ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པད་མ་རྫོང་གིས་ལས་བྱེད་པས་འགན་འཁྲི་ཁུར་དུ་བླངས་ནས་བྱས་རྗེས་འཇོག་པར་སྐུལ་ལྕག་ནུས་ལྡན་བཏང་བ།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ལས་བྱེད་པར་ཐུགས་ཁུར་གཅེས་སྐྱོང་དང་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ་དེ་ལས་བྱེད་པས་ཁག་ཁུར་བྱེད་སྟངས་ལ་སྐུལ་ལྕག་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པའི་བྱེད་སྟངས་གལ་ཆེན་ཞིག་ཏུ་བརྩིས་པ་དང་། རྒྱུན་མཐུད་སྒོས་ཆབ་སྲིད་སྐུལ་ལྕག་དང་ལམ་ལུགས་འགན་སྲུང་། ནན་འཛིན་གཅེས་སྐྱོང་སོགས་ཀྱི་ཕྱོགས་སུ་ཤུགས་བཏོན་ཏེ། རིམ་པ་སོ་སོའི་ལས་བྱེད་པས་པད་མ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པའི་ཁྲོད་ཁག་ཁུར་དང་བྱས་རྗེས་འཇོག་པར་སྐུལ་ལྕག་ནུས་ལྡན་བྱས།

དྲང་ཕྱོགས་ཀྱི་སྐུལ་ལྕག་ལ་ཤུགས་བསྣན་ཏེ་ལས་བྱེད་པའི་བྱ་བ་སྒྲུབ་པའི་སྤྲོ་བ་འཕེལ་བར་བྱས། བྱ་བའི་དངོས་ཡོད་ལ་དམིགས་པ་དང་། བྱེད་སྟངས་ལེགས་པ་དང་དངོས་འབྲས་འབུར་ཐོན། མང་ཚོགས་ཀྱིས་ཁས་ལེན་པའི་ལས་བྱེད་པ་སྐོར་ཞིག་བསྐོ་འཇོག་བྱས། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ཕན་ནུས་འདོན་སྤེལ་དང་། གཞུང་ཞབས་པའི་དུས་རྒྱུན་གྱི་དཔྱད་ཞིབ་མཇུག་འབྲས་དེ་ལོ་འཁོར་མོའི་དཔྱད་ཞིབ་དང་མི་འདེམས་པ་དང་བཀོལ་བ། ལས་གནས་དང་འགན་རིམ་སྤར་བ། སློབ་གསོ་གསོ་སྦྱོང་། སྔོན་ལ་དཔྱད་བསྡུར་དང་ཕུལ་བྱུང་དཔྱད་བསྡུར་སོགས་ཕྱོགས་སོ་སོར་བཀོལ་ཞིང་། དམིགས་ཡུལ་གསལ་པའི་སྒོ་ནས་བྱ་དགའ་སྟེར་བ་དང་སྐུལ་ལྕག་གནང་སྟེ། གཞུང་ཞབས་པས་སྔར་བས་ལས་འགན་གཙང་མར་འཁུར་བར་ནང་གནས་སྒུལ་ཤུགས་བསྩལ།

ལམ་ལུགས་ནང་རྐྱེན་མངོན་གསལ་དུ་དོད་དེ་འགན་རིམ་སྤར་བའི་བྱ་བ་ལེགས་འཛིན་བྱས། ཁྱོན་ཡོངས་ནས་གཞུང་ཞབས་པའི་ལས་གནས་དང་འགན་རིམ་མཉམ་སྤྱོད་ལམ་ལུགས་དངོས་འབེབས་བྱས་པ་དང་། འགན་རིམ་སྤར་བའི་འགྲོ་ལམ་ཤར་གཏོང་བྱས་ཏེ་འགན་རིམ་སྤར་བའི་བར་སྟོང་རྒྱ་བསྐྱེད། དུས་ཡུན་རིང་བོར་ཞང་དང་གྲོང་རྡལ་དུ་བྱ་བ་སྒྲུབ་པའི་ཕུལ་བྱུང་གཞུང་ཞབས་པར་བསམ་བློ་བརྗེ་རེས་དང་གོ་གནས་སྤར་བའི་དུས་མཚུངས་སུ། གྲོང་གསེབ་དར་སྤེལ་དང་བདེ་འཇགས་འཛུགས་སྐྲུན། ཡིག་བསྐུར་ངོ་གཏུག་དང་བརྟན་འཇགས་སྲུང་སྐྱོབ། སྐྱེ་ཁམས་ཁོར་སྲུང་སོགས་བྲེལ་དཀའ་ཉེན་ལྕིའི་ལས་རྐང་སྟེང་བྱ་བ་སྒྲུབ་པའི་ཕུལ་བྱུང་གཞུང་ཞབས་པ་ནི་འགན་རིམ་སྤར་ཡུལ་ཐོག་མ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། དངོས་སྒྲུབ་པ་ཁེ་ཕན་ཐོབ་མཁན་དུ་འགྱུར་བར་བྱས།

ནན་འཛིན་གཅེས་སྐྱོང་རྒྱུན་འཁྱོངས་བྱས་ཏེ་གཞུང་ཞབས་པས་འགན་འཁྲི་ཁུར་དུ་ལེན་པར་སྐུལ་ལྕག་བྱས། ནན་འཛིན་དང་གཅེས་སྐྱོང་གཉིས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་དང་། སྐུལ་ལྕག་དང་གཅུན་འགོག་མཉམ་སྤྱོད་བྱེད་པ། དོ་དམ་ཁྲོད་བརྩེ་བ་ཡོད་པ་དང་བརྩེ་བའི་ཁྲོད་དོ་དམ་ཡོད་པར་བྱས་ཏེ། གཞུང་ཞབས་པའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་དངོས་གནས་སྐུལ་ལྕག་བྱས། ལས་བྱེད་པའི་འཁོར་རྒྱུག་ཁང་པ་དང་དཔེ་མཛོད་ཁང་། རིག་གནས་ལུས་སྦྱོང་ཁང་སོགས་བཙུགས་པ་དང་། གུང་གསེང་གཏོང་བ་དང་ཁམས་གསོ་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། གཞི་རིམ་གྱི་གཞུང་ཞབས་པར་སྟབས་བདེའི་བྱ་བ་དང་འཚོ་བའི་ཁོར་ཡུག་ཅིག་བསྐྲུན། གཞུང་ཞབས་པའི་ཕྱོགས་ཡོངས་དང་རྒྱུན་ལྡན་རང་བཞིན་གྱི་དོ་དམ་ལྟ་སྐུལ་ལ་རྒྱུན་མཐུད་སྒོས་ཤུགས་བསྣན་ཏེ། ཤེས་རྟོགས་བྱུང་བའི་སྤྱོད་ངན་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་དུས་ཐོག་ཏུ་གསལ་འདེབས་དང་བཅོས་བསྒྱུར་བྱས། །