ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

བྱུག་སྨན་གྱི་ཡང་དག་པའི་འབྱུག་ཐབས།

བྱུག་སྨན་གྱི་རིགས་ཐེངས་དང་པོར་སྤྱོད་དུས་སྔོན་ལ་ཚོད་ལྟ་བྱེད་དགོས།

བྱུག་སྨན་སྐྱི་པགས་ལ་མི་འཕྲོད་པའི་སྣང་ཚུལ་འབྱུང་བ་ནི་ཤིན་ཏུ་རྒྱུན་མཐོང་གི་གནད་དོན་ཞིག་ཡིན། དེ་བས་བྱུག་སྨན་གྱི་རིགས་འདེམས་པའི་སྐབས་སུ། མི་རྣམས་ཀྱིས་སོ་སོའི་ལུས་ཕུང་གི་གནས་ཚུལ་དང་སྨན་ལ་མི་འཕྲོད་པའི་ལོ་རྒྱུས་ཡོད་མེད་ལ་ཞིབ་ཏུ་བརྟག་སྟེ། རང་ལ་མི་འཕྲོད་པའི་སྨན་ལ་གཡོལ་ཐབས་བྱེད་དགོས། བྱུག་སྨན་གྱི་རིགས་ཤིག་ཐེངས་དང་པོར་བསྟེན་པ་ཡིན་ན། ལག་པའི་ཐོག་ལ་ཉུང་ཙམ་བྱུགས་ནས། དམར་ཐིགས་དང་ཟ་འཕྲུག་སོགས་འབྱུང་མིན་ལ་བརྟག་དགོས་ཤིང་། གལ་ཏེ་མི་འཕྲོད་པའི་སྣང་ཚུལ་གང་ཡང་མེད་ན་ད་གཟོད་འབྱུག་རུང་བ་ཡིན།

བསྟེན་ཚད་ཤེས་དགོས།

བྱུག་སྨན་གྱི་རིགས་ལ་ཁོང་དུ་བསྟེན་པའི་སྨན་བཞིན་བསྟེན་ཚད་བསྟེན་དུས་ཀྱི་བླང་བྱ་གསལ་པོ་ཞིག་མེད་ཀྱང་། དེ་ལའང་བསྟེན་ཚད་བརྩི་ཐབས་མེད་པ་མིན་ཏེ། ཧོའོ་སྨི5ཅན་གྱི་སྦུ་གུ་ལས་དར་མའི་མཛུབ་རྩེ་ནས་ཚིགས་པ་དང་པོའི་བར་དུ་འབྱུག་རྒྱུའི་ཚད་དེ་ལ་མཛུབ་རྩེ་གཅིག་གི་ཚད་ཅེས་སུ་འབོད་ལ། དེ་ལ་སྨན་ཁེ0.5ཙམ་ཡོད། སྤྱིར་བཏང་མཛུབ་རྩེ་གཅིག་གི་སྨན་དེ་ལག་པ་གཉིས་ལ་འབྱུག་རྒྱུར་འདང་བ་ཙམ་ཡིན། དེ་དང་མཉམ་དུ། སྐྱི་པགས་ལ་འཇུ་ལེན་ནུས་པ་ངེས་ཅན་ཞིག་ལྡན་པས། འབྱུག་ཚད་མང་བའམ་ཉུང་བ་གང་གིས་ཀྱང་སྨན་ནུས་ཐོན་པ་ལ་གེགས་བྱེད་དོ། །

འབྱུག་ཐབས།

བྱུག་སྨན་མ་བྱུགས་སྔོན་ལ། གལ་ཏེ་སྐྱི་པགས་ཀྱི་རྨ་ཤུལ་སྟུག་པོ་ཡིན་ན། སྔོན་ལ་ཆུ་དྲོ་འཇམ་གྱིས་བཀྲུས་ན་སྨན་རྫས་འཇུ་ལེན་ལ་གྲོགས་སུ་འགྲོ་བ་ཡིན། དངོས་སུ་འབྱུག་པའི་སྐབས་སུ། རྨ་ཁའི་ཆེ་ཆུང་ལྟར་མཛུབ་མོ་དང་ཡང་ན་ལག་མཐིལ་གྱིས་བྱུག་སྨན་སྐྱི་པགས་སྟེང་སྙོམས་པར་འབྱུག་པ་ནི་ཆེས་རྒྱུན་མཐོང་གི་འབྱུག་ཐབས་དེ་ཡིན། སྐབས་རེར་སྨན་སྣ་མི་འདྲ་བ་སོ་སོའི་སྨན་ནུས་ལེགས་པར་འདོན་ཆེད། རས་ཀྱིས་གཅུད་པ་དང་ཆུ་ཡིས་བྲན་པ་སོགས་ཀྱི་རམ་འདེགས་ཀྱང་བསྟེན་ཆོག་པ་ཡིན། བྱུག་སྨན་འབྱུག་བྱེད་ལ་རབ་ཡིན་ན་སྲིང་ཐུར་གྱི་རིགས་མ་སྤྱད་ན་ལེགས་ཏེ། གཅིག་ནས་བྱུག་སྨན་སྲིང་ཐུར་ལ་སིམ་ནས་བསྟེན་ཚད་ཇེ་ཉུང་དུ་འགྲོ་སྲིད་ལ། གཉིས་ནས་ལག་པས་ཕུར་མཉེ་བྱེད་བཞིན་དུ་བྱུགས་པ་ལྟ་བུའི་འཇུ་ལེན་ཡང་བྱེད་མི་ནུས་པ་ཡིན།

ལྡེ་གུའི་རིགས་བྱུགས་རྗེས། གལ་ཏེ་སྨན་གཞན་ཡང་འབྱུག་དགོས་པ་ཡིན་ན། སྤྱིར་བཏང་ཆུ་ཚོད་གཉིས་ཙམ་ལ་བསྒུགས་ནས་སྨན་ཡོངས་སུ་འཇུ་ལེན་བྱས་ཚར་བ་བྱེད་དགོས། ཡང་ན་ཉུང་མཐའ་ཡང་ཆུ་ཚོད་ཕྱེད་རིང་བསྒུགས་རྗེས་ད་གཟོད་སྨན་སྣ་གཞན་དེ་འབྱུག་དགོས་པ་ཡིན། གང་ལྟར་བྱུག་སྨན་འབྱུག་པ་ལ་སྨན་པའི་ངག་བརྩི་བ་ནི་གལ་ཆེ། རང་འདོད་ཀྱིས་བསྟེན་ཚད་འཕྲི་སྣོན་བྱེད་པ་དང་བསྟེན་ཡུན་རིང་དུ་བསྲིང་བ་ནི་མི་རིགས། གལ་ཏེ་བྱུག་སྨན་བསྟེན་པ་ལས་ནད་རྟགས་ལ་འགྱུར་བ་གང་ཡང་མི་ཐེབས་ཚེ། དུས་ཐོག་ཏུ་སྨན་པར་བློ་འདྲི་དགོས་པ་ཡིན། །(མུ་འགོད།)