ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

དཀོན་ལོ་ཚང་གོང་མ་སྡེ་བ། ཧུར་བརྩོན་ཡར་རྒྱས་ཀྱི་རྣམ་པ་གསར་པ།

དཀོན་ལོ་ཚང་གོང་མ་སྡེ་བའི་ཕྱིའི་བཀོད་པ།
སྡེ་མཐའི་རླུང་འཁོར།

ཉེ་སྔོན། གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བར་ཕྱིན་པ་ན། ལས་ཀ་བ་དག་གིས་བྲེལ་འཚུབ་ཀྱིས་སྡེ་བའི་ཐང་ཆེན་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། རྒྱང་རིང་གི་རླུང་འཁོར་དེས་སྡེ་བར་ཁ་དོག་གསར་པ་ཞིག་བསྣན་འདུག གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྟོག་ཞིབ་ཏུ་ཕེབས་པའི་ཚུན་ལ། སྡེ་བ་འདིས《རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བའི་འཛུགས་སྐྲུན་འཆར་འགོད(2021—2026)》སྒྲིག་བཟོ་ལེགས་འགྲུབ་བྱུང་ཡོད། འཆར་འགོད་ཁྲོད་རྨང་གཞིའི་སྒྲིག་བཀོད་ལེགས་བསྒྱུར་དང་སྡེ་བའི་རྣམ་པ་ལེགས་བསྒྱུར། གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས། སྐྱེ་ཁམས་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་སོགས་འདུས་ལ། ཤིང་ཁང་ཆུང་བ་བསྐྱར་སྐྲུན་དང་འོད་ཧྥུ་གློག་འདོན། སྦྲ་གུར་སྒར་ཁ། སྡེ་དམངས་ཀྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་སོགས་ལས་གཞི29འཆར་འགོད་འཛུགས་སྐྲུན་བྱེད་རྩིས་ཡོད། དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་གཉིས་ལྡན། སྡོད་གནས་སྐྱིད་པ། སྐྱེ་ཁམས་མཛེས་པའི་བོད་ལུགས་སྡོད་ཁང་གི་རིག་གནས་མྱོང་རོལ་བྱེད་སའི་ཁྱད་ལྡན་གྲོང་ཚོ་ཆུང་བ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་རེད།