ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་དུ་བསྐྱོད་པ།

མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་ཚན་རིག་ཁྱབ་གདལ་ཁང་ནི་རང་ཞིང་གི་རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་རིགས་ཀྱི་ཚན་རིག་ཁྱབ་གདལ་ཁང་ཐོག་མ་ཡིན་ལ། རང་རྒྱལ་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་མ་ལག་སྒོ་འབྱེད་རྣམ་པའི་ལྗོངས་རྣམ་ཤོངས་ཚད་ཆེས་ཆེ་བའི་ཚན་རིག་ཁྱབ་གདལ་ཁང་ཡང་ཡིན་ཏེ། ས་རྒྱུ་ས་དབྱིབས་དང་སྐྱེ་དངོས་སྣ་མང་རང་བཞིན། ཚེ་སྲོག་གཅིག་མཐུན་ཚོགས་པ། སྐྱེ་ཁམས་རིག་གནས། རང་བྱུང་རྩོམ་རིག རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སོགས་ཀྱི་ནང་དོན་དང་འབྲེལ་ནས། སྐྱེ་ཁམས་མ་ལག་སླར་གསོའི་ལྗོངས་རྣམ་བསྐྲུན་པ་དང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྐྱེ་ཁམས་མ་ལག་དང་ཤིན་ཏུ་དཀོན་པོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན། སྐྱེ་ཁམས་རིག་གནས་སོགས་ཀྱི་ནང་དོན་འགྲེམ་སྟོན་གང་ལེགས་བྱས་ཤིང་། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་ཁྱད་ལྡན་སྐྱེ་ཁམས་རིགས་ཀྱི་ཚན་རིག་ཁྱབ་གདལ་སློབ་གསོ་སྤེལ་ཡུལ་གྱི་དཔེ་མཚོན་བསྐྲུན་ཡོད།