ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཁྲེན་ཀང་གིས་མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། ཨོ་ལན་རྫོང་། ཚྭ་འདམ་ཆེ་བ་སྲིད་ཨུ་བཅས་སུ་བརྟག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན།

ཞིབ་བསྡུར་གྱི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་གསར་པ་གཏོད་དགོས།

ཟླ5པའི་ཚེས18ཉིན་ནས་ཚེས20ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་མཚོ་ནུབ་ཁུལ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། ཨོ་ལན་རྫོང་། ཚྭ་འདམ་ཆེ་བ་སྲིད་ཨུ་བཅས་སུ་སོང་ནས་བརྟག་ཞིབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དཔྱིས་ཕྱིན་པར་སློབ་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པ་དང་ཐོན་ལས“གནས་བཞི”སྐྲུན་པར་དམ་པོར་དམིགས་ཏེ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་འདྲེས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་གསར་པ་ཧུར་ཐག་གིས་གཏོད་དགོས་པ་ནན་གྱིས་བསྟན།

ཁྲེན་ཀང་གཏེར་ལེན་ཁ་ཞིང་སྦོལ་རིག་གནས་དངོས་མང་བཤམས་སྟོན་ཁང་དང་ཨོ་ལན་རྫོང་ཚྭ་ཁ་གྲོང་རྡལ་དཔལ་ཡོན་སྡེ་བ། ཏུའུ་ལན་རྫོང་ཆུ་དཀར་ཐང་གྲོང་རྡལ་ཧྲང་ཐན་སྡེ་བ་ཤར་མ་བཅས་སུ་སོང་ནས། དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་པའི་དུས་མགོའི་གཏེར་ལེན་ཁའི་ཞིང་ར་གསར་འབྱེད་དང་འཛུགས་སྐྲུན་བྱས་པའི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱས་ཤིང་། གནས་སྤོར་བྱས་རྗེས་ཀྱི་ཐོན་ལས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱས་ལ། ས་གནས་དེ་གའི“དམངས་སྲོལ་ཁང་པའི་དཔལ་འབྱོར”དང“རྒྱལ་ལམ་དཔལ་འབྱོར”གྱི་བྱེད་སྟངས་ལ་ཁས་ལེན་གནང་ཞིང་། རྒན་རབས་པའི“ཞིང་པ་རྒན་པ”ཡི་དཀའ་སྤྱད་སྙིང་རུས་དང་སྒེར་སེམས་མེད་པའི་གསོལ་འབུལ་གྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་དང་ཏང་ཡོན་གདོང་ལེན་པའི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་གྲོང་གསེབ་དར་སྤེལ་གྱི“འགུལ་སྐྱོད་ཆེན་མོ་བརྒྱད”ལག་བསྟར་ལེགས་པོ་བྱེད་པ་བཅས་ཀྱིས། སྡེ་སྲོལ་དམངས་ཆིངས་དང་ཆེད་ལས་དཔུང་སྡེས་ཐོན་ལས་རིམ་ལྡན་ཡོང་བ་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྣེ་ཁྲིད་དགོས་པ་ནན་གྱིས་བསྟན། “ཡར་ལངས་དམག་འཁྲུག”མཐའ་གཅིག་ཏུ་རྒྱལ་དགོས་ལ། ཚུར་སློག་གནད་དོན་དག་ཐེར་དང་དངོས་འབེབས་བྱེད་པར་ནུས་ལྡན་འབྲས་ལྡན་སྒོས་སྐུལ་འདེད་གཏོང་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ནུས་ལྡན་སྒོས་སྦྲེལ་མཐུད་བྱེད་པར་སྟོབས་ཤུགས་ཆེན་པོས་སྐུལ་སྤེལ་བྱེད་དགོས།

ལོ་འདི་འགའི་རིང་ལ་མིང་དུ་གྲགས་པའི་ཀན་སུའུ་ནས་ཚྭ་འདམ་ཆེ་བའི་བར་གྱི་ལམ་ཐིག་ཏུ། མཚོ་ནུབ་ཁུལ་གྱི་སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ཉམས་འགྱུར་དང་མི་ཆོས་ལོ་རྒྱུས་ཡོད། ཚྭ་ཁ་མཚེའུའི་ལྗོངས་ཁུལ་དང་ཏུའུ་ལན་ཆུ་ཁོལ་བང་སོ། བུའུ་སུའུ་ཐེ(ཆུ་སྟེང)མཛེས་ལྗོངས་ཁུལ། ཚྭ་འདམ་ཆེ་བའི་མ་གད་མཚོ་བཅས་སུ། ཁྲེན་ཀང་གིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དང་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྤྱི་གླིང་འཆར་འགོད་འཛུགས་སྐྲུན། བརྐོས་ཤུལ་སློག་ཤུལ་བཅོས་སྐྱོང་གནས་ཚུལ་བཅས་ལ་ལྟ་ཞིབ་བྱས་ཤིང་། སྔོན་ཐོན་ཉམས་མྱོང་མིག་དཔེར་འཛིན་པ་དང་ཡུལ་སྐོར་གཏམ་རྒྱུད་ལེགས་པོར་བརྗོད་དེ། འཁོར་སྐྱོད་ཚོང་གཉེར་དོ་དམ་ཇེ་དྲག་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བཏང་སྟེ། བློ་རྩེ་གཅིག་སྒྲིམ་གྱིས་ཡུལ་སྐོར་པ་གསོ་སྐྱོང་དང་སེམས་ཞིབ་མོས་ལྗོངས་ཁུལ་སྐྲུན་པ་དང་། ཡུལ་སྐོར་གསར་འབྱེད་དང་སྐྱེ་ཁམས་སྐྲུང་སྐྱོབ། རིག་དངོས་སྲུང་སྐྱོབ་བཅས་ཀྱི་འབྲེལ་བ་ཐག་གཅོད་ལེགས་པོ་བྱས་ཏེ། གོམ་པ་རེ་རེ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་རིགས་སྒྱུར་རིམ་འཕར་བྱེད་པར་སྐུལ་སྤེལ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་གནས་སྐྲུན་དགོས་པ་ནན་གྱིས་བསྟན།

མཚོ་ནུབ་ཁུལ་གྱི་ཐོན་ལས་གཞི་རྒྱུ་ཆ་ཚང་ཞིང་། འཕེལ་རྒྱས་ཀྱི་ཡིབ་ཤུགས་ཤིན་ཏུ་ཆེ། ཁྲེན་ཀང་སྔ་ཕྱིར་མཚོ་སྔོན་ཁུ་ནུ་གསེར་ཚད་ཡོད་ཀུང་སི་དང་མཚོ་སྔོན་ཐེ་ཅི་ནར་ཤར་མ་ལིའི་ཐོན་ཁུངས་མ་རྐང་ཚད་ཡོད་ཀུང་སི། མཚོ་སྔོན་ཀྲུང་ཞིན་རྒྱལ་བདེ་ལི་རིགས་འཕེལ་རྒྱས་ཚད་ཡོད་ཀུང་སི། ཀྲུང་ཀུང་ཉིང་རྡུལ་ཉི་ནུས་གཏེར་ལེན་ཁ་ཚད་ཡོད་ཀུང་སི། པེ་ཅིན་ཐུན་རིན་ཐང་བདེ་ཐང་སྨན་རིགས(མཚོ་སྔོན)ཚད་ཡོད་ཀུང་སི། ཀྲུང་ཡན་མཚོ་སྔོན་ཁུ་ནུ་ཚྭ་རིགས་ཚད་ཡོད་ཀུང་སི། མཚོ་སྔོན་པུན་ཧྲང་རྩྭ་ལས་ཚད་ཡོད་ཀུང་སི་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་ནན་པོ་གོང་འཕེལ་ནུས་ཁུངས་གསར་པ་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ཀན་ཧྥེང་ལི་རིགས་ཚད་ཡོད་ཀུང་སི་བཅས་སུ་སོང་ནས། འཁོར་ཁང་དང་ཐོན་སྐྱེད་བྱེད་སར་གནས་ཚུལ་ལ་ཉན་ཞིང་ཐོན་རྫས་ལ་བལྟས་པ་དང་། ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་ནས་ཚུར་སློག་བྱས་པའི་དཀའ་གནད་ཐག་བཅད། ཁེ་ལས་འཕེལ་རྒྱས་གཏོང་ན་ཁོར་སྲུང་གཙིགས་སུ་འཛིན་དགོས་པ་དང་བདེ་འཇགས་རྨང་གཞི་ཡིན་པ། སྤུས་ཚད་རྩ་བ་ཡིན་པ། གསར་སྐྲུན་བླ་སྲོག་ཡིན་པར་བྱས་ནས། ཐོན་ཁུངས་དང་ནུས་ཁུངས། མཐོ་སྒང་གི་ལེགས་ཆ་བཅས་ལ་རྐང་བཙུགས་ཏེ། འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་དམ་འཛིན་བྱེད་པ་དང་། ལེགས་བསྡུས་གྲོན་ཆུང་དང་ལུགས་མཐུན་གསར་འབྱེད་བྱས་ཏེ། རང་སྟེང་གི་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྤྱི་ཡོངས་སུ་སིམ་པར་བྱེད་དགོས་པ་ནན་གྱིས་བསྟན། ཏང་ཨུ་སྲིད་གཞུང་གིས“ཁེ་ལས་ལ་རོགས་འདེགས་དང་ཁེ་ལས་ལ་དྲོད་ཁོལ་སྦྱིན་པའི་དཔྱིད་རླུང་བྱ་འགུལ”གཏིང་ཟབ་ཏུ་སྤེལ་ཏེ། ཁེ་ལས་འཕེལ་རྒྱས་རྒྱ་ཆེར་ཡོང་བ་དང་ཇེ་ལེགས་ཇེ་རྒྱས་སུ་གཏོང་བར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཟམ་པ་འདིང་དགོས། ཚྭ་འདམ་གཞུང་ལས་རིགས་ལག་རྩལ་སློབ་གྲྭ་རུ། ཁྲེན་ཀང་གིས“ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས”ཀྱི་བྱེད་ཐབས་ལ་བསྟོད་བསྔགས་བྱས་པ་དང་། ལས་རིགས་སློབ་གསོ་སྔར་ལས་ལྷག་པའི་སྒོ་ནས་ལེགས་པོར་བསྒྲུབས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཐད་སྤུས་ཚད་མཐོ་བའི་ཉེར་སྤྱོད་རང་བཞིན་གྱི་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་པ་ནན་གྱིས་བསྟན།

ཀྲུའུ་ཞང་ཧྥེང་བརྟག་ཞིབ་ལ་ཞུགས།།