ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཚད་གཞི་དང་སྤུས་ཚད་མཐོན་པོས་སྤེལ་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་བར་སྒྲིག་ཁྲིམས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།

—ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་བྱེད་པ།

ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཏེ། ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་བཀོད་སྒྲིག་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཚད་མཐོན་པོས་གཙིགས་ཆེན་དང་བཀོད་སྒྲིག་དང་དུ་བླངས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་གལ་ཆེན་གཏིང་ཟབ་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་པ་དང་། ཚད་མཐོན་པོའི་འགན་འཁྲིའི་འདུ་ཤེས་དང་འོས་འགན་འདུ་ཤེས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་ནན་འཛིན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་ཟབ་སྤེལ་དངོས་སྒྲུབ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བྱས།

ཟླ4པའི་ཚེས3ཉིན། ཀྲུང་དབྱང་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་འཚོགས་རྗེས། ཞིང་ཆེན་ཏང་ཨུས་ཚད་མཐོན་པོས་མཐོང་ཆེན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་ཏང་གི་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་མགྱོགས་མྱུར་སྒོས་འཚོགས་ཏེ། ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་གི་བྱ་བའི་ཇུས་གཞིར་ཞིབ་འཇུག་དང་བྱ་བའི་ཆེད་དམིགས་ཚན་ཆུང་བཙུགས་ཏེ། རྩ་འཛུགས་ལག་བསྟར་བྱ་བ་ཏན་ཏན་ཏིག་ཏིག་གིས་ལེགས་པོར་བསྒྲུབས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྔ་བ་སྔོན་མ་བྱས་ནས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་འཚོགས་ཏེ། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཞེས་བསྡུས་ཡོད)ལ་ཆེད་དུ་སློབ་སྦྱོང་བྱས། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བསྡུས་པ་དང་། གཅིག་བསྡུས་སྒོས《སྲོལ་ཡིག》སློབ་སྦྱོང་བྱས་པ་བརྒྱུད། “གཏན་འཁེལ་གཉིས་ཀྱི”ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ཟབ་མོ་བླངས་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་སྟེ། སྒྲིག་ཁྲིམས་ནན་མོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་དངོས་འབེབས་གང་ལེགས་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་དང་ཏང་གི་སྒྲིག་ཁྲིམས་ལ་སྣང་ཆུང་བྱེད་པ། ཏང་གི་སྒྲིག་ཁྲིམས་ལ་འགལ་བའི་གནད་དོན་གྱི་ཚབས་ཆེན་རང་བཞིན་ལ་ངོས་འཛིན་སྔར་བས་གཏིང་ཟབ་བྱེད་པར་སྐུལ་ཁྲིད་བྱས་ཏེ། ཆབ་སྲིད་ངེས་ཤུགས་དང་སྒྲིག་ཁྲིམས་ངེས་ཤུགས། ཀུན་སྤྱོད་ངེས་ཤུགས། རུལ་རྒོལ་ངེས་ཤུགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་།

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་གཟབ་ནན་གྱིས་དངོས་འབེབས་བྱས་པ་དང་། དམིགས་འབེན་གྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱེ་བྲག་གི་ལས་འགན་ལ་ཚད་བསྡུར་བྱེད་པ། གཙོ་གཞིའི་འགན་འཁྲི་བརྟན་པོར་གཏོང་བ། གནད་འགག་གི་གོ་རིམ་མངོན་གསལ་དུ་བཏོད་པ། ཇུས་གཞིར་གཤིབ་བསྡུར་དང་ཇི་མ་ཇི་བཞིན་དུ་སློབ་པ་རྒྱུན་འཁྱོངས་བྱེད་པ། མགོ་ཁྲིད་ཀྱིས་དཔེ་སྟོན་དང་གནོན་སྐུལ་སྒོས་སློབ་པ་རྒྱུན་འཁྱོངས་བྱེད་པ། རང་ཉིད་ཀྱི་བྱ་བར་དམིགས་པ་དང་ཁྱད་ཆོས་འབུར་ཐོན་གྱིས་སློབ་པ་རྒྱུན་འཁྱོངས་བྱེད་པ། གྱོད་གཞིས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་ཉེན་བརྡའི་སློབ་གསོ་བཏང་ནས་སློབ་པ་རྒྱུན་འཁྱོངས་བྱེད་པ། གོ་དོན་མཐིལ་རྟོགས་དང་སེམས་སུ་འཇགས་པའི་སྒོ་ནས་སློབ་པ་རྒྱུན་འཁྱོངས་བྱེད་པ། ཏང་ཡོན་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་ཀྱི་སྐུད་པ་མཐའ་གཅིག་ཏུ་དམ་པོར་སྡོམ་པར་སྣེ་ཁྲིད་པ། ནམ་ཡང་ལྷག་བསམ་དཀར་ལ་སྤྱོད་པ་གཙང་ཞིང་ཁག་ཁུར་སྤོབས་པ། སེམས་སུ་སྐྲག་ས་ཡོད་པ་དང་ཚིག་ལ་ཚད་ཡོད་པ། སྤྱོད་པར་བཀག་ཡོད་པ། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་ཐད་ཀྱི་མི་ཤེས་རྒྱ་ཅན་ཞིག་བྱེད་པ་བཅས་ཀྱིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་དངོས་སྒྲུབ་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་བྱས།

ཞིང་ཆེན་སྒྲིག་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་དེ་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་སྡེའི་སློབ་གསོ་དག་ཐེར་གྲུབ་འབྲས་རྒྱ་སྐྱེད་པའི་མངོན་སུམ་གྱི་ཞིབ་བཤེར་ཐེངས་ཤིག་ཏུ་བརྩིས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་གྱིས“རང་ཉིད་ལ་ཞིབ་བཤེར”བྱས་ཤིང་། ལྡོག་ཕྱོགས་དཔེ་མཚོན་གྱིས“ཉེན་བརྡ”བཏང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་རྩ་འཛུགས་བྱ་བའི་འགན་ནུས་དང་རང་ཉིད་འཛུགས་སྐྲུན་གྱི་དངོས་ཡོད་ལ་དམིགས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བ་སྤེལ་བ་དེ་རྩ་འཛུགས་འགན་ནུས་ལག་བསྟར་དང་རྩ་འཛུགས་ལེགས་ཆ་འདོན་སྤེལ་བྱེད་པ་དང་མཐུད་སྦྲེལ་བྱས་ལ། ལས་བྱེད་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་ལས་བྱེད་པའི་ཁག་ཁུར་བྱེད་སྟངས་ལ་སྐུལ་མ་གཏོང་བ་སོགས་གཙོ་གནད་འགན་འཁྲི་དང་ནུས་ལྡན་སྒོས་ཟུང་འབྲེལ་བྱས། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཏང་གི“སྒྲིག་ཁྲིམས་ཆེན་མོ་དྲུག”དམ་འཛིན་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་བྱེད་པའི་གོ་རིམ་དེ་སྒྲིག་ཁྲིམས་འདུ་ཤེས་ཇེ་དྲག་དང་ཏང་གཤིས་བློ་སྦྱོང་ཇེ་མཐོར་གཏོང་བའི་གོ་རིམ་དུ་འགྱུར་བར་བྱས་ཐོག ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་བྱ་བ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་དངོས་ཡོད་གྲུབ་འབྲས་སུ་འགྱུར་བར་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས“ཏང་གི་སྒྲིག་ཁྲིམས་སློབ་པའི”གཙོ་ཐིག་ལ་དམིགས་ཏེ། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གླེང་བ་དང་གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་བཤད་པ། གྱོད་གཞིར་བརྟེན་ནས་ཁྲིམས་ལུགས་བཤད་པ། གྱོད་གཞིར་བརྟེན་ནས་འགན་འཁྲི་གླེང་བ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཉེན་བརྡ་ཐོབ་པ་དང་གུས་སྐྲག་ཤེས་པ། ཚད་མཐའ་སྲུང་བ་བཅས་བྱེད་དུ་བཅུག ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྒྲིག་ཁྲིམས་སློབ་པ་རྨང་གཞི་དང་སྒྲིག་ཁྲིམས་ཤེས་པ་གནད་འགག་དུ་བརྩི་བ། སྒྲིག་ཁྲིམས་གསལ་བ་ལྟེ་བར་འཛིན་པ། སྒྲིག་ཁྲིམས་སྲུང་བ་དམིགས་འབེན་དུ་བརྩི་བ་བཅས་བྱས་པ་དང་། ཏང་གི“སྒྲིག་ཁྲིམས་ཆེན་མོ་དྲུག”དམ་འཛིན་བྱས་ཏེ། ཏང་ཡོན་ལས་བྱེད་པས《སྲོལ་ཡིག》སློབ་པ་དང་བཀོལ་བར་སྐུལ་འདེད་བྱས། ཞིང་ཆེན་ཏང་ཨུའི་གཞུང་ལས་ཁང་གིས“སྒྲིག་ཁྲིམས་སློབ་པ་དང་སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་བ། སྒྲིག་ཁྲིམས་སྲུང་བ”བཅས་ལ་དམིགས་པ་དང་། “ནང་དུ་འཇོག་དགོས་པ་གསུམ”གཟབ་ནན་གྱིས་བསྒྲུབས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ“ཞབས་ཞུ་གསུམ”གྱི་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱས། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ལས་ཁུངས་འཛུགས་སྐྲུན་གྱི་ངེས་མཁོ་བླང་བྱར་བརྩིས་ནས་དངོས་འབེབས་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་ཁག་ཁུར་དངོས་སྒྲུབ་ལ་སྐུལ་འདེད་གཏོང་བའི་མགོ་རྩོམ་སར་བརྩིས་ནས་དམ་འཛིན་བྱེད་པ། སྒྲིག་ཁྲིམས་དང་སྒྲིག་སྲོལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་དགོས་མཁོར་བརྩིས་ནས་སྐུལ་འདེད་གཏོང་བ་བཅས་བྱས། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཏང་གི་འཛུགས་སྐྲུན་བྱ་བའི་སྤྱིའི་བཀོད་སྒྲིག་ནང་བཞག་པ་དང་། སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པའི་ཐད་ཡང་བསྐྱར་དམིགས་པ་དང་ཤུགས་བཏོན་ལ། གཤིབ་བསྡུར་ལག་ལེན་ཐད་ཡང་བསྐྱར་དམིགས་པ་དང་ཤུགས་བཏོན་པར་མ་ཟད། རྒྱུན་རྣམ་ཅན་དང་ཡུན་ཕན་ཡོང་བའི་ཐད་ཡང་བསྐྱར་དམིགས་པ་དང་ཤུགས་བཏོན། ཟི་ལིང་གྲོང་ཁྱེར་ཏང་ཨུས་སྒྲིག་ཁྲིམས་རང་བཞིན་གྱི་གུང་ཁྲན་ཏང་གི་ངོ་བོའི་ཁྱད་ཆོས་དེ་ཁོང་དུ་དམ་པོར་ཆུད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལས་རྐང་། གཙོ་གནད་མི་ཚོགས་བཅས་ལ་དམིགས་པ། ཚད་གཞི་ནན་མོ་དང་ཁྲིམས་འཛིན་ནན་མོ་མངོན་གསལ་དུ་དོད་པ།གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཕན་ནུས་སྔོན་དུ་འདོན་པ་རྒྱུན་འཁྱོངས་བྱེད་པ། འགན་འཁྲི་གསལ་བ་དང་འགན་འཁྲི་འཁུར་བ། ཕན་ནུས་ཐོན་པའི་བྱ་བའི་ཚད་ཤིང་དང་ཞིབ་བཤེར་ཚད་གཞི་མངོན་གསལ་དུ་དོད་པ་བཅས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཀྱིས་ལག་ལེན་གྱི་ཞིབ་བཤེར་ཐེག་པར་འགན་སྲུང་བྱས། མཚོ་ཤར་གྲོང་ཁྱེར་ཏང་ཨུས་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ངེས་པར་དུ་བསམ་བློའི་ངོས་ཟིན་ཟབ་མོར་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་པ། ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ཐད་དཔེ་སྟོན་བྱེད་པ། སྒྲིག་ཁྲིམས་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཕྱི་ཚུལ་རིང་ལུགས་ནུས་ཤུགས་ཡོད་རྒུས་སྔོན་འགོག་བྱེད་པ། དངོས་སུ་སློབ་སྦྱོང་དང་ལྟ་བ། བཀོལ་སྤྱོད་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པར་ཉེན་བརྡ་ཐོབ་པའི་ཚད་མཐའ་སྲུང་བ་དང་གུས་སྐྲག་ཤེས་སུ་བཅུག་ཐོག ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་དངོས་གནས་གྲུབ་འབྲས་ཐོབ་པར་སྐུལ་འདེད་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཨུས་དམ་འཛིན་གཉིས་དང་སྐུལ་འདེད་གཉིས་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཏང་ནང་ཁུལ་གྱི་ཆབ་སྲིད་ཆ་རྐྱེན་དངོས་འབེབས་བྱེད་པ་དང་རྫོང་ཡོངས་ཀྱི་གཙོ་གནད་བྱ་བ་ཡོངས་འགྲུབ་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་བྱེད་ཐབས་རེ་རེ་ལྟེ་གནས་བྱ་བར་སྐུལ་འདེད་གཏོང་བའི་བྱེད་སྟངས་ནུས་ལྡན་དུ་བསྒྱུར་ཏེ། མིན་ཡོན་གྱི་ལས་དོན་སོ་སོ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་གྲུབ་འབྲས་དངོས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ཨུས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས《སྲོལ་ཡིག》སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་པ་དང་། སློབ་སྦྱོང་སློབ་གསོ་དང་གཙོ་འགན་ལས་འགན་ནུས་ལྡན་ངང་སྦྲེལ་མཐུད་ལེགས་འཛིན་བྱེད་པ། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ནུས་ལྡན་ངང་མཐུད་སྦྲེལ་ལེགས་འཛིན་བྱེད་པ། “མིག་སྔར་བསྒྱུར་བ”དང“ཡུན་རིང་འཛུགས་པ”ནུས་ལྡན་ངང་མཐུད་སྦྲེལ་ལེགས་འཛིན་བྱེད་པ། རང་ཉིད་ཀྱི་འགན་འཁྲི་དང་བྱ་བ་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཁྲོད་རང་འགུལ་གྱིས་འདྲེས་སུ་འཇུག་པ་བཅས་བྱས་ཏེ། རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་འགན་སྲུང་བརྟན་པོ་མཁོ་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན། །