ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྨ་ཆེན་རྫོང་གིས“གངས་ལྗོངས”སྦས་ཡུལ་མཉམ་སྲུང་དང་མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན་བྱས་པ།

གཙང་ཞིང་མཛེས་ལ་བདེ་ཐང་འཆམ་མཐུན་གྱི་མི་སྡོད་ཁོར་ཡུག་ཅིག་འཛུགས་སྐྲུན་བྱེད་པ་དང་། རྒྱ་ཆེའི་ཁྱིམ་ཚང་ལ་འཕྲོད་བསྟེན་འདུ་ཤེས་དང་བདེ་ཐང་འཚོ་བའི་འདུ་ཤེས་ཤིག་ཆགས་པར་སྣེ་འཁྲིད་ཆེད། ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སློབ་ཁང་གཅིག་དང་བསྐྱོད་པ་བཞི”“བུད་མེད་ཀྱི་བློ་ཁ་ཏང་ལ་ཕྱོགས་ཏེ། འཐབ་ལམ་གསར་པར་འབད་བརྩོན་བྱེད”ཅེས་པའི་ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོའི་སྒྲོག་འགྲེལ་བྱ་འགུལ་དང་ཟུང་འབྲེལ་བྱས་ཏེ། རྟ་བོ་གྲོང་རྡལ་རི་རྒྱུད་སྡེ་བ་དང་དགུ་སྟོད་སྡེ་བར་སོང་ནས་ཁོར་སྲུང་ཤེས་བྱའི་སྒྲོག་འགྲེལ་བྱ་འགུལ་སྤེལ།

བྱ་འགུལ་ཁྲོད། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་དོན་དངོས་གླེང་བ་དང་དཔེ་འཇོག་བྱས་ནས། མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་གསལ་པོར་བརྗོད་པར་མ་ཟད། ཁྱིམ་སྲོལ་དང་ཁྱིམ་ཚང་གི་སློབ་གསོ་ཇི་ལྟར་གསོ་སྐྱོང་བྱེད་པའི་ཐད་ནས་རྒྱ་ཆེའི་བུད་མེད་ཚོ་དང་བསམ་བློ་བརྗེ་རེས་བྱས། དེ་མིན་གཞན་ད་དུང་ཚང་མར་ཡ་རབས་ཀྱི་ཁྱིམ་སྲོལ་དང་ཁྱིམ་ཚང་གི་སློབ་གསོས་མི་སྒེར་དང་ཁྱིམ་ཚང་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱིན་ཡོད་པ་གོ་བ་ཟབ་མོ་ལེན་དུ་བཅུག་པ་དང་།བུད་མེད་དང་ཁྱིམ་ཚང་གིས“ཆེས་མཛེས་པའི་ཁྱིམ་ཚང”གསར་སྐྲུན་བྱེད་པ་དེ་ཐེག་བྱད་དུ་འཛིན་པར་སློབ་གསོ་དང་སྣེ་ཁྲིད་པ། ལྗང་མདོག་ཐཱན་ཉུང་དང་ཡ་རབས་བདེ་ཐང་། སྐྱེ་ཁམས་ཁོར་སྲུང་བཅས་ཀྱི་འཚོ་བ་རོལ་སྟངས་ཧུར་ཐག་གིས་ལག་བསྟར་བྱས་ཤིང་། རང་ཉིད་ནས་མགོ་རྩོམ་པ་དང་དོན་དག་ཆུང་ཆུང་ནས་མགོ་རྩོམ་པ། ཁྱིམ་ཚང་ནས་མགོ་རྩོམ་པ་བཅས་བྱས་ཏེ། འགྱིག་འགོག་དང་ཁོར་སྲུང་བྱ་བའི་དྲིལ་སྒྲོག་པ་དང་ལག་ལེན་མཁན་བཟང་པོ་ཞིག་བྱས་ནས།མཛེས་སྡུག་འཆམ་མཐུན་གྱི་རྨ་ཆེན་གསར་པ་འཛུགས་སྐྲུན་བྱེད་པར་བུད་མེད་ཀྱི་སྟོབས་ཤུགས་ཕུལ།

བྱ་འགུལ་གྱིས་གཅིག་ནས“མཛེས་སྡུག་གི་ཁྱིམ་གཞིས་མཉམ་སྐྲུན”བྱེད་པ་བརྗོད་དོན་དང་། འཚོ་བའི་ཁོར་ཡུག་ལེགས་བསྒྱུར་བྱེད་པ་གཙོ་ཐིག་ཏུ་འཛིན་པ། “ཆེས་མཛེས་པའི་ཁྱིམ་ཚང”བརྟེན་ས་བྱེད་པ་བཅས་ཀྱིས་ཁོར་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་པ་དང་། གཉིས་ནས་རྒྱ་ཆེའི་བུད་མེད་ཚོས་རང་ཁྱིམ་ནས་མགོ་རྩོམ་པར་སྐུལ་སློང་དང་སྣེ་ཁྲིད་ཅིང་། “སྒོ་མདུན་དང་ཁང་རྒྱབ་གཙང་བ། ར་སྐོར་གཙང་བ། ཁང་པའི་ནང་གཙང་བ། ཇ་ཁང་གཙང་བ། མལ་ཁྲི་དང་མལ་སྟན་གཙང་བ། སྤྱོད་ཁང་གཙང་བ། མི་སྒེར་གྱི་འཕྲོད་བསྟེན་གཙང་བ། དངོས་ཟོག་སྒྲིག་གཤོམ་ཚད་ལྡན་ཡིན་པ”བཅས་ཀྱི“གཙང་བ་དྲུག་དང་ཚད་ལྡན་གཅིག”གི་ཚད་གཞི་ལྟར། ཁྱིམ་ཚང་ཚང་མས“མཛེས་སྡུག་གི་སྒོ་ར”ཧུར་ཐག་གིས་གསར་སྐྲུན་བྱེད་པར་སྐུལ་སློང་དང་སྣེ་ཁྲིད་བྱེད་དགོས། གསུམ་ནས་ཁོར་ཡུག་བཅོས་སྐྱོང་གི“གཙོ་ཤུགས་དམག”དང་མཛེས་སྡུག་སྒོ་ར་གསར་སྐྲུན་གྱི“རུ་འདྲེན་དམག”བརྩོན་ལེན་བྱས་ཏེ།གྲོང་གསེབ་དར་སྤེལ་འཐབ་ཇུས་ཐད་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་པ་བཅས་ཀྱི་བླང་བྱ་བཏོན། །