ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཆི་ལེན་རྫོང་གི་སྐྱེ་ཁམས་ཏང་འཛུགས་སྐྲུན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི“གཞི་མདོག”ཇེ་གསལ་དུ་བཏང་།

ཆི་ལེན་རྫོང་གིས“མདོག་གསུམ”ཏང་གི་འཛུགས་སྐྲུན་བཟོ་འགོད་གཅིག་གྱུར་སྣེ་ཁྲིད་དུ་བརྩིས་ཐོག ལྗང་མདོག་འཕེལ་རྒྱས་ཀྱི་བརྗོད་དོན་ལ་དམ་པོར་དམིགས་ནས། ལྗང་མདོག་སློབ་གསོ་ཤུགས་ཆེར་གཏོང་བ་དང་ལྗང་མདོག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་བ། ལྗང་མདོག་ནང་རྐྱེན་ལེགས་བསྒྱུར་བཅས་བྱས་ཏེ། སྐྱེ་ཁམས་ཏང་གི་འཛུགས་སྐྲུན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི“གཞི་མདོག”ཇེ་གསལ་དུ་བཏང་།

“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཏན་ཏན་ཏིག་ཏིག་གིས་སྐུལ་འདེད་བྱེད་པའི”བླང་བྱ་གལ་ཆེན་ལ་དམིགས་ཏེ། རྒྱ་ཆེའི་ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་རེས་གཟའ་དང་པོའི་འཆར་ལྡན་ཚོགས་འདུའི་གཅིག་བསྡུས་སློབ་སྦྱོང་དང“ཀྲི་པུའུ་གཅིག་གྱུར་ཏང་གི་ཉིན་མོར”ཁོངས་མི་ཡོངས་ཀྱིས་སློབ་སྦྱོང་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ལྗང་མདོག་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་དགོངས་དོན་དང་དོན་སྙིང་གལ་ཆེན་གཏིང་ཟབ་སྒོས་སློབ་སྦྱོང་དང་དོན་འཁྱོལ་བྱས་པ་དང་། གོ་དོན་མཐིལ་རྟོགས་ཐད་ཤུགས་གང་ཡོད་བཏོན་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་བརྟེན་ནས་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་བྱེད་པའི་ནུས་པ་དངོས་གནས་ཇེ་མཐོར་བཏང་།

“སྐྱེ་ཁམས་གདོང་མཆོང”དང“ཁོར་སྲུང་སྤྱི་ཕན”“དམ་བཅའ་ཁས་ལེན”བྱེད་པ་སོགས་ཀྱི་བྱ་འགུལ་གསུམ་ལ་དམིགས་ནས། ཏང་ཀྲི་པུའུ་ཡིས“གཏེར་རི་ལ་འབྲེལ་ཏེ་ཞིབ་བཤེར་འཛིན་པ་དང་བཅོས་སྐྱོང་ལ་འབྲེལ་ཏེ་གྲུབ་འབྲས་འཛིན་པ། སྡེ་བ་དང་སྡེ་ཁུལ་ལ་འབྲེལ་ཏེ་རྨང་གཞི་འཛིན་པ”བཅས་ཀྱི“འབྲེལ་བ་གསུམ”གྱི་ནང་རྐྱེན་ཁྱབ་སྤེལ་བྱས་ཏེ། རྫོང་རིམ་པའི་མགོ་ཁྲིད24དང་ཏང་ཨུའི(ཏང་རྩ་འཛུགས)ཧྲུའུ་ཅི25གཏེར་རི་དང་ཁེ་ལས་སུ་བསྐྱོད་དེ་ཡུལ་དངོས་སུ་བརྟག་ཞིབ་དང་ཞིབ་བཤེར་བྱེད་མགོ་བརྩམས། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས་སྐྱེ་ཁམས་ཁོར་སྲུང་དང་བླངས་ཞབས་ཞུ་རུ་ཁག་གི་ཡན་ལག48དང་སྐྱེ་ཁམས་གདོང་མཆོང་ལས་རྐང480སྒྲིག་འཛུགས་བྱས་ཏེ། ཁོར་ཡུག་སྐོར་ཞིབ་ཐེངས122སྤེལ་རོགས་བྱས་པ་དང་། དྲིལ་སྒྲོག་བྱ་འགུལ་ཐེངས200ལྷག་རྩ་འཛུགས་བྱས་པར་མ་ཟད། ཁོར་སྲུང་སྤྱི་ཕན་བྱ་འགུལ་ཐེངས300ལྷག་སྤེལ།

ཏང་གི་འཛུགས་སྐྲུན་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ཀྱི་མཉམ་སྒུལ་བྱེད་གནས་ལ་དམིགས་ཏེ། 《ཆི་ལེན་རྫོང་གིས་ཏང་གི་འཛུགས་སྐྲུན་ལེགས་འཛིན་དང་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་སྐོར་གྱི་བྱེད་སྟངས་ཞིབ་ཕྲ》བཏོན་པ་དང་། གཞུང་ལུགས་དྲག་ཆས་དང་རྩ་འཛུགས་འཛུགས་སྐྲུན། ཏང་ཡོན་དཔུང་སྡེ་སོགས་ཕྱོགས10ཡི་བྱེད་སྟངས་དོན་ཚན30སྒྲིག་བཟོ་གཏན་འབེབས་བྱས་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྒུལ་ཤུགས་ནུས་པ་འབུར་དུ་བཏོད་པ་དང་། དངོས་གཞི་ཐོན་ལས་ཤུགས་གང་ཡོད་སྒོས་འཕེལ་རྒྱས་གཏོང་བ། བཟང་པོ་ཡར་སྐུལ་དང་སྐྱོན་ཅན་ནན་སྐུལ་བྱེད་པ་བཅས་བརྒྱུད་དེ། ལས་བྱེད་པས་སྒྲུབ་ཕོད་པ་དང་སྒྲུབ་ཤེས་པར་བྱས་ནས། གྲོང་གསེབ་དར་སྤེལ་གྱི་འགན་འཁྲི་སོ་སོ་དམིགས་ས་དང་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་གང་ལེགས་བྱས། །