ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི་དྲིལ་སྒྲོག་བྱ་བ་སྤེལ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི་དྲིལ་སྒྲོག་བྱ་བ་སྤེལ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

ཟླ10པའི་ཚེས9ཉིན། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི་དྲིལ་སྒྲོག་བྱ་བ་སྤེལ་བའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ་དང་། ཚོགས་འདུས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ལག་ལེན་གཏིང་ཟབ་བྱས་ཏེ། བྱེད་ཐབས་སྔར་ལས་ཞིབ་ཕྲ་རུ་བཏང་བ་དང་འགན་འཁྲི་ནན་འགེལ་བྱས་ནས། ཞིང་ཆེན་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི་དྲིལ་སྒྲོག་བྱ་བ་སྤེལ་བར་ཡང་བསྐྱར་བཀོད་སྒྲིག་དང་སྐུལ་འདེད་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏ་ནན་ཚོགས་འདུར་ཞུགས་ཤིང་གཏམ་བཤད།

གྲོས་ཚོགས་སྟེང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བའི་དྲིལ་སྒྲོག་བྱ་བ་ལེགས་པོར་སྤེལ་བར་འགན་འཁྲི་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཆབ་སྲིད་ཀྱི་ཁ་ཕྱོགས་དང་སྨྱན་བྱད་ཀྱི་སྟོན་ཕྱོགས། རིན་ཐང་གི་ལྟ་བ་བཅས་ནན་འཛིན་བྱེད་པ་དང་། རིགས་པའི་གཞུང་ལུགས་དང་སྨྱན་བྱད། དྲ་ཐོག་དང་དྲ་ཐོག་མ་ཡིན་པ། ཕྱི་ནང་གི་ཁྱབ་སྒྲོག་བཅས་གཅིག་གྱུར་འཆར་འགོད་བྱེད་པ། གནད་ལ་ཁེལ་ཞིང་སྤུས་ཚད་དང་ཕན་འབྲས་མཐོ་བ་རྒྱུན་འཁྱོངས་བྱེད་པ། དབྱངས་རྟ་གཙོ་བོ་གསང་མཐོར་གྱེར་བ་དང་དྲང་ནུས་གཅིག་ཏུ་བསྡུ་བ། སྤོབས་ཉམས་ཀྱིས་ཕྱུག་པ་བཅས་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་དགས་ཕྱུག་ཅིང་དཔའ་ངར་ལྡན་པའི་སྣང་ཚུལ་སྟུག་པོ་ཞིག་བཟོ་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན།ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་འཐབ་ཕྱོགས་ཀྱིས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། གཅིག་གྱུར་མཐུན་སྦྱོར་ཡོང་བར་ཤུགས་སྣོན་པ་དང་། གཙོ་གནད་འབུར་དུ་ཐོན་པ། རྩ་འཛུགས་ཞིབ་མོ་བྱེད་པ་བཅས་ཀྱིས། སྤྱོད་ཚུལ་སྔར་ལས་དྲང་ཞིང་ཚད་གཞི་སྔར་ལས་མཐོ་བ། བླང་བྱ་སྔར་ལས་ནན་མོ་ཡིན་པ་བཅས་ལ་བརྟེན་ནས་བྱ་བའི་སྤུས་ཚད་དང་ཕན་འབྲས་འཕར་བར་ཁག་ཐེག་བྱེད་དགོས། དྲིལ་སྒྲོག་བྱེད་ཕྱོགས་དོན་འཁྱོལ་ནན་འཛིན་བྱེད་པ་དང་། བརྒྱུད་རིམ་ལྡན་པའི་བརྗོད་དོན་གསར་འགྱུར་སྤེལ་བར་རྩ་འཛུགས་ལེགས་པོ་བྱེད་དགོས། བྱེད་ཐབས་གསར་གཏོད་དང་ནང་དོན་ཕུན་ཚོགས། དཔུང་སྡེ་རྒྱ་བསྐྱེད་པ་བཅས་ཀྱིས། ཀུན་འདུས་སྨྱན་སྦྱོར་གྱི་དྲིལ་སྒྲོག་བྱ་བར་ཤུགས་བསྣན་ནས། ཟུར་ཚད་མང་པོ་དང་ཁྱོན་ཡོངས་ཁེབས་པ་བྱེད་དགོས། གཞི་རིམ་ལ་ཟབ་ཞུགས་དང་རྩོམ་སྲོལ་ལེགས་བསྒྱུར་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་སྒྲོག་ལེགས་པོ་བྱེད་པ་དང་། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་གནད་དོན་ལ་དུས་ཐོག་ཏུ་ཨ་ལན་བྱིན་ནས། ཡིད་ཆེས་ཇེ་བརྟན་དང་དམངས་སེམས་གཅིག་སྡུད། མི་སེམས་དྲོ་བ་དང་སེམས་པ་གཅིག་མཐུན་ཡོང་བ་བཅས་བྱེད་དགོས།

གྲོས་ཚོགས་ཀྱིས་བརྙན་རིས་ཀྱི་ལམ་ནས་གྲོང་ཁྱེར་དང་ཁུལ་རིམ་པ། ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་སོགས་ཞིང་ཆེན་ཐད་གཏོགས་ཀྱི་དྲིལ་སྒྲོག་ལས་ཁུངས4དང་ཞིང་ཆེན་གྱི་སྨྱན་བྱད་གཙོ་བོ་བཅས་ལ་བསམ་འཆར་བརྗེ་རེས་བྱེད་དུ་བཅུག གྲོང་ཁྱེར་དང་ཁུལ་གྱི་དྲིལ་སྒྲོག་མ་ལག་གི་འབྲེལ་ཡོད་ལས་ཁུངས་སོ་སོ་ཡན་ལག་ཚོགས་ར་རུ་ཚོགས་འདུར་ཞུགས། །