ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པའི་ལོ་རྒྱུས་མདོར་བསྡུས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲང་ཡིའུ་ཞ།ཀྲང་ཡིའུ་ཞ།ཕོ།རྒྱ་རིགས།1950ལོའི་ཟླ7པར་སྐྱེས། ཧྲའན་ཞི་ཝེ་ནན་གྱི་མི་ཡིན།1968ལོའི་ཟླ12པར་དམག་ནང་དུ་ཞུགས་ཤིང་།1969ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།དམག་དོན་སློབ་གླིང་གི་གཞི་རྩའི་མ་ལག་སྡེ་ཁག་ནས་མཐར་ཕྱིན། ཆེད་སྦྱོང་སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན།ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་།ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་ཡོད་ལ།སྐམ་དམག་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བླངས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཧོ་ཝེ་ཏུང་།ཧོ་ཝེ་ཏུང་། ཕོ། རྒྱ་རིགས། 1957ལོའི་ཟླ5པར་སྐྱེས། ཅང་སུའུ་ཏུང་ཐའེ་ཡི་མི་ཡིན། 1972ལོའི་ཟླ12པར་དམག་ནང་དུ་ཞུགས་ཤིང་། 1978ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས་བླངས་ཡོད།ད་ལྟ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་གུང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་ཡོད་ལ། སྐམ་དམག་ཧྲང་ཅང་དམག་དཔོན་གྱི་གོ་རྟགས་བླངས་ཡོད། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།