ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས་པ།

ཟླ8པའི་ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བའི་སྐུལ་འདེད་ཚོགས་འདུ་འཚོགས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོ་རྣམས་ཀྱི་ཆེད་དོན་དཔྱད་གླེང་འཛིན་གྲྭ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཀྲང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད་པ་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་དམིགས་ནས། ད་ལོའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློ་བྱ་བར་སྤྱི་བསྡོམས་དང་དུས་རིམ་རྗེས་མའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་གྱིས་གཏམ་བཤད།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། དྲིལ་སྒྲོག་བསམ་བློ་བྱ་བའི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་ཡག་བྱས་ཏེ། འཕྲད་པའི་གནས་བབ་ཀྱི་འོས་འགན་ངོས་འཛིན་གསལ་པོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་དཔྱད་གླེང་འཛིན་གྲྭར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པ་འབུར་དུ་དོད་ནས་ལེགས་འཛིན་བྱེད་པ། ཏང་གི་གསར་སྐྲུན་གཞུང་ལུགས་ལ་དྲག་ཆས་སྤྲ་བར་ཤུགས་སྣོན་བྱེད་པ། བརྗོད་དོན་དྲིལ་སྒྲོག་རྩ་འཛུགས་ཞིབ་མོ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་དར་སྤེལ་གཏོང་བ། བསམ་པའི་དཔལ་ཡོན་གྱི་གསར་སྐྲུན་གཏིང་ཟབ་ཏུ་གཏོང་བ། རིག་རྩལ་བརྩམས་ཆོས་ལེགས་པོ་གསར་སྐྲུན་ཐོན་སྐྱེད་བྱེད་ཚད་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་རིག་གནས་རྗེས་ཤུལ་དང་གསར་བརྗེ་རིག་དངོས་ཀྱི་སྲུང་སྐྱོབ་དང་བེད་སྤྱོད་ལ་ཤུགས་སྣོན་པ། རབ་མཛེས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བརྗོད་པ། དྲིལ་སྒྲོག་གི་གཡུལ་ས་སྟོབས་ཆེར་གཏོང་བ་དང་ལེགས་པོར་བཀོལ་བ། འདུ་ཤེས་འཛིན་སྟངས་ཀྱི་རང་འགུལ་དམག་འཐབ་ལེགས་པོར་རྒྱག་པ་བཅས་དྲིལ་སྒྲོག་བསམ་བློ་བྱ་བའི་ཁྱད་འཕགས་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། དྲིལ་སྒྲོག་བསམ་བློ་བྱ་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། གཞི་རིམ་ལ་དམིགས་པ་དང་མང་ཚོགས་ཁྲོད་ལན་ཆ་ཆེ་བ་རྒྱུན་འཁྱོངས་བྱེད་པ་དང་། དྲང་སྲུང་གསར་སྐྲུན་དང་སྤང་བླང་མཉམ་ལེན་རྒྱུན་འཁྱོངས་བྱེད་པ། གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་དང་ནུས་པ་མཉམ་དུ་འདོན་པ་རྒྱུན་འཁྱོངས་བྱེད་པ། འཇོན་མིས་སྣེ་ཁྲིད་པ་དང་དཔུང་ཁག་བསྐྲུན་པ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱིས་ཕུལ་དུ་བྱུང་བའིི་སྤྱོད་ཚུལ་དར་སྤེལ་གཏོང་བ་དང་། གཙོ་གནད་འཛིན་པ་དང་དཀའ་ཁག་སེལ་བ། ལྷང་ངེ་ས་མངོན་པ། ཚད་མཐའ་སྲུང་བ་བཅས་ཀྱིས་དྲིལ་སྒྲོག་བསམ་བློ་བྱ་བར་སྐུལ་འདེད་གཏོང་བར་གསར་སྐྲུན་གྱིས་འདང་ཞིང་ཚ་ཚ་འུར་འུར་གྱིས་སྤེལ་དགོས།

གྲོས་ཚོགས་སྟེང་མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ། ཞིང་ཆེན་ཏང་ཨུའི་དྲ་བ་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་། ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ས་ཆ་དང་ལས་ཁུངས་ཀྱི་འཐུབ་ཚབ་པས་གཏམ་བཤད། །