ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་དཔོན་བཅས་ཀྱི་ལོ་རྒྱུས་མདོར་བསྡུས།

རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལིའུ་ཅིན་ཀུའོ།ལིའུ་ཅིན་ཀུའོ། ཕོ། རྒྱ་རིགས། 1955ལོའི་ཟླ4པར་སྐྱེས། ཧོ་པེ་ཁྲང་ལིའི་མི་ཡིན། 1976ལོའི་ཟླ12པར་བྱ་བར་ཞུགས་ཤིང་། 1975ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས་བླངས་ཡོད།ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་སྤྱི་ཁྱབ་ལྟ་ཞིབ་པ་བཅས་ཀྱི་འགན་བཞེས་ཡོད།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཀྲང་ཅུན།ཀྲང་ཅུན། ཕོ། རྒྱ་རིགས། 1956ལོའི་ཟླ10པར་སྐྱེས། ཧྲན་ཏུང་པོ་ཞིང་གི་མི་ཡིན། 1973ལོའི་ཟླ1པར་བྱ་བར་ཞུགས། 1974ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་གོའི་མི་དམངས་སློབ་ཆེན་བཅའ་ཁྲིམས་སྡེ་ཁག་ཉེས་ཁྲིམས་ཆེད་ལས་ནས་མཐར་ཕྱིན་པ་དང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་ཁྲིམས་ལུགས་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་ཡོད།ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཏང་ཙུའུ་ཧྲུའུ་ཅི། འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་བཞུགས་ཁྲིམས་དཔོན་ཆེན་མོ་བཅས་ཀྱི་འགན་བཞེས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། ཡིང་ཡུང་།ཡིང་ཡུང་། ཕོ། རྒྱ་རིགས། 1957ལོའི་ཟླ11པར་སྐྱེས། ཀྲེ་ཅང་ཞན་ཅུས་ཀྱི་མི་ཡིན། 1976ལོའི་ཟླ12པར་བྱ་བར་ཞུགས། 1979ལོའི་ཟླ4པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲེ་ཅང་སློབ་ཆེན་སྲིད་འཛིན་དོ་དམ་རིག་པའི་ཆེད་ལས་ནས་མཐར་ཕྱིན། ལས་ཐོག་སློབ་ཆེན་བསླབ་རིམ་ལྡན་པ་དང་ཁྲིམས་ལུགས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས་ཡོད།ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དང་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། དབུ་བཞུགས་ཞིབ་དཔྱོད་དཔོན་བཅས་ཀྱི་འགན་བཞེས་ཡོད།ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།