ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཅིག་སྒྲིལ་རྫོང་གིས་དུས་རབས་གསར་པའི་འཇོན་མིའི་དཔུང་སྡེ་ཤུགས་ཆེན་པོས་སྐྱེད་སྲིང་བྱས་པ།

ཏང་འཛུགས་སྐྲུན་ལ་བརྟེན་ནས“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་དངོས་འབེབས་ཡོང་བར་སྐུལ་འདེད་བཏང་བའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཁུལ་ཨུའི་བཀོད་སྒྲིག་བླང་བྱ་དང་དམ་དུ་སྦྲེལ་ཏེ། 《གཅིག་སྒྲིལ་རྫོང་གི་ཏང་འཛུགས་སྐྲུན་ལ་བརྟེན་ནས“འབྲེལ་གཏུག་བཞི་དང་རྒྱུགས་ཤོག་གསུམ”གྱི་བྱ་བའི་ནང་རྐྱེན་དངོས་འབེབས་ཡོང་བར་སྐུལ་འདེད་གཏོང་བའི་སེམས་ཤུགས་གཅིག་སྒྲིལ་གྱི་འགུལ་སྐྱོད་ཇུས་གཞི》དུས་ཐོག་ཏུ་གཏན་འབེབས་བྱས་པ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྐུལ་སྤེལ། དོན་འཁྱོལ་ནན་འཛིན་བཅས་བྱས་ཤིང་། “སེམས་ཤུགས་གཅིག་སྒྲིལ”གྱི་འགུལ་སྐྱོད་ལག་བསྟར་བྱས་པ་བརྒྱུད་དེ། མི་འདེམས་པ་དང་མི་བཀོལ་བའི་ཕྱོགས་སྟོན་གང་ནུས་སྒོས་འདོན་སྤེལ་དང་། ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་ལས་བྱེད་པའི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ། བློ་དཀར་ལྷད་མེད་དང་ཁག་ཁུར་ཡོད་པ་དང་སྤུས་ཚད་མཐོ་བའི་ཆེད་ལས་ཅན་དང་ན་གཞོན་ཅན། དེང་རབས་ཅན་བཅས་ཀྱི་དུས་སྐབས་གསར་པའི་ལས་བྱེད་པའི་དཔུང་སྡེ་ཞིག་ཧུར་ཐག་གིས་འཛུགས་པར་འགན་སྲུང་བརྟན་པོ་མཁོ་འདོན་བྱས།

ཏང་འཛུགས་སྐྲུན་གྱིས་གཅིག་འདོམས་བྱས་ཏེ་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་པ། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་མགོ་ཁྲིད་ཚན་ཆུང་དང་མགོ་ཁྲིད་ལས་བྱེད་པར“འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱེད་དགོས་པའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཤིང་། མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་བྱ་བ་དང་སྦྱར་ཏེ། ཉིན་རྒྱུན་གྱི་རྟོག་ཞིབ་དང་ཞིབ་འཇུག་བརྟག་དཔྱད། བྱ་བར་མཛུབ་སྟོན་བྱེད་པ་སོགས་ཀྱི་ཐབས་ལམ་སྤྱད་ཅིང་། སྐབས་བརྗེ་རྗེས་ཀྱི་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་ལ་ཆེད་དོན་བརྟག་ཞིབ་སྤེལ་བ་དང་། ཞང་གྲོང་སོ་སོ་དང་ལས་ཁུངས་སོ་སོའི་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་དང་། ལེགས་སྒྱུར་ཁ་ཕྱོགས་དང་ལས་བྱེད་པའི་དངོས་ཡོད་རྣམ་འགྱུར་སོགས་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ཏེ། ལས་བྱེད་པ་འདེམས་བསྐོ་བྱེད་པར་ཟུར་ལྟ་བྱེད་ས་འདོན་སྤྲོད་བྱས་ལ། དུས་མཚུངས་སུ་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ལ་རྟོག་ཞིབ་བྱས་པའི་སྤུས་ཀ་དང་མི་འདེམས་སྤྱོད་བྱེད་པ་གནད་ལ་ཁེལ་ཚད་སྔར་ལས་ཇེ་མཐོར་བཏང་།

ལམ་ལུགས་གཞིར་བཟུང་སྟེ་ལས་བྱེད་པའི་བྱ་བའི་ཁྲིད་ཕྱོགས་བཙུགས་པ། ཏང་སྲིད་མགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བསྐོ་སྤྱོད་བྱེད་པའི་བྱ་བའི་སྲོལ་ཡིག་དང་།《ལས་ཁུངས་དང་སྡེ་ཁག་གི་མི་སྣ་སྐོང་གཡར་དོ་དམ་བྱེད་ཐབས(ཚོད་སྤྱོད)》《མགོ་ལོག་ཁུལ་གྱི་གཞུང་ཞབས་པའི་ལས་བསྒྱུར་བསྐོ་གཞག་བྱེད་ཐབས》སོགས་ཀྱི་ལམ་ལུགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་། བྱ་བའི་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་ལ། ལས་བྱེད་པའི་བྱ་བ་ཧུར་བརྩོན་དང་ཕན་འབྲས་མཐོན་པོས་འཁོར་སྐྱོད་ཡོང་བར་སྐུལ་འདེད་བཏང་ནས། འདེམས་སྒྲུག་བསྐོ་སྤྱོད་བྱ་བའི་གཟབ་ནན་རང་བཞིན་དང་ཚད་ལྡན་རང་བཞིན་དངོས་གནས་ཇེ་དྲག་ཏུ་བཏང་ཡོད།

འགུལ་སྐྱོད་འཛིན་ལུང་དུ་བཟུང་ནས་ན་གཞོན་དཔུང་སྡེའི་གསོག་འཇོག་ཇེ་མང་དུ་བཏང་བ། “འོས་སྦྱོར+རྟོག་ཞིབ+ཞིབ་འཇུག”གི་ཐབས་ལམ་སྤྱད་དེ། ཉིན་རྒྱུན་གྱི་དཔྱད་ཞིབ་དང་ལས་བྱེད་པའི་མི་དོན་ཡིག་ཚགས་ཆ་འཕྲིན་ལ་རྒྱུས་ལོན་བྱས་པ་དང་། དེ་མིན་ད་རུང་ཏང་སྲོལ་སྲིད་གཙང་ཕྱོགས་ཀྱི་གནས་ཚུལ་དང་སྦྲེལ་ཏེ། ན་གཞོན་ལས་བྱེད་པའི་སྐས་རིམ་དཔུང་སྡེའི་གསོག་འཇོག་མཛོད་ཁང་ཞིབ་འཇུག་གཏན་འཁེལ་བྱས་ནས་འཛུགས་སྐྲུན་བྱས། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་འཛིན་ནན་ཏན་སྒོས་དོན་འཁྱོལ་བྱས་པ་དང་། གནད་ཁེལ་གསོ་སྐྱོང་འབུར་དུ་བཏོད་པ། ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོའི“ཕུལ་བྱུང་ནང་གི་ཕུལ་བྱུང”གི་ན་གཞོན་ལས་བྱེད་པའི“ནར་སོན་ཡིག་ཚགས”འཛུགས་པ། ཞན་ཆ་སྔར་ལས་ཡོ་བསྲང་དང་ལེགས་ཆར་སྔར་ལས་ཡར་སྐུལ་བྱས་པ། ཆབ་སྲིད་སྦྱོང་བརྡར་དང་གཞུང་ལུགས་སྦྱོང་བརྡར། ཡུལ་དངོས་ཀྱི་སྦྱོང་བརྡར། ཕྱི་ནང་གི་སྦྱོང་བརྡར། ལག་ལེན་སྦྱོང་བརྡར་བཅས་སྤྱི་ཡོངས་ནས་མཐོར་འདེགས་བཏང་སྟེ། དུས་རབས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་ཐུབ་པའི་ན་གཞོན་ལས་བྱེད་པའི་དཔུང་སྡེ་ཕུལ་དུ་བྱུང་བ་ཞིག་སྐྱེད་སྲིང་ཅི་ཐུབ་བྱས། །