ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་གིས།

《མཚོ་སྔོན་ཞིང་ཆེན་ཆུ་ལོག་གནོད་སྐྱོན་འགོག་བཅོས་ཀྱི “ལྔ་བཅུ་བཞི”འཆར་འགོད》དཔར་འགྲེམས་བྱས་པ།

ཉེ་ཆར། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུ་ལོག་གནོད་སྐྱོན་གྱི་ཉེན་ཁ་ཕན་ནུས་ལྡན་པའི་སྒོ་ནས་འགོག་སེལ་བྱེད་པ། ཆུ་ལོག་གནོད་སྐྱོན་འགོག་བཅོས་ཀྱི་ནུས་ཤུགས་དངོས་གནས་ཇེ་མཐོར་གཏོང་ཆེད། ཉེ་ཆར། ཞིང་ཆེན་ཆུ་བེད་ཐིང་གིས《མཚོ་སྔོན་ཞིང་ཆེན་ཆུ་ལོག་གནོད་སྐྱོན་འགོག་བཅོས་ཀྱི“ལྔ་བཅུ་བཞི”འཆར་འགོད》དཔར་འགྲེམས་བྱས་ཏེ། ཆུ་ལོག་གནོད་སྐྱོན་འགོག་བཅོས་ལས་གཞི་ལག་བསྟར་བྱས་པའི་ཚུན་གྱི་གྲུབ་འབྲས་དང་གནས་པའི་གནད་དོན་རྣམས་མ་ལག་ཚང་བའི་སྒོ་ནས་སྤྱི་བསྡོམས་བྱས་ལ། “ལྔ་བཅུ་བཞི”དུས་སྐབས་སུ་འཕྲད་པའི་གནས་བབ་དང་འགྲན་སློང་ལ་དབྱེ་ཞིབ་གཏིང་ཟབ་བྱས་པར་མ་ཟད། “ལྔ་བཅུ་བཞི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་ཆུ་ལོག་གནོད་སྐྱོན་འགོག་བཅོས་ཀྱི་སྤྱིའི་ཐབས་ལམ་དང་འཆར་འགོད་དམིགས་འབེན། འཆར་འགོད་ལས་འགན། འགན་སྲུང་བྱེད་ཐབས་སོགས་ཀྱི་ནང་དོན་བཏོན་ནས། ཆུ་ལོག་གནོད་སྐྱོན་འགོག་སྲུང་ནུས་པ་ཤུགས་ཡོད་རྒུས་ཇེ་ཆེར་བཏང་བ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དངོས་གནས་འགན་སྲུང་བྱས།

《འཆར་འགོད》ཀྱིས“ཐབས་ཇུས་འཐེན་པ་དང་མི་འདང་ས་ཁ་སྐོང་བ། རྨང་གཞི་བརྟན་པོར་གཏོང་བ”དང“དགོས་མཁོ་སྣེ་འདྲེན་དང་བེད་སྤྱོད་གོང་བཀུར་བྱེད་པ། གྲངས་ཀའི་ནུས་སྤྲོད་དང་ནུས་ཤུགས་མཐོར་འདེགས་གཏོང་བ”བཅས་ཀྱི་བླང་བྱ་ལྟར། “སྔོན་འགོག་བཞི”ཡི་བྱེད་སྟངས་ཇེ་ཆེར་བཏང་བ་དང་། “གནས་ཚུལ་བཞི”ཡི་འགོག་སྲུང་ཁོང་དུ་ཆུད་པར་ཁ་ཕྱོགས་ནས། ཆུ་ལོག་གནོད་སྐྱོན་འགོག་བཅོས་ཀྱི་བཟོ་འགོད་བྱེད་ཐབས་མ་ཡིན་པ་དང་བཟོ་འགོད་བྱེད་ཐབས་ཀྱི་མི་འདང་ས་གཙོ་གནད་དུ་འཛིན་པ་དང་། ཆུ་ལོག་གནོད་སྐྱོན་གྱི་ལྷུ་ཚུགས་ཞན་ས་དང་ཉེན་ཁའི་གནོད་སྐྱོན་མེད་པར་བཟོ་བ་དེ་འགག་རྩར་འཛིན་པ། གྲངས་ཀ་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་བྱེད་ཐབས་སུ་འཛིན་པ། གྲངས་ཀ་ཅན་གྱི་ཡུལ་དངོས་དང་རིག་ནུས་ཅན་གྱི་ལད་ཟློས། གནད་ཁེལ་ཅན་གྱི་ཇུས་ཆོད་བཅས་ཐབས་ལམ་དུ་འཛིན་པ། བཞུར་རྒྱུན་ཆུང་བའི་སྔོན་འགོག་བྱེད་ཐབས་བཀོད་སྒྲིག་བྱེད་པ་དེ་རྩ་བའི་བྱེད་ཐབས་སུ་འཛིན་པ་བཅས་ཀྱིས། ཉེན་བརྡ་ལྟ་ཞིབ་ཚད་ལེན་དང་འཁོར་སྐྱོད་དོ་དམ་ཇེ་དྲག་ཏུ་གཏོང་བ་དང་། ཆུ་ལོག་གནོད་སྐྱོན་གྱི་ཉེན་ཁ་སྔོན་འགོག་དང་བསལ་བ། “བཟོ་འགོད་བྱེད་ཐབས་མ་ཡིན་པ་དང་བཟོ་འགོད་བྱེད་ཐབས”ཀྱི་འཆར་འགོད་ལས་འགན་ཇུས་འགོད་བྱེད་པ། ཆུ་ལོག་གནོད་སྐྱོན་གྱི་ཕྱོགས་བསྡུས་འགོག་སྲུང་ནུས་པ་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བ་བཅས་བྱས་ཏེ། རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཆུ་ལོག་སྔོན་འགོག་གི་བདེ་འཇགས་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད། །