ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་དོན་ཨུ་ཡོན་གྱི་ལོ་རྒྱུས་མདོར་བསྡུས།

ལི་ཧྲང་ཧྥུ།
ཝང་ཞའོ་ཧུང་།
ཝུའུ་ཀྲེང་ལུང་།
ཧྲེན་དབྱི་ཆིན།
ཆིན་ཀང་།

ལི་ཧྲང་ཧྥུ། ཕོ། རྒྱ་རིགས། 1958ལོའི་ཟླ2པར་སྐྱེས། ཅང་ཞི་ཞིང་ཀུའོ་ཡི་མི་ཡིན། 1974ལོའི་ཟླ5པར་བྱ་བར་ཞུགས། 1982ལོའི་ཟླ8པར་དམག་ལ་ཞུགས། 1980ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཁྲུང་ཆིང་སློབ་ཆེན་གྱི་ཚོད་འཛིན་གཞུང་ལུགས་དང་ཚོད་འཛིན་བཟོ་སྐྲུན་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། བཟོ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། རྒྱལ་སྲུང་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཤིང་། སྐམ་དམག་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བླངས་ཡོད།

ཝང་ཞའོ་ཧུང་། ཕོ། རྒྱ་རིགས། 1957ལོའི་ཟླ7པར་སྐྱེས། ཧྥུ་ཅན་ཧྥུ་ཀྲོའུ་ཡི་མི་ཡིན། 1974ལོའི་ཟླ7པར་བྱ་བར་ཞུགས།1982ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ངམ་ཏང་ཨུའི་ཧྲུའུ་ཅི། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། སྤྱི་ཁྱབ་ཉེན་རྟོག་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་ཡོད།

ཝུའུ་ཀྲེང་ལུང་། ཕོ། རྒྱ་རིགས། 1964ལོའི་ཟླ11པར་སྐྱེས། ཅང་སུའུ་ནན་ཅིན་གྱི་མི་ཡིན། 1984ལོའི་ཟླ8པར་བྱ་བར་ཞུགས། 1987ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཐའེ་ཡོན་འཕྲུལ་ཆས་སློབ་གླིང་གི་འཕྲུལ་ཆས་བཟོ་སྐྲུན་སྡེ་ཁག་འཕྲུལ་ཆས་སྒྲིག་བཟོ་བཟོ་རྩལ་དང་སྒྲིག་ཆས་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། མཐོ་རིམ་བཟོ་སྐྲུན་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོའམ་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

ཧྲེན་དབྱི་ཆིན། མོ། པའེ་རིགས། 1959ལོའི་ཟླ12པར་སྐྱེས། ཀོས་ཀྲོའུ་ཀྲི་ཅིན་གྱི་མི་ཡིན། 1977ལོའི་ཟླ3པར་བྱ་བར་ཞུགས། 1985ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ་ཞིབ་འཇུག་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།

ཆིན་ཀང་། ཕོ། རྒྱ་རིགས། 1966ལོའི་ཟླ3པར་སྐྱེས། ཧོ་པེ་ཧོའེ་ལའེ་ཡི་མི་ཡིན། 1988ལོའི་ཟླ8པར་བྱ་བར་ཞུགས། 1986ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། རྒྱལ་སྤྱིའི་འབྲེལ་བ་རིག་པའི་སློབ་གླིང་རྒྱལ་སྤྱིའི་ཆབ་སྲིད་སྡེ་ཁག་རྒྱལ་སྤྱིའི་ཆབ་སྲིད་ཆེད་ལས་ནས་སློབ་མཐར་ཕྱིན། སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཏང་ཙུའུ་ཁོངས་མི། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་ཡོད། །ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།