ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རང་ཞིང་གིས་ནགས་དཔོན་ལམ་ལུགས་དོན་འཁྱོལ་བྱས་ནས་ཕན་འབྲས་འབྱུང་བར་སྐུལ་སྤེལ་གཏིང་ཟབ་བྱས་པ།

2021ལོའི་ཟླ9པ་ནས་ནགས་དཔོན་ལམ་ལུགས་འཚོལ་ཞིབ་དང་ལག་བསྟར་བྱས་པའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ནགས་རྩྭའི་སྡེ་ཁག་གིས་བསམ་བློ་གཅིག་གྱུར་དང་དངོས་འབེབས་ནན་འཛིན་བྱས་ནས། བྱ་བ་ཚང་མར་གཏིང་ཟབ་སྒོས་སྐུལ་སྤེལ་དང་དོན་དངོས་སྒོས་ནན་འཛིན་བྱས་པས། ཞིང་ཆེན་ཡོངས་ཀྱི་ནགས་དཔོན་ལམ་ལུགས་ཀྱི་བྱ་བར་གྲུབ་འབྲས་མངོན་གསལ་བླངས།

མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཞང་། སྡེ་བ་བཅས་རིམ་པ་ལྔའི་ནགས་དཔོན་ལམ་ལུགས་ཀྱི་རྩ་འཛུགས་མ་ལག་དང་འཁོར་རྒྱུག་ནང་རྐྱེན་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་དང་། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་རིམ་པ་སོ་སོའི་ནགས་དཔོན6467བཞག་ཡོད་ལ། དེའི་གྲས་སུ་ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས་དཔོན5དང་། གྲོང་ཁྱེར་རིམ་པའི་སྤྱི་ཁྱབ་ནགས་དཔོན32། རྫོང་རིམ་པའི་སྤྱི་ཁྱབ་ནགས་དཔོན255། ཞང་རིམ་པའི་སྤྱི་ཁྱབ་ནགས་དཔོན1245། སྡེ་བ་རིམ་པའི་ནགས་དཔོན4930ཡོད། 《མཚོ་སྔོན་ཞིང་ཆེན་གྱིས་ནགས་དཔོན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་སྤེལ་བྱེད་པའི་ལག་བསྟར་ཇུས་གཞི》སོགས་ལམ་ལུགས་དོན་ཚན“1+5”དང་བྱེད་ཐབས་གཏན་འབེབས་བྱས་ཤིང་། གྲོང་ཁྱེར་དང་རྫོང་གིས་འབྲེལ་ཡོད་ལམ་ལུགས་དང་བྱེད་ཐབས་སོགས234གཏན་འབེབས་བྱས་པས། “ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས་དཔོན་གྱིས་སྤྱིའི་འགན་འཁུར་བ་དང་། གྲོང་ཁྱེར་རིམ་པའི་སྤྱི་ཁྱབ་ནགས་དཔོན་གྱིས་ལྟ་སྐུལ་ནན་འཛིན་བྱེད་པ། རྫོང་རིམ་པའི་སྤྱི་ཁྱབ་ནགས་དཔོན་གྱིས་དངོས་འབེབས་ནན་མོ་བྱེད་པ”ཡི་བྱ་བའི་ཆགས་སྟངས་གྲུབ་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོབ་དང་དོ་དམ་བྱ་བར་ཁྱོན་ཡོངས་ནས་ཤུགས་བསྣན།

ཞིང་ཆེན་རིམ་པའི་ནགས་དཔོན་གྱིས་སྣེ་ཁྲིད་བྱས་པ་བརྒྱུད། རིམ་པ་སོ་སོའི་ནགས་དཔོན་འགན་འཛིན་ཁུལ་དུ་སོང་སྟེ་ནགས་ཚལ་སྐོར་ཞིབ་འཛིན་ལུང་བྱས་ཤིང་། རིམ་པ་སོ་སོར་ཕྱོགས་ཡོངས་དང་མངའ་ཁུལ་ཡོངས། གོ་རིམ་ཧྲིལ་པོར་ནགས་དཔོན་ལམ་ལུགས་ནན་འཛིན་བྱས་པ་ལྟ་སྐུལ་བྱས་ཏེ། དུས་ཐོག་ཏུ་གཙོ་གནད་དང་དཀའ་གནད་ཤེས་རྟོགས་དང་ཐག་བཅད། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ནགས་སྤྱི་ཆིང་ཁྲི14.05(མུའུ་ཁྲི210.83)བསྐྲུན་པ་དང་། རྩྭ་སྤྱི་ཆིང་ཁྲི43.86(མུའུ་ཁྲི658)ལེགས་བཅོས་བྱེད་པ་ལེགས་འགྲུབ་བྱུང་ཞིང་། ཁྲིམས་བརྟེན་སྲོལ་བསྟུན་གྱིས་ནགས་རྩྭ་བརླན་གསུམ་གྱི་ལས་གཞི140ཡི་སྤྱི་ཆིང་ཁྲི0.12(མུའུ་ཁྲི1.91)ཞིབ་བཤེར་མཆན་བཀོད་བྱས་པ་དང་། བརླན་ས་སྤྱི་ཆིང་ཁྲི0.25(མུའུ་ཁྲི3.89)བཅོས་སྐྱོང་དང་སླར་གསོ་བྱས། ནགས་རྩྭའི་གནོད་ལྡན་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱས་པ་སྤྱི་ཆིང་ཁྲི142.51(མུའུ་ཁྲི2137.67)ལ་སླེབས་ཡོད།

སྡེ་ཁག་མང་པོས་མཉམ་འབྲེལ་གྱིས་རྩ་འཛུགས་བྱས་ཏེ“སྲོལ་གཙང”འགུལ་སྐྱོད་སྤེལ་ཏེ། རི་སྐྱེས་སྲོག་ཆགས་དང་འབྲེལ་བའི་གྱོད་དོན10རྩད་ཆོད་ཅིང་། ཁྲིམས་འགལ་ཚོགས་པ4ལ་རྡུང་རྡེག་བྱས་ལ། ཁྲིམས་འགལ་ཉེས་བསགས་མི་སྣ13ལ་ཁྲིམས་ཐག་བཅད་པ་དང་། གླ་རྩི་དང་ཤ་རྭ། སྤྱང་སོ་སོགས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་རྫས110ལ་སྤྱི་རྒྱ643ཡོད་པ་རྩད་ཆོད་པ་དང་། ད་ལོའི་ལོ་གསར་སྐབས་དང་དྭངས་གསལ་དུས་ཆེན་སྐབས་སུ་མེ་སྐྱོན་བྱུང་བའི་ཐེངས་གྲངས་དང་མེ་ཤོར་རྒྱ་ཁྱོན་ནི་སྔོན་ལོའི་དུས་མཉམ་ལས་སོ་སོར94%དང95%མར་ཆག་ཡོད་ཅིང་། བསྟུད་མར་ལོ35རིང་ལ་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་དང་མི་སྣ་ཤི་རྨས་ཀྱི་དོན་རྐྱེན་ཚབས་ཆེན་མ་བྱུང་། །