོད་ཅིང་ཉན་སྤྲོ་བའི་དྲིལ་སྒྲོག་བྱ་བ་སྤེལ་ནས། མང་ཚོགས་ལ་སྔར་ལས་སློབ་གསོ་དང་སྣེ་ཁྲིད་ལེགས་པོ་བྱེད་པ་དང་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས། རྐང་ཤུགས་དང་མིག་ཤུགས།ཀླད་ཤུགས།སྨྱུག་ཤུགས་བཅས་དངོས་གནས་ཇེ་དྲག་ཏུ་བཏང་ནས།གཞི་རིམ་གྱི་བྱ་བ་མཚོན་ཐུབ་པ་དང་མང་ཚོགས་ཀྱི་ཉམས་འགྱུར་མངོན་ཐུབ་པའི་མཉམ་འདྲེས་སྨྱན་སྦྱོར་གྱི་བརྩམས་ཆོས་མང་པོ་སྤེལ་དགོས་ལ།ཏང་གི་གཏམ་རྒྱུད་དང་མཚོ་སྔོན་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་དགོས། མང་ཚོགས་ཀྱི་སེམས་ཁུར་ལ་ཨ་ལན་སྟེར་ཅི་ཐུབ་བྱེད་པ་དང་མང་ཚོགས་ཀྱི་དོན་དངོས་གནད་དོན་སྤྲོ་བའི་ངང་ནས་ཐག་བཅད་དེ།གཞི་རིམ་དྲིལ་སྒྲོག་བྱ་བའི་ཁ་གཏད་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་དགོས།

ཝང་ཏ་ནན་ད་རུང་མིན་ཡོན་རྫོང་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་སྡེ་ཁུལ་དང་ཞིང་སྡེ།གཞུང་ལམ་བརྟག་བཤེར་ས་ཚིགས་སོགས་སུ་སོང་ནས་ཡུལ་དངོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། གཏན་ཤུགས་རྒྱུན་སྲུང་དང་དོགས་ཟོན་ཇེ་མཐོར་བཏང་ནས།མང་ཚོགས་ཀྱི་སྔོན་འགོག་ཚོད་འཛིན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ།ལྷུ་ཚིགས་སོ་སོ་དམ་པོར་འཛིན་པ།ཉེན་ཁ་རེ་རེར་དམ་པོར་དམིགས་པ་བཅས་བྱས་ཏེ།གཟབ་ནན་གྱིས་སྔོན་འགོག་ཚོད་འཛིན་དང་གནད་ཁེལ་གྱིས་སྔོན་འགོག་ཚོད་འཛིན།མཉམ་འགོག་མཉམ་འཛིན་བཅས་བྱེད་པ་དང་། བྱ་བའི་གྲུབ་འབྲས་འབུར་དུ་ཐོན་པ་ཡིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས། །