ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

ཁི་ལུའུ་ཁི་མཚེའུ་ཞེས་པར“རྩྭ་ཆུ་འཛོམས་སའི་ས་ཆ”ཞེས་པའི་དོན་ཡོད་ལ། དེ་ནི་གཏེར་ལེན་ཁའི་ནུབ་ཕྱོགས་ཀྱི་སྤྱི་ལེ50ཡི་མཚམས་ཀྱི་ཧེ་ཐི་ཐ་ལ་རྩྭ་ཐང་དུ་ཡོད། མཚེའུ་ལ་སྤྱི་ལེ་གྲུ་བཞི་མ57.4ཙམ་ཡོད་ལ། གཡུ་ཡི་མེ་ལོང་དང་འདྲ་བའི་མཚེའུ་ཡི་འགྲམ་དུ་འདམ་རྩྭའི་མགོ་ལྕོག་ལྡེམ། གསར་འགོད་པས་ཁི་ལུའུ་ཁི་མཚེའུ་ལྗོངས་ཁུལ་དུ་ཡུལ་སྐོར་ལ་ཕེབས་པའི་སྐུ་མགྲོན་རྣམས་ཀྱིས་མཚོ་བྱར་གཟན་འབྲུ་སྟེར་བ་དང་། གྲུ་ལ་བསྡད་དེ་མཚེའུ་ངོགས་སུ་བསྐྱོད་པ། མཚེའུ་མཐའི་ཤིང་ཟམ་བསྙེགས་ནས་འགྲོ་བ་སོགས་བྱེད་བཞིན་པ་མཐོང་།