ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཏིང་ཞུའེ་ཞང་།
ཧོ་ལི་ཧྥེང་།
ཀྲང་ཀུའོ་ཆིང་།
ལིའུ་ཀུའོ་ཀྲུང་།

ཏིང་ཞུའེ་ཞང་། ཕོ། རྒྱ་རིགས། 1962ལོའི་ཟླ9པར་སྐྱེས། ཅང་སུའུ་ནན་ཐུང་གི་མི་ཡིན། 1982ལོའི་ཟླ8པར་བྱ་བར་ཞུགས། 1984ལོའི་ཟླ10པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧྥུ་ཏན་སློབ་ཆེན་གྱི་དོ་དམ་སློབ་གླིང་སྲིད་འཛིན་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། རྩ་བའི་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད། དགེ་རྒན་ཆེན་མོ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

ཧོ་ལི་ཧྥེང་། ཕོ། རྒྱ་རིགས། 1955ལོའི་ཟླ2པར་སྐྱེས། ཀོན་ཏུང་ཞིང་ཉིང་གི་མི་ཡིན། 1973ལོའི་ཟླ8པར་བྱ་བར་ཞུགས། 1981ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཞ་མོན་སློབ་ཆེན་གྱི་ནོར་སྲིད་དངུལ་རྩ་སྡེ་ཁག་གི་ནོར་སྲིད་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།

ཀྲང་ཀུའོ་ཆིང་། ཕོ། རྒྱ་རིགས། 1964ལོའི་ཟླ8པར་སྐྱེས། ཧོ་ནན་ལུའོ་ཧྲན་གྱི་མི་ཡིན། 1985ལོའི་ཟླ9པར་བྱ་བར་ཞུགས། 1984ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཆིང་ཧྭ་སློབ་ཆེན་གྱི་དཔལ་འབྱོར་དོ་དམ་སློབ་གླིང་གྲངས་ཚད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད་ལ། ཞིབ་འཇུག་པ་རིམ་པའི་མཐོ་རིམ་བཟོ་སྐྲུན་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད།

ལིའུ་ཀུའོ་ཀྲུང་། ཕོ། རྒྱ་རིགས། 1962ལོའི་ཟླ7པར་སྐྱེས། ཧེ་ལུང་ཅང་ཝང་ཁུའེ་ཡི་མི་ཡིན། 1982ལོའི་ཟླ8པར་བྱ་བར་ཞུགས། 1986ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཧར་པིན་བཟོ་ལས་སློབ་ཆེན་གྱི་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་སྡེ་ཁག་གནོན་ཤུགས་ལས་སྣོན་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། བཟོ་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད་ལ། ལས་རོགས་བཟོ་སྐྲུན་པ་ཡིན།

ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཏང་ཙུའུ་ཁོངས་མི་བཅས་ཀྱི་འགན་བཞེས་ཡོད། །

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།