ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པད་མ་རྫོང་གིས“རིམ་པ་གསུམ་སྤར”ཏེ“མཐའ་གཅིག་གཉིས”ཀྱི་རྩ་འཛུགས་ལས་བྱེད་དམག་དཔུང་བསྐྲུན་པ།

ཏང་ནན་གྱིས་སྐྱོང་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། རྩ་འཛུགས་མ་ལག་གི་རང་སྟེང་འཛུགས་སྐྲུན་ལ་ནན་གྱིས་ཤུགས་སྣོན་ཆེད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་འགན་ཁུར་པ་གཙོ་བོའི་བྱས་འབྲས་གཙོ་བོར་དམིགས་པ་དང་། “རིམ་པ་གསུམ”སྤར་བ་བརྒྱུད་རྩ་འཛུགས་ལས་བྱེད་པའི་ལས་སྐྲུན་ལས་གཏོད་ཀྱི་སྤོབས་པ་རྒྱུན་མཐུད་སྒོས་མཐོར་འདེགས་དང་། ནུས་ཤུགས་གང་ཡོད་སྒོས་ཡོན་ཏན་ལྡན་ལ་སྤྱོད་གོ་ཆོད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ། རྩལ་ནུས་མཐོ་བའི“མཐའ་གཅིག་ཏུ་བློ་དཀར་བ་དང་མཐའ་གཅིག་ཏུ་བློ་ཁེལ་བའི”རྩ་འཛུགས་ལས་བྱེད་པའི་དམག་དཔུང་གསར་སྐྲུན་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་ནུས་ཤུགས་ཇེ་མཐོར་གཏོང་བའི་ལེའུ་གསར་པ་རང་ནུས་གང་ཡོད་ཀྱིས་བྲིས།

སློབ་སྦྱོང་གི“ཟབ་ཚད”ཇེ་མཐོར་གཏོང་ཆེད། ཆེད་ལས་དཔུང་སྡེ་གསར་སྐྲུན་བྱས་པ། པད་མ་རྫོང་གིས་པུའུ་ཡི་ལས་དོན་ལྷན་ཚོགས་དང་གཟའ་རེའི་གྲོས་ཚོགས།“སློབ་བརྩོན་རྒྱལ་སྟོབས།” མཚོ་སྔོན་ལས་བྱེད་དྲ་ལམ་སློབ་གླིང་། རྩ་འཛུགས་ལས་བྱེད་པའི་སློབ་ཁང་ཆེན་མོ་སོགས་ཀྱི་སྟེགས་བུ་སྤྱད་ཅིང་། མི་སྒེར་གྱི་རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཐབས་ཀྱིས། རྩ་འཛུགས་ལས་བྱེད་པས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་བའི་ཆབ་སྲིད་ཀྱི་གཤིས་སྤྱོད་སྟོབས་ཤུགས་གཅིག་སྒྲིལ་གྱིས་གསར་སྐྲུན་བྱས། ན་ནིང་གཅིག་བསྡུས་སློབ་སྦྱོང་ཐེངས40ལྷག་ལ་སྤེལ་བ་དང་། ལས་བྱེད་སློབ་སྦྱོང་ཟིན་བྲིས་ཡིག་འབྲུ་ཁྲི2ལྷག་ལ་སླེབས་པར་མ་ཟད། མྱོང་ཚོར་ཡི་གེ30བྲིས་ལ། རྩ་འཛུགས་ལས་བྱེད་པའི་གསར་འགྱུར་རྒྱས་བསྡུས280རྩོམ་སྒྲིག་བྱས་ཏེ་སྤེལ། རྩ་འཛུགས་ལས་བྱེད་པའི་འབྲེལ་ཡོད་གཏན་འབེབས་ལ་དམིགས་ཏེ། 《རྩ་འཛུགས་ལས་བྱེད་པའི་ལས་སྒོ་ཤེས་བྱ་ཕྱོགས་བསྒྲིགས》སྒྲིག་བཟོ་གཏན་འབེབས་བྱས་པ་དང་། རྩ་འཛུགས་ལས་བྱེད་པའི་གཞུང་ལུགས་ཤེས་བྱའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་བ་དང་སྦྲགས། རྩ་འཛུགས་ལས་བྱེད་པ་ཡོངས་རེས་སྐོར་ནས་སློབ་ཁང་དུ་སྐྱོད་པ་དང་ཚན་ཁག་སོ་སོའི་མི་སྣའི་བློ་གཅིག་སེམས་གཅིག་གིས་གྲ་སྒྲིག་བྱེད་པར་རྩ་འཛུགས་བྱས་ཤིང་། ཆབ་སྲིད་གཞུང་ལུགས་དང་སྲིད་ཇུས་ཁྲིམས་སྲོལ། དགོངས་དོན་ཡིག་ཆ། ལས་སྒོ་ཤེས་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས་མྱོང་རོལ་བྱས། བློ་སེམས་རྩེ་གཅིག་གིས་ཉམས་མྱོང་སློབ་ཁྲིད་དང་ལས་སྒོ་སློབ་ཁྲིད་ལེགས་པོ་བྱེད་པ་དང་ཆབས་ཅིག་ཏུ། རྩ་འཛུགས་པུའུ་ཡིས་ད་དུང་བློ་རིག་བཀྲ་བའི་ན་གཞོན་ལས་བྱེད་པ་བདམས་ཏེ། ཁྲིད་སྟེགས་སུ་བྱ་བའི་ཁྲོད་ཀྱི་གསར་སྐྲུན་བྱེད་ཐབས་དང་ཉམས་མྱོང་སློབ་ཁྲིད་བྱེད་དུ་བཅུག་ནས། གཅིག་བསྡུས་སློབ་སྦྱོང་གི་རྣམ་པ་དང་ནང་དོན་ཕུན་ཚོགས་སུ་བཏང་ལ། སློབ་སྦྱོང་གི་སྟབས་བསྟུན་རང་བཞིན་དང་གསོན་ཤུགས་རང་བཞིན་ཡང་ཇེ་མཐོར་བཏང་།

གཞན་ཡང་། པད་མ་རྫོང་རྩ་འཛུགས་པུའུ་ཡིས་ད་དུང“དཔྱད་བསྡུར་གདེང་འཇོག”ཅེས་པའི་ཉིན་རྒྱུན་སློབ་སྦྱོང་གི་དཔྱད་བསྡུར་ནང་རྐྱེན་བཙུགས་པ་དང་།“གཟའ་རེའི་སློབ་ཁྲིད་དང་ཟླ་རེའི་དཔྱད་བསྡུར། དུས་ཚིགས་རེའི་དཔྱད་ཞིབ”བཅས་ཀྱི་དཔེ་དབྱིབས་ལ་བརྟེན་ནས། རྩ་འཛུགས་ལས་བྱེད་པའི་བྱང་ཚད་ལྡན་པའི་ལས་སྒོའི་རྩལ་ནུས་སྦྱོང་བརྡར་བྱས་པ་དང་། ལས་ཁུངས་ཀྱི་ལས་སྒོ་ཡོངས་ཀྱི་ཆུ་ཚད་ཇེ་མཐོར་བཏང་སྟེ། རྩ་འཛུགས་སྡེ་ཁག་རང་སྟེང་གི་འཛུགས་སྐྲུན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་བྱས། །