ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

▲ན་གཞོན་ཏང་ཡོན་ཚོས་ཞའོ་ཀའོ་ལིང་ནས་ཏང་གཤིས་སློབ་གསོ་མྱོང་བཞིན་པ།
▲ཞའོ་ཀའོ་ལིང་སྡེ་བ་རུ་ཏང་གི་དར་ཆ་ལྷབ་ལྷུབ་བསྐྱོད།
▲འཕོ་འགྱུར་ཆེན་པོ་བྱུང་པའི་ཞའོ་ཀའོ་ལིང་སྡེ་བ།

“གསར་བརྗེ་ཐོན་ཁུངས”ནི་གྲོང་གསེབ་དར་སྤེལ་གྱི“སྒུལ་ཤུགས་གསར་པ”རུ་གྱུར། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཞའོ་ཀའོ་ལིང་སྡེ་བའི་ཕྱོགས་བཞིའི་རི་མགོ་ནས་མར་བལྟས་ན། ཞའོ་ཀའོ་ལིང་ཏང་གཤིས་སློབ་གསོའི་ཡུལ་དངོས་སློབ་ར་རུ་དར་དམར་ལྷབ་ལྷུབ་ཏུ་བསྐྱོད་བཞིན་འདུག་ལ། རི་བོའི་སྐེད་ཀྱི་སྐས་ཞིང་དང་དྲི་ངད་ལྡང་བའི་རྩིབ་ཤའི་ཐུག་པ་སོགས་གང་ཡིན་ཡང་ཚང་མས་ཞའོ་ཀའོ་ལིང་གི་དུས་རབས་ཀྱི་འགྱུར་ལྡོག་བརྗོད་པ་དང་མཚུངས།