ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་རྨ་ཆུའི་ལུང་ཁུལ་གྱི་ཞིང་སྤྱོད་ནུས་ཁུངས་ཀྱི་ལེགས་བབ་འབུར་དུ་བཏོད་པར་དམིགས་ནས། ཞིང་ཆེན་ཡོངས་སུ་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཡུལ་འཛུགས་སྐྲུན་བྱེད་པའི་གཙོ་གནད་ཀྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་པ་དང་། སུར་པན་དང་སྒོག་མྱུག སྨྱུག་རྩྭ་དམར་པོ་སོགས་ཁྱད་ལྡན་སྔོ་ཚོད་ལ་གཞི་རྒྱ་ཅན་གྱི་ཕྱོད་ནུས་གྲུབ་པར་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་ཡོང་འབབ་འཕར་བའི་ལམ་བུ་ཧུར་ཐག་གིས་རྒྱ་བསྐྱེད་པ་རེད། རྒྱུས་ལོན་པ་ལྟར་ན། ཁྲི་ཀ་རུ་ས་མུའུ་སྟོང་ཕྲག་ཅན་གྱི་སྔོ་ཚོད་རྟེན་གཞི3དང་། ས་མུའུ་བརྒྱ་ཕྲག་ཅན་གྱི་སྔོ་ཚོད་རྟེན་གཞི10གསར་འཛུགས་བྱས་ཡོད་པས། སྔོ་ཚོད་འདེབས་འཛུགས་གཞི་རྒྱ་ཅན་དུ་གྱུར་ཡོད། འདི་ནི་སུར་པན་སྡུད་བཞིན་པའི་ཚུལ་རེད།