ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྐང་ཚ་རྫོང་གིས“གོ་རིམ་བཞི”ལེགས་འཛིན་བྱས་ཏེ་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་བྱེད་པའི་གྲུབ་འབྲས་ཇེ་མཐོར་བཏང་བ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་དག་ཐེར་བྱེད་པ་དེ་རྩ་འཛུགས་དར་སྤེལ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བའི་བྱེད་ཐབས་ནུས་ལྡན་དུ་བརྩིས་པ་དང་། “གོ་རིམ་བཞི”ལེགས་འཛིན་བྱས་ཏེ། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཁྱོན་ཡོངས་ནས་ཡར་ཐོན་དང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བྱས།

རྩད་སློག་ཁུངས་འདེད་ཀྱིས“ནད་གཞིར”ཞིབ་བཤེར་བྱས་པ་དང་། ཁྱོན་ཡོངས་ནས་འཚག་བཤེར་བྱས་ཏེ་ནད་གཞི་གཏན་འཁེལ་བྱས་པ། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས་ཀྱི་ཚན་ཆེན་རིགས3དང་ཞིབ་ཕྲའི་མཚོན་སྟངས་རིགས11ལ་བསྡུར་བ་བྱས་པ་དང་། རྫོང་ཡོངས་ཀྱི་སྡེ་བ31གི་ཏང་རྩ་འཛུགས་སྡེ་བ་ལྟར་རེ་རེ་བཞིན་ཞིབ་གཅོད་བྱས་ལ། ནུས་མེད་ཟབ་ཟོབ་ཀྱི་སྡེ་བ་རིམ་པའི་ཏང་རྩ་འཛུགས3གནད་དུ་འཁེལ་བར་གཏན་འཁེལ་བྱས་པར་མ་ཟད། རེ་རེ་བཞིན་རིགས་དབྱེ་ནས་རིམ་པ་གཏན་འཁེལ་དང་ཐོ་གཞུང་བཟོས་ནས། དག་ཐེར་མཐོར་འདེགས་ལ་རྨང་གཞི་བརྟན་པོ་བཏིང་།

ནད་གཞིར་བརྟེན་ནས“སྨན་ཐོ”བྲིས་པ་དང་། གནད་ཁེལ་སྨན་བཅོས་བྱས་ཏེ་ཕན་འབྲས་ལེགས་འཛིན་བྱས་པ། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ལམ་ལུགས་འགན་ལེན་ལེགས་འཛིན་དང“1+1”ཆ་སྒྲིག་རོགས་སྐྱོར་ནང་རྐྱེན་བཙུགས་ཏེ། “ལུས་ལ་བརྟགས་ནས”དག་ཐེར་ཇུས་གཞི་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། “གནད་དོན་ཞིབ་ཐོ”རེ་རེ་བཞིན་གུང་བསྒྲིགས་པ། “གསབ་སྦྱོང”རྩིས་ཐོ་རེ་རེ་བཞིན་བཙུགས་པར་མ་ཟད། “སྲོག་ཤིང་གཅིག་དང་རུ་ཁག་ལྔའི་དར་སྤེལ་ལ་སྐུལ་འདེད”བྱེད་པའི་བྱ་བ་སྒྲུབ་ཐབས་འགན་སྲུང་དུ་བྱས་ཤིང་། ཁྱོན་ཡོངས་ནས་རོགས་སྐྱོར་ཤུགས་ཚད་ལ་ཤུགས་བསྣན་ཏེ། འཐབ་འཛིང་བཙན་རྫོང་གི་ནུས་པ་ཇེ་མཐོར་བཏང་།

ཕྱོགས་མང་མཉམ་འགུལ་སྒོས“ནད་ཀྱི་རྩ་བ”འཇོམས་པ་དང་། རྨང་གཞི་བརྟན་པོར་བཏང་ནས་མི་འདང་ས་གསབ་པ། “གཅིག་ཅན་བཞི”ཡི་རོགས་སྐྱོར་ནང་རྐྱེན་དངོས་འབེབས་བྱས་པ་དང་། “ཟླ་རེར་བཀོད་གཏོང་རེ་དང་ཟླ་རེར་ཕྱོགས་བསྡོམས་རེ”ཡི་བྱ་བ་སྒྲུབ་སྟངས་རྒྱུན་འཁྱོངས་བྱས་ལ། རིགས་སོ་སོའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པར་མ་ཟད། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག” ཏང་ཡོན་བརྟན་འཇགས་བྱ་འགུལ་ཉིན་མོ་སོགས་ལ་ཟུང་འབྲེལ་བྱས་ཤིང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། སྒྲིག་ཁྲིམས། ཁྲིམས་ཁྱབ་ཉེན་བརྡ་སློབ་གསོ་བཅས་ལ་ཤུགས་བསྣན་པས། མིག་སྔར་རྫོང་ཡོངས་ཀྱི་སྡེ་བ་སོ་སོའི་ཐུན་མོང་དཔལ་འབྱོར་སྒོར་ཁྲི20ཡན་ལ་སླེབས།

དཔྱད་དཔོག་ནན་མོས“སྨན་ནུས”སྲུང་བ་དང་། སྒྲིག་ཡིག་དང་ལམ་ལུགས་བཙུགས་ནས་མཐོར་འདེགས་ལ་སྐུལ་འདེད་བྱས་པ། དག་ཐེར་ལྡོག་སྐུལ་ནང་རྐྱེན་བཙུགས་ཏེ། “གསལ་ཞུ་དང་དཔྱད་འཇོག ཞིབ་བཤེར། བཅར་འདྲི”བཅས་རིམ་པ་བཞི་ཡི་ཞིབ་བཤེར་རྩིས་ལེན་བྱེད་ཐབས་དང“དཔོན་པོ་དང་པོས་ལེགས་འཛིན་བྱེད་པ”དང“དཔོན་པོ་དང་པོ་ལེགས་འཛིན་བྱེད་པའི”བྱ་བའི་འགན་འཁྲི་དངོས་འབེབས་བྱས་པ་དང་། སྡེ་བའི་ཏང་རྩ་འཛུགས་ལ“སྐར་རིམ་ཅན”གྱི་དཔྱད་ཞིབ་ལག་བསྟར་བྱས་ལ། རྫོང་དང་ཞང་། སྡེ་བའི(སྡེ་ཁུལ)ཏང་འཛུགས་སྐྲུན་བྱ་བའི་ཆེད་དམིགས་མ་དངུལ་སྒོར་ཁྲི387གཏོང་སྤྲོད་བྱས་ཐོག ནུས་ཤུགས་གང་ཡོད་སྒོས་སྡེ་བ་རིམ་པའི་བྱ་བ་སོ་སོའི་གྲོན་དངུལ་གྱི་འགྲོ་སོང་ལ་འགན་སྲུང་བྱས་ཏེ། སྡེ་བའི་མགོ་ཁྲིད་ཚན་ཆུང་གི་ལས་སྒྲུབ་ནུས་པ་ཇེ་མཐོར་བཏང་། །