ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

སོ་ལས་མར་ཚན་རིག་དང་མཐུན་པར་བདག་སྐྱོང་བྱས་ན་བེད་ཆོད་ཡུན་ཤིན་ཏུ་རིང་།

སོ་ལས་མ་བཙུགས་ཡོད་པའི་མི་ལ་མཚོན་ན། དེ་ལ་བདག་སྐྱོང་ཡག་པོ་བྱས་ཤིང་། བྱེད་ཐབས་ཚན་རིག་དང་མཐུན་པར་བསྟེན་ན་ཁ་ཡི་བདེ་ཐང་ལ་ཕན་པར་མ་ཟད། ད་དུང་སོ་ལས་མའི་བེད་ཆོད་ཡུན་ཡང་རྒྱུན་རིང་དུ་བསྲིང་ཐུབ་པ་ཡིན། སོ་ལས་མར་རིགས་དང་རྣམ་པ་དུ་མ་མཆིས་པ་བཞིན། དེ་ལ་བདག་སྐྱོང་བྱེད་ཐབས་ཀྱང་སྣ་མང་ཡོད་པ་རེད།

བླངས་ཆོག་པའི་སོ་ལས་མར་གཙང་སྦྲ་བྱེད་དུས་ཞིབ་དགོས།

བླངས་ཆོག་པའི་སོ་ལས་མར་ཉིན་རྒྱུན་དུ་བདག་སྐྱོང་བྱེད་ཐབས་གཤམ་ལྟར།

གོ་རིམ་དང་པོ། བླངས་ཆོག་པའི་སོ་ལས་མ་དེ་ཁ་ནང་ནས་ལེན་པ།

གོ་རིམ་གཉིས་པ། སོ་འཁྲུད་སྙི་མོས་ཡང་མོར་བྲད་ནས་བཀྲུ་དགོས་ལ། སོ་ལས་མའི་ཕྱི་ངོས་ཡོངས་རྫོགས་གཙང་མ་ཡོང་བར་བྱེད་དགོས།

གོ་རིམ་གསུམ་པ། གཙང་སྦྲ་བྱས་ཟིན་པའི་སོ་ལས་མ་དེ་ཆུ་གཙང་མའི་ནང་ལ་སྦངས་པར་གཙང་བཟོ་འདག་རྫས་སོགས་ཀྱང་ཆུའི་ནང་ལ་བཏབ་ཆོག་སྟེ། དེ་ལས་སོ་ལས་མའི་ཐོག་ལ་འབྱར་བའི་ཕྲ་སྲིན་སོགས་སྦྱོང་བ་ཡིན། ཡིན་ནའང་། གཟབ་དགོས་པ་ཞིག་ལ་ཆུ་ཚ་མོ་སྤྱོད་མི་རུང་།

བླངས་མི་ཆོག་པའི་སོ་ལས་མ་ལ་སོ་སྐུད་ཀྱིས་གཙང་སྦྲ་བྱེད་ཆོག

བླངས་མི་ཆོག་པའི་སོ་ལས་མ་ནི་མཐའ་གཉིས་དང་དབུས་གཅིག་གིས་གྲུབ་ཡོད། དེ་ལས་དབུས་གཅིག་གི་རྩ་བ་ལ་གཙང་སྦྲ་བྱེད་སྐབས། དམིགས་སུ་བཟོས་པའི་སོ་སྐུད་བེད་སྤྱོད་བྱེད་དགོས། སོ་སྐུད་སོ་དབུས་ཀྱི་རྩ་བ་ནས་དྲངས་རྗེས་སྣེ་གཉིས་ནས་འཐེན་པ་དང་། སྐུད་པའི་དཀྱིལ་གྱི་སྦོམ་པོའི་མཚམས་དེ་གཡས་གཡོན་དུ་འཐེན་ན། སོ་དབུས་ཀྱི་རྩ་བ་གཙང་མ་བཟོ་ཐུབ་པ་ཡིན།

སོ་བཙུགས་མ་ཡིན་ན་ཟས་སྲ་མོ་ལ་འཛེམ་དགོས།

སོ་བཙུགས་མ་ལའང་སོ་ལས་མ་གཞན་དག་བཞིན་བདག་སྐྱོང་བྱེད་དགོས་ཏེ། ནམ་རྒྱུན་བཟའ་བཏུང་ལ་རོལ་སྐབས་ཟས་སྲ་མོ་ལ་འཛེམ་དགོས་ཤིང་། སོ་ལ་ཆག་སྐྱོན་སོགས་འབྱུང་བ་སྔོན་འགོག་བྱེད་དགོས། སོ་བཙུགས་མའི་ཐོག་དང་སོ་དང་རྙིལ་གྱི་འབྲེལ་མཚམས་ཀྱི་སྲིན་ཁྲ་ལ་གཙང་སྦྲ་བྱེད་པར་གཟབ་དགོས་ཏེ། གཉན་ཚད་རྒྱས་པར་སྔོན་འགོག་བྱེད་དགོས། སྤྱིར་བཏང་སོ་འཁྲུད་ཀྱིས་གཙང་སྦྲ་བྱེད་ཆོག་ལ། སོ་སྐུད་དང་ཡང་ན་སོ་བཤལ་གྱིས་རམ་འདེགས་བྱས་ན་ཕན་འབྲས་དེ་ལས་ཆེ་བ་ཡིན།

དེ་མིན་གཞན་དུ། སོ་བཙུགས་མ་ན་བའི་སྐབས་སུ་ངེས་གཏན་ནང་སྨན་ཁང་ལ་བསྐྱར་བརྟག་བྱེད་དུ་འགྲོ་དགོས། ཆེད་ལས་སྨན་པས་ཁྱེད་ཀྱི་སོ་དང་སོ་ཡི་གནས་ཚུལ་ལ་བརྟག་དཔྱད་ཞིབ་མོ་བྱེད་པར་མ་ཟད། འཕྲོད་བསྟེན་གནས་ཚུལ་ལ་གཞིགས་ནས་ཆེད་ལས་ཀྱི་བདག་སྐྱོང་བྱེད་ཐབས་སྤྱོད་པ་ཡིན། ། (མུ་འགོད།)