ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

ཟླ9པའི་ཚེས20ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱས་པ་དང་། ད་ལོའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་གནས་ཚུལ་དང་ཉེ་བའི་དུས་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིག་གི་སྙན་ཞུར་གསན་ཞིང་། ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཆབ་སྲིད་ཀྱི་ལས་འགན་ཡིན། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ལ་ཉེ་བའི་སྐབས་འདིར། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ནས་བདེ་འཇགས་ཐོན་སྐྱེད་ཀྱི་ཤིན་ཏུ་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་པོར་སྒྲུབ་པ་ནི“གཏན་འཁེལ་གཉིས”བརྩི་སྲུང་དང“སྲུང་སྐྱོང་གཉིས”ལག་ལེན་དུ་བསྟར་བའི་ཞིབ་བཤེར་གལ་ཆེན་དུ་བརྩིས་ཏེ། “རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་འཇགས་ཡིན་པ། འཕེལ་རྒྱས་བདེ་འཇགས་ཡིན་པ”ཡི་བླང་བྱ་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་དངོས་འབེབས་བྱེད་པ་དང་། བསམ་བློའི་ངོས་ཟིན་ཡང་དག་ཡིན་པ་དང་བྱ་བའི་ཐབས་ཤེས་དོན་ཐོག་ཏུ་འཁྱོལ་བ། འགན་འཁྲི་དངོས་འབེབས་བྱེད་པ། མངོན་མེད་རྐྱེན་ངན་སེལ་བ་བཅས་བྱས་ནས། བློ་ཐག་རྦད་ཆོད་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་འབྱུང་བར་འགོག་ཟོན་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ལ་དོགས་ཟོན་ནན་མོ་བྱེད་དགོས། འཁྱགས་དར་སྲབ་མོའི་སྟེང་དུ་བགྲོད་པ་དང་དཀན་གཟར་གཡང་རོང་ཁ་རུ་བསྐྱོད་པ་ལྟ་བུའི་ཉེན་ཁའི་འདུ་ཤེས་བཅངས་ནས། “ནམ་ཡང་བློ་བག་ལྷོད་མི་ཐུབ་པ”ཡི་འགན་འཁྲིའི་འདུ་ཤེས་ཀྱིས་རྣམ་རིག་བསྒྲིམས་ནས། དུས་ནམ་ཡང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དེ་གཙོ་བོར་འཇོག་པ་དང་། དུས་ནམ་ཡང་བདེ་འཇགས་ཐོན་སྐྱེད་དེ་དོན་ཆེན་དུ་བརྩིས་ནས། ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་། གནད་དོན་གྱི་ཁྲིད་ཕྱོགས་དང་མ་མཐའི་རིགས་ལམ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་ཉེན་ཁ་གྲལ་བཤེར་གཏིང་ཟབ་བྱེད་དགོས། ས་གནས་དང་སྡེ་ཁག ལས་རིགས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་བྱ་བའི་གཡོལ་མེད་ཀྱི་བྱེད་ཐབས་དོན་ཚན15དང་རང་ཞིང་གི་བྱེད་ཐབས་དོན་ཚན33གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ནས། ཤུགས་ཆེན་པོས་བདེ་འཇགས་ལྟ་སྐུལ་དོ་དམ་ནུས་པའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཉེན་ཁ་ཅན་གྱི་མངོན་མེད་རྐྱེན་ངན་ལ་ཡང་དང་བསྐྱར་དུ་གྲལ་བཤེར་བྱེད་ཅིང་། སྒོས་སུ་འགྲིམ་འགྲུལ་དང་མེ་གསོད། སོལ་རླངས། གཏེར་རིའི་ཁེ་ལས། ས་གཤིས་གནོད་འཚེ་སོགས་ཀྱི་ཁྱབ་ཁོངས་ལ་ལྟ་རྟོག་ནན་མོ་བྱས་ཏེ། དུས་ཐོག་ཏུ་ཉེན་ཁའི་མངོན་མེད་རྐྱེན་ངན་བསལ་ནས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དང་། བདེ་འཇགས་བརྟན་འཇགས་སྲ་བརྟན་ཡིན་པའི་འགོག་སྲུང་བརྟན་པོར་བསྐྲུན་དགོས། དོགས་ཟོན་སྔོན་ལ་བྱེད་པ་དང་སྔོན་འགོག་གཙོ་བོར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བྲེལ་བསྟུན་སྔོན་ཇུས་དང་འགོག་ཟོན་བྱེད་ཐབས་གཏན་འབེབས་བྱེད་དགོས། ཚོད་རྩིས་ཆེན་པོའི་རིགས་ལམ་གྱིས་ཚོད་རྩིས་ཆུང་ངུའི་དོན་རྐྱེན་ལ་ལན་འདེབས་པ་དང་། དུས་རྒྱུན་འབད་པ་བྱེད་པ་དང་བྱེད་ཐབས་ནན་བསྟར་བྱས་ཏེ། “འཕྲེད་ནས་མཐའ་རུ་སླེབས་པར་བྱེད་པ་དང་། གཞུང་ནས་འདབས་སུ་བརྟོལ་བར་བྱེད་པ”ཡི་བྲེལ་བསྟུན་སྔོན་ཇུས་མ་ལག་བཙུགས་ཏེ། དངོས་འཐབ་ཅན་གྱི་བྲེལ་བསྟུན་འཁྲབ་སྦྱོང་ལ་ཤུགས་སྣོན་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགོག་ཟོན་བྱེད་ཐབས་ལ་དུས་ཐོག་ཏུ་སྟོང་ཆ་འཚོལ་ཞིང་ཆད་པ་ཁ་གསབ་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་ཞིང་། བྲེལ་བསྟུན་གདོང་ལེན་ནུས་པ་མཐོར་འདེགས་གཏོང་དགོས། འགན་འཁྲི་ནན་བསྟར་དང་ཕྱོད་ཆེ་གཅིག་འདོམས་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་ཚང་མ་དངོས་འབེབས་ནན་འཛིན་བྱེད་དགོས། “ལས་རིགས་དོ་དམ་བྱེད་ན་ངེས་པར་བདེ་འཇགས་འཛིན་དགོས་པ་དང་། ལས་སྒོ་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་འཛིན་དགོས། ཐོན་སྐྱེད་དོ་དམ་བྱེད་ན་ངེས་པར་དུ་བདེ་འཇགས་འཛིན་དགོས་པ”རྒྱུན་འཁྱོངས་བྱས་ཏེ། ཏང་སྲིད་འགན་མཉམ་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས་གཟབ་ནན་གྱིས་དངོས་འབེབས་བྱེད་པ་དང་། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་འགན་འཁྲི་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ཁེ་ལས་གཙོ་གཞིའི་འགན་འཁྲི་བཅས་ནན་འཛིན་དངོས་གཉེར་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་སྦྲེལ་ཐག་དམ་པོར་སྦྲེལ་ཞིང་། བག་མེད་ལྷོད་གཡེང་གཏན་ནས་མི་བྱེད་ཅིང་དག་ཐེར་བཅོས་སྐྱོང་བྱེད་ཞོར་དུ་དོན་རྐྱེན་གཏན་ནས་འབྱུང་དུ་མི་འཇུག་པ་དང་། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གཅིག་ཀྱང་གཏན་ནས་འཐུས་ཤོར་དུ་མི་གཏོང་བ་བཅས་བྱེད་དགོས། དུས་མཚུངས་སུ། ལྷོད་གཡེང་སྤུ་ཙམ་མི་བྱེད་ཅིང་དུས་ནམ་ཡང་གཟབ་ནན་གྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལེགས་པོར་འཛིན་པ་དང་། ཡང་བསྐྱར་གཞི་ཁྱོན་རང་བཞིན་གྱི་རིམས་ནད་གཏན་ནས་འབྱུང་དུ་འཇུག་མི་རུང་བར། བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཚོགས་འདུའི་སྟེང་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །