ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་བདམས་ཤིང་།

ཝང་ཧུའུ་ཉིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བ།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚེས10ཉིན་གྱི་ཕྱི་དྲོར་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་པ་བདམས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་པ་དང་། གྲོས་ཚོགས་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ23དུས་མཉམ་དུ་བདམས་ཐོན་བྱུང་།

འདེམས་བསྐོའི་མཇུག་འབྲས་སྒྲོག་འདོན་མ་བྱས་གོང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་ཝང་དབྱང་ཚོགས་ཆེན་གྱི་ཚོགས་རར་ཕེབས་ཏེ། བདམས་ཐོན་འབྱུང་ལ་ཉེ་བའི་སྐབས་གསར་པའི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྟེན་འབྲེལ་ཞུས། གྲོས་ཚོགས་ཀྱི་མགོ་འཛིན་པས་ཝང་ཧུའུ་ཉིང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིར་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་བྱས་རྗེས། ཝང་དབྱང་ཡར་བཞེངས་ཏེ་རྟེན་འབྲེལ་ཞུས་ཤིང་། ཝང་ཧུའུ་ཉིང་དང་སྤྲོ་སེམས་འཁོལ་བའི་ངང་ནས་ཕྱག་འཇུ་མཛད་ལ། ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲ་ཡུན་རིང་དུ་གྲག

གྲོས་ཚོགས་ཀྱིས་བདམས་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་རྣམས་ནི། ཧྲི་ཐའེ་ཧྥེང་དང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལིའང་ཀྲེན་ཡིང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་བཅས་རེད།

གྲོས་ཚོགས་ཀྱིས་ཝང་ཏུང་ཧྥེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་འདེམས་བསྐོ་བྱས་པར་མ་ཟད། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན299བདམས་ཐོན་བྱུང་།

གྲོས་ཚོགས་ནི་ཕྱི་དྲོའི་དུས་ཚོད3པར་མི་དམངས་ཚོགས་ཁང་ཆེན་མོ་རུ་འཚོགས་པ་དང་། ཧྲི་ཐའེ་ཧྥེང་གིས་མགོ་འཛིན་མཛད། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ཁྱོན་བསྡོམས2169ཡོད་པ་དང་། དངོས་སུ་ཕེབས་པའི་ཨུ་ཡོན2125ཡོད་པས། འདེམས་བསྐོའི་གཏན་འབེབས་མི་གྲངས་དང་མཐུན་ཡོད། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།