ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས་དང་སྐུལ་འདེད་གསུམ”གྱི་སྒྲོག་འགྲེལ་བྱ་འགུལ་ཏན་ཏིག་གིས་སྤེལ་བ།

རྨ་ཆེན་རྫོང་སྡོམ་ཁོག་ཞང་གིས་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས་དང་སྐུལ་འདེད་གསུམ”གྱི་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་ཚུན་དུ། སྡོམ་ཁོག་ཞང་གིས་ཏང་འཛུགས་སྐྲུན་ལ་བརྟེན་ནས“སྦྲེལ་བཞི་རྒྱུགས་གསུམ”གྱིི་བྱ་བའི་ནང་རྐྱེན་ལག་བསྟར་དངོས་འབེབས་བྱེད་པ་དེ་འཛིན་ལུང་དུ་བརྩིས་ཏེ། མང་ཚོགས་ཀྱི་ཉན་འདོད་མཐོང་སྤྲོ་ཡི་རྣམ་པ་བརྒྱུད། སྡེ་བ་དང་ཧྲེ་སོ་སོ་དང་འབྲོག་ཁྱིམ་རེ་རེར་སོང་ཞིང་། ཁ་ཐུག་ངོ་ཐུག་དང་སེམས་པ་གཅིག་སྦྲེལ་གྱིས་སྒྲོག་འགྲེལ་བྱ་འགུལ་སྤེལ་བས། ཞང་ཡོངས་ཀྱི་མངའ་ཁོངས་སུ་སྒྲོག་འགྲེལ་གྱི་ཚ་རླབས་ཤིག་འཕྱུར།

སློབ་སྦྱོང་དང་སློབ་གསོའི“སྤྱིའི་དམག་འཐབ”ལེགས་པོར་བརྒྱབ་སྟེ། མགོ་ལེགས་པོ་རྩོམ་པར་སྐུལ་འདེད་ཏན་ཏིག་བཏང་། མགོ་ཁྲིད་ཚན་ཁག་དང་ཞང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ལ་ཚོགས་འདུ་བསྡུས་ནས་རྒྱུད་སྒྲོག་དང་བཀོད་སྒྲིག་བྱས་པ་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་དང་། ཞིང་ཆེན་དང་ཁུལ། རྫོང་ཨུའི་ཞིང་སྡེ་དང་འབྲོག་ཁུལ་གྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན། ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་སྐུལ་སློང་ཚོགས་འདུའི་དགོངས་དོན། 《2023ལོའི་རྨ་ཆེན་རྫོང་གི་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས“སྒྲོག་འགྲེལ་གཅིག་དང་བརྟན་བརླིང་གཉིས་དང་སྐུལ་འདེད་གསུམ”གྱི་བྱ་འགུལ་སྤེལ་བའི་ལག་བསྟར་ཇུས་གཞི》སོགས་ཀྱི་ནང་དོན་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས། ཏང་ཨུའི་ཧྲུའུ་ཅི་ཡིས་ཚན་གཙོའི་འགན་འཁུར་པ་དང་། ཚན་ཁག་གི་ཁོངས་མི་གཞན་པ་རྣམས་ཀྱིས་གྲུབ་པའི་མགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་བཙུགས་ཏེ། ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་བའི་རྩ་འཛུགས་མགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར་བྱེད་པར་ཤུགས་སྣོན་བྱས། བྱ་འགུལ་གྱི་ནང་དོན་དང་དུས་ཚོད་བཀོད་སྒྲིག བསྐོ་འཐེན་མི་སྣ་སོགས་ཀྱི་ཐད་ནས་ཐེངས་འདིའི་སྒྲོག་འགྲེལ་བྱ་འགུལ་ལ་བཀོད་སྒྲིག་ཞིབ་མོ་བྱས་ཡོད།

སྲིད་ཇུས་སྒྲོག་འགྲེལ་གྱི“མཉམ་ལེན་ཆེན་མོ”གྱེར་ནས་སྒྲོག་འགྲེལ་བྱ་བར་བརྟན་བརླིང་གིས་སྐུལ་འདེད་བཏང་། བོད་རྒྱ་སྐད་གཉིས་ཀྱི《སྡོམ་ཁོག་ཞང་གི་ལས་བྱེད་པ་བརྒྱ་ཕྲག་གཞི་རིམ་དུ་སོང་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་པའི་རྒྱུ་ཆ་ཕྱོགས་བསྒྲིགས》གཏན་འབེབས་བྱས་ཏེ་དཔར་འགྲེམ་བྱས་ཤིང་། འཕྲོད་བསྟེན་ཁང་དང་མངག་གཏོང་ཁང་། ཡིད་རྟོན་ཁང་སོགས་ཀྱི་སྡེ་ཁག་གི་ལས་གཉེར་མི་སྣ་གདན་དྲངས་ནས། ཡུལ་དངོས་སུ་འབྲེལ་ཡོད་ཀྱི་དམངས་ཕན་སྲིད་ཇུས་འགྲེལ་བཤད་བྱེད་དུ་བཅུག སྡོམ་ཁོག་ཞང་ཏང་ཨུ་དང་སྲིད་གཞུང་གིས་ཞང་རིམ་པ་དང་སྡེ་བ་རིམ་པའི་ལས་བྱེད་པ་རྩ་འཛུགས་བྱས་ཏེ་སྐད་གཉིས་སྒྲོག་འགྲེལ་རུ་ཁག་སྡེ་བའི་ཁྱིམ་ཚང་དུ་མངགས་པ་དང་། སྒྲོག་འགྲེལ་ཁོངས་མིས་ནང་དོན་མི་འདྲ་བ་བདམས་ཤིང་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་སྒྲོག་འགྲེལ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ཀྱི་སྐོམ་པ་སེལ་ཞིང་དོགས་པ་ཞི་རུ་བཅུག དུས་མཉམ་དུ་འབྲོག་དམངས་ཀྱི་སྐད་འཕྲིན་ཚོགས་པ་དང་སྐད་འཕྲིན་གྱི་བརྙན་ཐུང་། དར་དམར་རྒྱང་སྒྲོག་ས་ཚིགས། རྟ་ཐོག་དྲིལ་སྒྲོག་རུ་ཁག འཕྲུལ་རྟ་དྲིལ་སྒྲོག་རུ་ཁག་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་ནས་དྲིལ་སྒྲོག་རྒྱ་ཆེར་སྤེལ་ཞིང་དྲིལ་སྒྲོག་གི་སྣང་ཚུལ་ལེགས་པོ་བསྐྲུན།

འབྲོག་པ་མང་ཚོགས་ཀྱི“བློས་ཐུབ་གྲོགས་པོ”བྱས་ཏེ།དངོས་གནས་མི་དམངས་ཀྱི་སེམས་ཁྲལ་བསལ་བ་དང་། སྒྲོག་འགྲེལ་ཚན་ཆུང་གི་ཁོངས་མིས་སྒྲོག་འགྲེལ་ཁྲོད་ཐབས་ལམ་མང་པོ་སྤྱད་དེ་དམངས་ཀྱི་འདོད་བློ་དང་རེ་འདུན་རྒྱུས་ལོན་བྱས་ཤིང་།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དགོངས་དོན་དང་འདུ་ཤེས་ཀྱིས། དངོས་གནས་མི་དམངས་ཀྱི་སེམས་ཁྲལ་བསལ་རོགས་བྱས་པས།འབྲོག་པ་མང་ཚོགས་ཀྱིས་སྔར་ལས་ཏང་གི་གསུང་ལ་མཉན་པ་དང་ཏང་གི་བཀའ་དྲིན་ཚོར་ཞིང་ཏང་གི་རྗེས་སུ་འབྲང་བར་བྱས། ལས་བྱེད་ཚན་ཆུང་གི་ཁོངས་མི་རྣམས་མང་ཚོགས་དང་མཉམ་བཟའ་མཉམ་སྡོད་བྱས་ལ།མང་ཚོགས་དང་མཉམ་དུ་བྱ་བ་བསྒྲུབ་སྟེ།མང་ཚོགས་ཀྱི་ཁྲོད་དུ་གནས་པའི་དོན་དངོས་དཀའ་གནད་ཁོང་དུ་ཆུད་པ་དང་།ལས་ཁུངས་ཀྱི་ལེགས་ཆར་བརྟེན་ནས་དཀའ་ཁག་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་རྒུད་སྐྱོབ་དང་ཐོན་སྐྱེད་བྱ་བར་རོགས་རམ་བྱས་ཏེ། གནད་དོན་གཞི་རིམ་ནས་ཐག་གཅོད་བྱེད་གང་ཐུབ་བྱས་ཤིང་། སྡེ་བ་དང་ཧྲེ་ལ་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་རོགས་བྱས་པ་དང་།འཕེལ་རྒྱས་ཐད་ཀྱི་དཀའ་གནད་ཐག་གཅོད་བྱས་ཏེ། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་ཡོང་བར་རྨང་གཞི་བརྟན་པོ་བཏིང་།འབྲོག་དམངས་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ། གོ་སླ་བའི་སྒྲོག་འགྲེལ་གྱིས་ང་ཚོར་གོ་བ་ཟབ་མོ་ལོན་པ་དང་བསམ་བློ་ཞིབ་མོ་ཐོངས་སུ་བཅུག་པས། བློ་སྒོ་ཡོངས་སུ་ཕྱེ་ཞིང་ངར་སེམས་ཤུགས་ཀྱིས་བསླང་སོང་།རྗེས་ཕྱོགས་ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ།ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་རྒྱུ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཏང་གི་དམངས་ཕན་སྲིད་ཇུས་སྡོམ་ཁོག་ཞང་ནས་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་བྱེད་རྒྱུ་ཡིན་ཞེས་བསྟན། །