ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

《ཞི་ཅིན་ཕིང་གི་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་གླིང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཞེས་པའི་དཔེ་དེབ་དེ། ཉེ་སྔོན་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

རྒྱལ་ཁབ་སྐྱོང་བར་སྔོན་ལ་ངེས་པར་ཏང་སྐྱོང་དགོས་པ་དང་། ཏང་སྐྱོང་བར་ངེས་པར་ནན་མོ་བྱེད་དགོས་ལ། ནན་མོ་བྱེད་པ་ལ་ངེས་པར་ཁྲིམས་དང་བསྟུན་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་དུ་ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་མོའི་མཐོ་ཚད་ནས་འགྲེངས་ཏེ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་བཅས་ལ་གཅིག་གྱུར་འཆར་འགོད་སྒོས་སྐུལ་སྤེལ་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་རྒྱུན་འཁྱོངས་བྱེད་པ། ཏང་གི་སྒྲིག་ཡིག་ལག་བསྟར་ནན་མོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཇུས་ཆེན་ལ་དམ་པོར་དམིགས་ནས་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་པ་བཅས་ཀྱིས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཅུང་འཐུས་སྒོ་ཚང་བ་ཞིག་ཆགས་སུ་བཅུག་པ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་གྱི་སྐུལ་སྤེལ་ཤུགས་ཚད་དང་།དང་བླངས་པའི་ཕན་འབྲས་ཀྱི་མངོན་གསལ་དོད་ཚད་སྔ་ན་མེད་པ་ཞིག་ཡིན་ལ། ཏང་གི་འཛུགས་སྐྲུན་ཚན་རིག་ཅན་དང་ལམ་ལུགས་ཅན། ཚད་ལྡན་ཅན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་ཐད་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་ནི། མཁྱེན་རྒྱ་ཡངས་ཤིང་ནང་དོན་ཕུན་སུམ་ཚོགས་ལ། དགོངས་པ་གཏིང་ཟབ་པས། ང་ཚོས་སྒྲིག་སྲོལ་ལྟར་ཏང་སྐྱོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། ཏང་ནང་ཁུལ་གྱི་སྒྲིག་སྲོལ་གྱིས་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་མགོ་ཁྲིད་སྲུང་སྐྱོང་བྱེད་པ་དང་།ཏང་གིས་ཡུན་རིང་སྲིད་འཛིན་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་འགན་སྲུང་བྱེད་པའི་ཐད་ནུས་པ་གལ་ཆེན་ལྡན་ལ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་འགོད་གསར་པར་སྐུལ་སྤེལ་དང་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དངོས་འབེབས་བྱེད་པའི་ཐད་ཀྱི་ནུས་པ་གལ་ཆེན་ལེགས་པར་བཏོན་ཏེ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་མགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བར་ཁག་ཐེག་ནན་མོ་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པར་ཆབ་སྲིད་ཀྱི་ཁག་ཐེག་ཆེན་པོ་འདོན་སྤྲོད་བྱས་ཡོད་པས། དོན་སྙིང་ཧ་ཅང་གལ་ཆེན་ལྡན།

《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་ཁག10རུ་བགོས་ཡོད་ལ། བསྡོམས་པས་རྣམ་བཤད་ཚན་པ400ཡོད། དེའི་ནང་དུ་བློ་མཐུན་ཞི་ཅིན་ཕིང་གི2012ལོའི་ཟླ11པའི་ཚེས15ཉིན་ནས2022ལོའི་ཟླ6པའི་ཚེས17ཉིན་བར་གྱི་སྙན་ཞུ་དང་གསུང་བཤད། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན180ལྷག་འདུས་ཤིང་། དེའི་ཁྲོད་ཀྱི་རྣམ་བཤད་ཁ་ཤས་ནི་ཐེངས་དང་པོར་ཡོངས་བསྒྲགས་སུ་སྤེལ་བ་རེད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།