ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཅིག་སྒྲིལ་རྫོང་གིས་གནད་འཁེལ་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་པ།

མིག་སྔར།རྒྱལ་ཡོངས་ཀྱི་ས་ཆ་མང་པོར་རིམས་ནད་མཆེད་པས།བོད་ལྗོངས་དང་ཀན་སུའུ།སི་ཁྲོན་སོགས་མཐའ་འཁོར་གྱི་ཞིང་ཆེན་དང་གྲོང་ཁྱེར་ཁུལ་བཅས་ལ་སྲིབ་གཤིས་ནད་པ་གཅིག་རྗེས་གཉིས་མཐུད་དུ་བྱུང་།རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ནས་རྙོག་འཛིང་དང་ཛ་དྲག་ཆེ་བའི་གནས་བབ་ལ་འཕྲད་ཡོད།རྫོང་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་དངོས་གནས་འགན་སྲུང་ཏན་ཏིག་བྱ་ཆེད།མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན།ཁུལ་ཨུ་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ།“ཕྱི་ནས་ནང་དུ་མཆེད་པ་དང་ནང་དུ་བསྐྱར་འཕར་འབྱུང་བ་སྔོན་འགོག”གི་སྤྱིའི་ཐབས་ཇུས་དང“འགུལ་རྣམ་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་དང་བྲེལ་བསྟུན་ཐག་གཅོད་བྱ་བ་ལེགས་པོར་བསྒྲུབས་དང་སྒྲུབ་བཞིན་ཡོད།

“ཕྱི་ནས་ནང་དུ་མཆེད་པ་འགོག་པའི”འགག་སྒོ་ནན་སྲུང་བྱས་ནས།“བདེ་འཇགས་འགོག་སྲུང”གི་འགོག་རགས་བརྟན་པོར་བསྐྲུན་པ།གཅིག་ནས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་གིས་འཁུར་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཞིབ་མོ་བྱས།རྫོང་ཡོངས་ཀྱི་གོང་འོག་ཚང་མས་མིག་མངས་འགྲིག་སྐོར་གཅིག་ལྟ་བུའི་བསམ་བློ་བརྟན་པོ་བཙུགས་ཏེ།“ཞིབ་ཚགས་དང་ནན་མོ།དྲང་བོ།མགྱོགས་པོ”བཅས་མངོན་གསལ་དོད་པོ་ཡོང་བ་བྱས་ནས།སྤྱི་ཚོགས་ངོས་ཀྱི་དོ་དམ་ཚོད་འཛིན་བྱེད་ཐབས་རིམ་སྤར་བྱས་ཏེ་མགྱོགས་མྱུར་སྒོས་བྲེལ་བསྟུན་བཀོད་འདོམས་མ་ལག་བཙུགས་ཤིང་།རྫོང་རིམ་པའི་མགོ་ཁྲིད་ཀྱིས་ལས་བགོས་འགན་འཁུར་དང་ལས་བགོས་དམག་འཐབ་བྱེད་པ་དང་།ཞང་དང་གྲོང་རྡལ་དང་།ལས་རིགས་སྡེ་ཁག་གི་ལས་ཁུངས།ཁེ་ལས་དང་དོན་ལས་སྡེ་ཚན་སོ་སོ་དང་།དེ་མིན་མི་སྒེར་བཅས་ཀྱིས“ཕྱོགས་བཞིའི་འགན་འཁྲི”དོན་འཁྱོལ་ནན་མོ་བྱས་ཏེ།རང་འགན་རང་འཁུར་བྱེད་པའི་སྟོབས་ཤུགས་གཅིག་སྒྲིལ་བྱས། དེ་དང་ཆབས་ཅིག་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་དམངས་སེམས་སུ་ཟུག་པར་བྱས་ལ།གྲོང་མིས་ཁང་པའི་ནང་གི་མཁའ་རླུང་རྒྱུ་བ་རྒྱུན་འཁྱོངས་དང་།མི་སྒེར་དང་ཁང་པའི་ནང་གི་ཁོར་ཡུག་གཙང་སྦྲར་དོ་སྣང་བྱས་ཏེ།དཀྲོག་གཏམ་མི་བཤད་པ་དང་དཀྲོག་གཏམ་མི་སྒྲོག་པ།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པར་ལས་ཁུངས་དང་སྨྱན་བྱད་ཀྱིས་མ་བསྒྲགས་པའི་རིམས་ནད་གནས་ཚུལ་བརྒྱུད་སྒྲོག་མི་བྱེད་པར་བྱས། གཉིས་ནས་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་རེ་སྒུག་སྐོང་བར་ཤུགས་བསྣན་ནས།མི་ཆོས་དང་མཐུན་པའི་རིམས་འགོག་གི་བྱ་བ་ཞིབ་ཚགས་དང་ཏན་ཏིག་གིས་བསྒྲུབས།རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་བླང་བྱར་གཞིགས་ནས“བཅུ་དཔོན+ཞང(གྲོང་རྡལ)+སྡེ་བ(སྡེ་ཁུལ) ”བཅས་རིམ་པ་གསུམ་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་གཞིར་བཟུང་བ་དང་།ཕ་ཡུལ་དུ་ལོག་མཁན་ལ་གྲལ་བཤེར་བྱེད་པ་དང་གོང་ཞུ་བྱེད་དུ་བཅུག་ལ།དམིགས་བསལ་དུས་སྐབས་སུ་གནས་གཅིག་ནས་གནས་གཅིག་ལ་བསུ་སྐྱེལ་བྱས་ཏེ།ཕྱིར་རྫོང་ཁོངས་སུ་ཡོང་དཀའ་བའི་གནད་དོན་ཐག་གཅོད་བྱས།ཕ་ཡུལ་དུ་ལོག་མཁན་རྣམས་ཀྱི་སེམས་བདེ་རུ་འཇུག་ཆེད།ཕ་ཡུལ་དུ་ལོག་པའི་མི་སྣར“ཐོན་མ་ཐག་གི་ཞིབ་བཤེར”དང“ཉིན་ལྔའི་ཞིབ་བཤེར་གསུམ” “ཉིན་བདུན་གྱི་ཞིབ་བཤེར་ལྔ”བྱས་ཏེ་ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ལེགས་པོ་བྱེད་དགོས་པའི་བླང་བྱ་བཏོན།དེ་དང་ཆབས་ཅིག་ཁ་པར་དང་སྐད་འཕྲིན་གྱི་ལམ་ནས་འབྲེལ་ཡོད་ཁྱིམ་སྡོད་ལོགས་བཀར་མི་སྣ་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བ་དང་།འཚོ་བའི་ཐད་སེམས་ཁུར་བྱས་ཏེ་མང་ཚོགས་ཀྱིས་སེམས་ཁྲལ་བསལ་བ་དང་།བྱ་སྤྱོད་དངོས་ཀྱིས་མི་སེམས་ལ་དྲོད་སྐྱིད་སྦྱིན་ཏེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”ཞེས་པའི་བྱ་འགུལ་སྔར་བས་ལག་བསྟར་དང་གཏིང་ཟབ་ཏུ་བཏང་། གསུམ་ནས་སྔོན་འགོག་ཚོད་འཛིན་གྱི་བཙན་རྫོང་བརྟན་པོར་བཏང་ནས་དྲ་མིག་ཅན་གྱི་དོ་དམ་ལ་དམ་འཛིན་ཞིབ་འཛིན་བྱས།“བཅུ་དཔོན+དྲ་མིག་ཅན”གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་བྱེད་སྟངས་བརྒྱུད་དེ་རྫོང་ཁོངས་ཀྱི་ཞང་དང་གྲོང་རྡལ6དང་རྫོང་མཁར་གྱི་དྲ་མིག་ཅན་གྱི་ལས་ཁུངས14ལ“སྨན་བཅོས་མི་སྣ+ཞང་གྲོང(སྡེ་ཁུལ)ལས་བྱེད་པ+སྤྱི་བདེ(ཁྲིམས་འཛིན)སྡེ་ཁག་གི་མི་སྣ+མང་ཚོགས་དང་བླངས་པ”བཅས་ཀྱི་མཉམ་ལས་བྱེད་སྟངས་གཞིར་བཟུང་སྟེ།གནས་གཙོ་བོ་དང་འགག་རྩའི་གནས་སུ་གནས་སྐབས་ཀྱི་ཏང་ཀྲི་པུའུ་བཙུགས་པ་དང་།ཏང་ཡོན་ལ་འགན་འཁྲི་ཁུར་དུ་བཅུག་པ་དང་།ཏང་ཡོན་གདོང་ལེན་ལས་རྐང་བཙུགས་ཏེ།ཁོངས་གཏོགས་ས་ཆའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་།སྡེ་བ་དང་ཧྲེ།ཐོག་ཁང་།སྡེ་ཁུལ་བཅས་ཀྱི་མི་སྣར་དོ་དམ་ཚོད་འཛིན་བྱས་ཤིང་།ཆ་འཕྲིན་མཐིལ་རྟོགས་དང་ཉིང་སྐྱུར་བཤེར་འཇལ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབས་ནས།མཉམ་འགོག་མཉམ་བཅོས་ཀྱི་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

“དམངས་སེམས་གཅིག་སྦྲེལ”གྱི “ཟམ་པ་བཙུགས་ནས་ཞིང་ཆེན་དབར་གྱི་མཛའ་བརྩེ”ཡི་བགྲོད་ལམ་ཤར་གཏོང་བྱས།གཅིག་ནི་བཀའ་རྒྱ་ཐོས་འཕྲལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བའི་དོན་ཚན་རེ་རེ་ལེགས་པོར་བསྒྲུབ་ཆེད།རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་མགྱོགས་མྱུར་ངང་དང་ལེན་བྱས་པ་དང་།ལས་རིགས་ཀྱི་འགན་འཁྲི་ཧུར་ཐག་གིས་བསྒྲུབས་ཏེ་རྫོང་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རོགས་འདེགས་བྱས།རིམས་ནད་བྱུང་མ་ཐག་བཀོད་སྒྲིག་བྱས་ཏེ་ལོགས་བཀར་ས་གནས་དང་མ་དཔེ་ལེན་ས་བཙུགས་ཤིང་།ཚན་རིག་དང་མཐུན་པའི་སྒོ་ནས་སྨན་བཅོས་མི་སྣའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཚད་ལྡན་ངང་སྤེལ།གནད་འགག་འགྲིམ་འགྲུལ་འགག་སྒོ་རུ་དུས་ཚོད24རིང་རེས་སྐོར་ལམ་ལུགས་བཙུགས་ནས།ཉིང་སྐྱུར་བཤེར་འཇལ་སྙན་ཞུ་དང“ཨང་གཉིས་བཤེར་གཉིས”སོགས་ཀྱི་ཞིབ་བཤེར་བྱེད་ཐབས་བརྒྱུད་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་སྣར་ཁྱོན་ཡོངས་ནས་གྲལ་བཤེར་དང་ཕྱིར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བཏང་། གཉིས་ནས་འཐབ་ཕྱོགས་དང་པོར་ཐད་ཀར་དོ་དམ་བྱས་ཏེ།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞིང་ཆེན་འབྲེལ་མཚམས་འགག་གནས་ཤར་གཏོང་བྱས།གཅིག་སྒྲིལ་རྫོང་གིས་སྤྱི་བདེ་དང་།འཕེལ་རྒྱས་བཅོས་བསྒྱུར་ཅུས། ཚོང་རའི་ལྟ་སྐུལ་དོ་དམ་ཅུས།སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཅུས།འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་མི40ལྷག་གིས་བདེ་འཇགས་སྲུང་སྐྱོང་དང་།དངོས་ཟོག་འགན་ལེན་།སྨན་བཅོས་སྲོག་སྐྱོབ་སོགས་ཀྱི་བྱ་བའི་ཚན་ཆུང་བཙུགས་ཏེ།དུས་ལྟར་འགག་སྒོ་རུ་ལུས་པའི་རླངས་འཁོར་དང་མི་སྣར་ཞབས་ཞུ་འགན་སྲུང་དང་བྲེལ་བསྟུན་རོགས་སྐྱོབ་སོགས་ཀྱི་ལས་དོན་སྒྲུབ་རོགས་བྱས་ཤིང་།ཁྱོན་སྡོམ་ཁ་གསབ་དངོས་ཟོག450ལྷག་ཙམ་མཁོ་འདོན་བྱས།ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མགོ་ཁྲིད་དངོས་སུ་ལས་ཡུལ་དང་པོར་སོང་ནས་མཐུན་སྦྱོར་ངང་ཤར་གཏོང་བྱེད་ཐུབ་པར་འགན་ལེན་བྱས་པ་བརྒྱུད།གཅིག་སྒྲིལ་དང་རྔ་བའི་བར་གྱི་ས་མཚམས་སུ་ལུས་པའི་རླངས་འཁོར་ཚང་མ་ཤར་གཏོང་བྱས་པ་དང་།མིག་སྔར་མཚོ་སྔོན་དང་སི་ཁྲོན་ཞིང་ཆེན་བར་གྱི་འགྲིམ་འགྲུལ་ཁྱོན་ཡོངས་ནས་ཤར་གཏོང་སླར་གསོ་བྱས་པར་བརྟེན།ས་མཚམས་བརྒལ་བའི་རླངས་འཁོར་རྒྱུན་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་ཤར་གཏོང་བྱས། །