ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྨ་ལྷོ་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་སྐོར་གྱི་དྲི་བ་དྲིས་ལན།

8.ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་བོར་འགྱུར་བ་སྔོན་འགོག་དང་སེལ་བའི་ཡུན་ཕན་ནང་རྐྱེན་བསྐྲུན་དགོས། ཞིང་སྡེའི་ཡོང་འབབ་དམའ་བའི་མི་འབོར་གྱི་ལྟ་ཞིབ་ཚད་ལེན་སྟེགས་བུ་ལ་བརྟེན་ནས། ནད་ཀྱི་དབང་གིས་དབུལ་བོར་གྱུར་པ་དང་ཡང་བསྐྱར་དབུལ་པོར་འགྱུར་བའི་ཉེན་ཁར་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། ནད་ཀྱི་དབང་གིས་དབུལ་པོར་གྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བ་སྔོན་འགོག་དང་སེལ་བ་རང་འགུལ་ངང་མཐོང་བའི་ནང་རྐྱེན་དང་། འགུལ་རྣམ་ལྟ་ཞིབ་ཚད་ལེན་ནང་རྐྱེན། བརྡ་འཕྲིན་མཉམ་སྤྱོད་ནང་རྐྱེན། གནད་ཁེལ་དབུལ་སྐྱོར་ནང་རྐྱེན་བཅས་འཐུས་ཚང་དུ་གཏོང་དགོས།

ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་པོར་འགྱུར་བར་ལྟ་ཞིབ་ཚད་ལེན་བྱེད་པའི་ནང་རྐྱེན་འཛུགས་དགོས། སྨན་བཅོས་འགན་བཅོལ་གྱི་བརྡ་འཕྲིན་མ་ལག་ལ་བརྟེན་ནས། རྫོང་རིམ་པའི་སྨན་བཅོས་འགན་བཅོལ་བརྡ་འཕྲིན་སྡེ་ཁག་གིས་རྫོང་རིམ་པའི་ནད་ཀྱི་དབང་གིས་དབུལ་པོར་གྱུར་བ་དང་ཡང་བསྐྱར་དབུལ་པོར་འགྱུར་བར་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་སྟེགས་འཛུགས་དགོས། དབུལ་ཐར་མི་འབོར་ཁྲོད་མི་སྒེར་གྱིས་ལོ་འཁོར་མོར་རིམ་རྩིས་ཀྱིས་འགན་འཁུར་དགོས་པའི་སྨན་བཅོས་འགྲོ་སོང་རྫོང་ཡོངས་ཀྱི་ལོ་གོང་མའི་ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བགོ་ཆོག་ཡོང་སྒོའི50%ལས་བརྒལ་བའི་རིགས་དེ། སྨན་བཅོས་འགན་བཅོལ་སྡེ་ཁག་གི་ནད་ཀྱི་དབང་གིས་དབུལ་པོར་གྱུར་བར་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱབ་ཁོངས་ནང་འཇོག་པ་དང་། ཞིང་སྡེའི་སྡོད་དམངས་ཁྲོད་མི་སྒེར་གྱི་ལོ་འཁོར་མོའི་རིམ་རྩིས་སྨན་བཅོས་འགྲོ་སོང་དེ་རྫོང་ཡོངས་ཀྱི་ལོ་གོང་མའི་ཞིང་སྡེའི་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་ལས་བརྒལ་བའི་རིགས་དེ། སྨན་བཅོས་འགན་བཅོལ་སྡེ་ཁག་གི་ནད་ཀྱི་དབང་གིས་དབུལ་པོར་གྱུར་པར་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱབ་ཁོངས་ནང་འཇོག་དགོས།

སྡེ་ཁག་གི་བརྡ་འཕྲིན་མཉམ་སྤྱོད་བརྒྱུད་སྤྲོད་ནང་རྐྱེན་འཛུགས་དགོས། སྨན་བཅོས་འགན་བཅོལ་དང་། དམངས་སྲིད། འཕྲོད་བསྟེན་བདེ་ཐང་། གྲོང་གསེབ་དར་སྤེལ་སོགས་སྡེ་ཁག་གི་བརྡ་འཕྲིན་མ་ལག་འབྲེལ་མཐུད་མངོན་གྱུར་བྱུང་སྟེ། གཞི་གྲངས་མཉམ་སྤྱོད་དང་། འབྲེལ་མཐུད་ཤར་བགྲོད། འཁོར་སྐྱོད་ལ་གོ་རིམ་ལྡན་པ་བཅས་ཀྱི་བརྒྱུད་སྤྲོད་ནང་རྐྱེན་འཛུགས་དགོས། ཞིང་ཆེན་རིམ་པའི་སྨན་བཅོས་འགན་བཅོལ་བརྡ་འཕྲིན་སྡེ་ཁག་གིས་ཟླ་རེའི་ཚེས15ཡི་སྔོན་ལ་ནད་ཀྱི་དབང་གིས་དབུལ་པོར་གྱུར་པ་དང་ཡང་བསྐྱར་དབུལ་བོར་གྱུར་པར་ལྟ་ཞིབ་ཚད་ལེན་བྱས་པའི་གཞི་གྲངས་དེ་རྫོང་རིམ་པའི་དམངས་སྲིད་དང་། གྲོང་གསེབ་དར་སྤེལ་སྡེ་ཁག དམངས་སྲིད། གྲོང་གསེབ་དར་སྤེལ་སྡེ་ཁག་ལ་ལན་སྤྲད་དེ་ཆ་རྐྱེན་དང་འཚམས་པའི་མི་སྣ་སོ་སོར་རོགས་སྐྱོར་དང་། དབུལ་པོར་བསྐྱར་ལོག་དང་དབུལ་པོར་གྱུར་བའི་མི་འབོར་སོགས་ཀྱི་ཁྱབ་ཁོངས་སུ་བཅུག་རྗེས། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་སྲིད་ཇུས་ཀྱི་གཏན་འབེབས་ལྟར་ཐད་ཀར་རོགས་སྐྱོར་བྱེད་རྒྱུ་རེད།

རེ་ཞུ་ལྟར་རོགས་སྐྱོར་བྱེད་པའི་ནང་རྐྱེན་འཛུགས་དགོས། སྨན་བཅོས་འགྲོ་སོང་མཐོན་པོ་བཏང་བའི་དབུལ་པོར་བསྐྱར་ལོག་དང་དབུལ་པོར་འགྱུར་སླ་བའི་མི་འབོར་དང་སྨན་བཅོས་འགྲོ་སོང་མཐོན་པོའི་སྟབས་ཀྱིས་ཁྱིམ་ཚང་གི་གཞི་རྩའི་འཚོ་བར་དཀའ་ཁག་ཚབས་ཆེན་བྱུང་བའི་ནད་ལྕི་མོ་ཕོག་མཁན་ལ། མི་སྒེར་རམ་ཡང་ན་མངགས་བཅོལ་ལས་ཚབ་པས་དམངས་སྲིད་སྡེ་ཁག་ལ་རོགས་སྐྱོར་རེ་འདུན་ཞུ་དགོས་པ་དང་། དམངས་སྲིད་སྡེ་ཁག་གིས་ཆ་རྐྱེན་ལོངས་པའི་ནད་ལྕི་མོ་ཕོག་མཁན་རྣམས་དུས་ཐོག་ཏུ་རོགས་སྐྱོར་ཁྱབ་ཁོངས་ནང་བཅུག་རྗེས། སྨན་བཅོས་འགན་བཅོལ་སྡེ་ཁག་གིས་སྲིད་ཇུས་ཀྱི་གཏན་འབེབས་ལྟར་སྨན་བཅོས་རོགས་སྐྱོར་བྱེད་དགོས་ལ། འབྲེལ་ཡོད་སྡེ་ཁག་དག་གིས་དེའི་དཀའ་ཁག་གནས་ཚུལ་གཞིར་བཟུང་ནས། ཕྱོགས་བསྡུས་རོགས་སྐྱོར་སྲིད་ཇུས་རིགས་དབྱེ་བྱས་ཏེ་དོན་འཁྱོལ་བྱེད་དགོས་པ་དང་། གནས་སྐབས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྙིང་རྗེ་རོགས་སྐྱོར་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་དགོས།

སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་དབུལ་འཕྲི་ནང་རྐྱེན་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས། ཚོང་ལས་བདེ་ཐང་འགན་སྲུང་དང་སྨན་བཅོས་རོགས་རེས་འཕེལ་རྒྱས་ལ་སྐུལ་ལྕག་བཏང་སྟེ། སྙིང་རྗེ་རོགས་སྐྱོར་མུ་མཐུད་ཆེ་རུ་གཏོང་བ་དང་། གཞི་རྩའི་སྨན་བཅོས་འགན་སྲུང་གི་ཕན་ལྡན་ཁ་གསབ་ཆགས་པར་བྱེད་དགོས།

སྨན་བཅོས་རོགས་སྐྱོར་ཞབས་ཞུའི་སྐུད་ལམ་འཛུགས་དགོས། སྨན་བཅོས་འགན་བཅོལ་སྡེ་ཁག་དག་གིས་སྨན་བཅོས་རོགས་སྐྱོར་ཞབས་ཞུའི་སྐུད་ལམ་བཙུགས་ནས། དཀའ་ཁག་ཡོད་པའི་མང་ཚོགས་ལ་སྲིད་ཇུས་བློ་འདྲི་དང་། རོགས་ཞུ་བདག་གཉེར་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་དགོས། རིམ་པ་སོ་སོའི་སྨན་བཅོས་འགན་བཅོལ་སྡེ་ཁག་གིས་གཞུང་ཕྱོགས་དྲ་ཚིགས་དང་། སྐད་འཕྲིན་སྤྱི་སྟེགས། སྨན་བྱད་གསར་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཞབས་ཞུའི་སྐུད་ལམ་ཁ་པར་ཁྱབ་བསྒྲགས་བྱས་ཏེ། དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་ཞུའི་ལམ་བུ་ཤར་གཏོང་བྱེད་དགོས་ལ། དེ་མ་ཟད་ཁོངས་གཏོགས་ཅན་གྱི་དོ་དམ་རྩ་དོན་ལྟར་དུས་ཐོག་ཏུ་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་རོགས་ཞུ་བདག་སྤྲོད་དང་ལན་ཆ་ཡོད་པའི་སྒོ་ནས། དུས་ཐོག་ཏུ་མཐོང་བ་དང་། སྔ་མོ་ནས་ནང་དུ་ཞུགས་པ། དུས་ཐོག་ཏུ་རོགས་སྐྱོར་བཅས་བྱེད་དགོས། །

(མ་ཚར། མུ་འགོད།)