ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་མཁས་པའི་གླེང་སྟེགས་དང“ཚན་རིག་དང་ཀྲུང་གོ”ཡི་ཡོན་ཧྲི་ཆེད་མཁས་སྐོར་ཁྲིད་བྱ་འགུལ་སྤེལ་ནས་ལོ་ངོ20འགོར་བའི་ཡོན་ཧྲིའི་མཚོ་སྔོན་སྙན་ཞུ་ཚོགས་འདུ་འཚོགས་མགོ་བརྩམས་པ།

སུན་ཅ་ཏུང་གིས་རྟེན་འབྲེལ་ཞུ་ཡིག་བཏང་ཡོང་བ་དང་། ཀྲང་ཡུས་ཀྲུའོ་དང་ཞིན་ཁྲང་ཞིང་། ཀའོ་ཧུང་ཅུན་གསུམ་གྱིས་ཤིས་ཚིག་ཕུལ། ཝུའུ་ཞའོ་ཅུན་གྱིས་བྱང་བུ་བསྩལ།

ཟླ8པའི་ཚེས4ཉིན་གྱི་སྔ་དྲོར། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་ན་གཞོན་མཁས་པའི་གླེང་སྟེགས་དང“ཚན་རིག་དང་ཀྲུང་གོ”ཡི་ཡོན་ཧྲི་ཆེད་མཁས་སྐོར་ཁྲིད་བྱ་འགུལ་སྤེལ་ནས་ལོ་ངོ20འགོར་བའི་ཡོན་ཧྲིའི་མཚོ་སྔོན་སྙན་ཞུ་ཚོགས་འདུ་ཟི་ལིང་དུ་ཚོགས་མགོ་བརྩམས། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་ཐོབ་མཁན་ནམ“མདེལ་གཉིས་སྐར་གཅིག”གི་བྱས་རྗེས་གཟེངས་རྟགས་ཐོབ་མཁན། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་སྒྲིལ་ཚད་ཡོད་ཀུང་སིའི་མཐོ་རིམ་ལག་རྩལ་བློ་འདྲི་བ་ཟུར་པ་སུན་ཅ་ཏུང་གིས་རྟེན་འབྲེལ་ཞུ་ཡིག་བཏང་། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཉིན་རྒྱུན་བྱ་བའི་ཡན་ལག་དོ་དམ་གྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་པོ་ཀྲང་ཡུས་ཀྲུའོ་ཡིས་བརྙན་ལམ་ནས་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཀའོ་ཧུང་ཅུན་གཉིས་ཀྱིས་སོ་སོར་ཤིས་ཚིག་ཕུལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་དང་། ཀའོ་ཧུང་ཅུན། ཀྲུང་གོ་ཚན་རིག་ལག་རྩལ་མཐུན་ཚོགས་ཀྱི་ཏང་ཙུའུ་ཁོངས་མིའམ་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཧྲུའུ་ཝེ་གསུམ་གྱིས་མཚོ་སྔོན་ཞིང་ཆེན་གྱི“2022ལོའི་ཚན་རིག་པའི་སྙིང་སྟོབས་སློབ་གསོ་རྟེན་གཞི”རུ་བདམས་ཐོན་བྱུང་བའི་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་། མདེལ་གཉིས་སྐར་གཅིག་གི་ཕུགས་བསམ་དད་མོས་སློབ་གསོ་སློབ་གླིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་གྱི“མདེལ་གཉིས་སྐར་གཅིག”སྙིང་སྟོབས་བཤམས་སྟོན་ཁང་བཅས་ལ་སྒོ་བྱང་བསྩལ།

སུན་ཅ་ཏུང་གིས་རྟེན་འབྲེལ་ཞུ་ཡིག་བཏང་ནས་གླེང་སྟེགས་མགོ་བརྩམས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། “མདེལ་གཉིས་སྐར་གཅིག”ཞིབ་འཇུག་གསར་བཟོ་བྱེད་པའི་ལོ་ཟླའི་ཁྲོད་མཉམ་དུ་འབད་འཐབ་བྱས་པའི་གྲོགས་པོ་རྙིང་པ་རྣམས་དང་། དེ་མིན་གླེང་སྟེགས་སུ་ཞུགས་པའི་ཆེད་མཁས་པ་དང་ཡོན་ཏན་པ། སྐུ་མགྲོན་གྱི་འཐུས་ཚབ་པ་སོ་སོར་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་། རྟེན་འབྲེལ་ཞུ་ཡིག་ནང་བཤད་རྒྱུར། “མདེལ་གཉིས་སྐར་གཅིག”ནི་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་དྲང་མོར་བསྲིངས་པའི་གཟི་བརྗིད་ཡིན་ལ། རླབས་ཆེན་གྱི་མེས་རྒྱལ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཁྲོད་ཀྲོང་ངེར་འགྱིང་བའི་རྡོ་རིང་ལྟ་བུའང་ཡིན། ལོ་དེ་དག་ལ་ཆན་ཞུའེ་སིན་དང་ཏིང་ཅ་ཞན། ཀུའོ་ཡུང་ཧོའེ་སོགས་རྒྱལ་གཅེས་ཤེས་ཡོན་པ་སྐོར་ཞིག་གིས་ཏང་གི་འབོད་སྐུལ་བརྩོན་པས་དང་ལེན་བྱས་ཏེ། ཀྲུང་གོ་གསར་པའི་ཚན་རྩལ་དང་རྒྱལ་སྲུང་བྱ་གཞག་འཛུགས་སྐྲུན་ཁྲོད་ཞུགས་པ་དང་། སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་ཁག་ཁྱད་དུ་བསད་ནས་རང་བདག་གསར་སྐྲུན་བྱས་ཏེ་འཇིག་རྟེན་གྱི་སྐྱེ་འགྲོ་ཀུན་ཧ་ལས་སུ་བཅུག “མདེལ་གཉིས་སྐར་གཅིག”བདེ་བླག་ངང་ཞིབ་འཇུག་གསར་བཟོ་བྱས་པ་ལས་ཀྲུང་ཧྭ་མི་རིགས་ལ་སྙིང་སྟོབས་ཆེན་པོ་རྒྱས་སུ་བཅུག་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་གོ་གནས་མངོན་གསལ་གྱིས་མཐོར་འདེགས་བྱུང་། ལོ་རྒྱུས་དང་དོན་དངོས་ཀྱིས་ང་ཚོར་ཚན་རྩལ་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་རྨང་གཞི་དང་གསར་སྐྲུན་ནི་མི་རིགས་ཡར་ཐོན་གྱི་ཡང་སྙིང་ཡིན་པ་གསལ་བོར་བརྗོད་ཡོད། ཚན་རྩལ་ལས་གཉེར་པ་ཞིག་ཡིན་པའི་ཆ་ནས། ང་ཚོས་ཐོག་མཐའ་བར་གསུམ་དུ་ལས་འགན་དང་འགན་འཁྲི་སེམས་སུ་དམ་པོར་བཅངས་ནས། སྙིང་སྟོབས་ཀྱི་མེ་བུམ་རྒྱུན་འཛིན་བྱེད་པ་དང་སྤོབས་པས་ཚན་རྩལ་གྱི་ཡང་རྩེར་འཛེག་དགོས། བྱ་གཞག་མི་རབས་ནས་མི་རབས་ལ་རྒྱུད་པ་དང་སྙིང་སྟོབས་ཡུན་ནས་ཡུན་དུ་བརྟན་པོར་གཏོང་དགོས། རེ་བ་ཡིན་ན། ན་གཞོན་རྣམས་ཀྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། རྒྱལ་གཅེས་ཀྱི་བསམ་པ་ཞུན་བརྡར་བྱེད་པ། འབད་འཐབ་ཀྱིས་གསོལ་འབུལ་བྱེད་པར་དམ་བཅའ་བ། རླབས་ཆེན་གྱི་བྱ་གཞག་ལ་བྱས་རྗེས་འཇོག་པ་བཅས་ཀྱིས་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང“ལོ་བརྒྱ་ཕྲག་གཉིས་པ”ཡི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་རླབས་ཆེན་འཐབ་ལམ་ཁྲོད་ལང་ཚོ་འབུལ་བ་དང་ངོ་མཚར་བསྐྲུན་དགོས།

ཀྲང་ཡུས་ཀྲུའོ་ཡིས་བརྙན་ལམ་དུ་ཤིས་ཚིག་འབུལ་སྐབས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཚབ་མཛད་ནས། བྱ་འགུལ་སྤེལ་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ཚན་རྩལ་མཐུན་ཚོགས་ཀྱི་བྱ་བར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་ཞུས། ཚན་རིག་ཞིབ་འཇུག་གི་འཐབ་ཕྱོགས་དང་པོ་རུ་རྒྱུན་མཐུད་ནས་འབད་བརྩོན་བྱེད་བཞིན་པའི་ཡོན་ཧྲི་དང་ཆེད་མཁས་པ། ན་གཞོན་ཚན་རྩལ་ལས་གཉེར་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་གུས་འདུད་ཞུས།

ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་ཡོན་ཧྲི་དང་ཆེད་མཁས་པ། ན་གཞོན་མཁས་པ་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་ལས་རིགས་ཁག་གི་གྲོགས་པོ་ཚང་མར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཁོས་བཤད་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་འཇུག་གྲོས་སྡུར་འཛིན་གྲྭ་རུ་གནང་བའི་གསུང་བཤད་གལ་ཆེན་གྱི་སྙིང་སྟོབས་གཏིང་ཟབ་ཏུ་སློབ་སྦྱོང་དང་ལག་བསྟར་མཐའ་འཁྱོལ་བྱེད་པ་དང་།ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་པའི་དུས་སྐབས་འདིར། ན་གཞོན་ཤེས་ཡོན་ཕུལ་བྱུང་ཅན་གྱི་གླེང་སྟེགས་དང་ཡོན་ཧྲི་སྙན་ཞུ་ཚོགས་འདུ་མཐོ་སྒང་དུ་འཚོགས་ནས། གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱེད་པ་དང་། གསར་སྐྲུན་རང་བཞིན་གྱི་རྒྱལ་ཁབ་ཀྱི་མཛེས་པའི་མ་འོངས་པ་མཉམ་དུ་གླེང་མོལ་བྱེད་པ་འདི་ལ་དོན་སྙིང་ཆེན་པོ་ལྡན། འདི་ནི་བསམ་པའི་སྟོབས་ཤུགས་ཆེན་པོར་གོ་བ་ལེན་པའི་མཐོ་སྒང་གི་རྒྱས་འཛོམས་ཤིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རྩལ་གསར་སྐྲུན་ཐད་རྣམ་བཤད་རབ་དང་རིམ་པ་མཛད་པ་དང་། ན་གཞོན་མཁས་པའི་གླེང་སྟེགས་དང་ཡོན་ཧྲི་སྙན་ཞུ་ཚོགས་འདུ་ལ་བརྟེན་ནས། བསམ་པའི་སྟོབས་ཤུགས་ཆེན་པོར་སྔར་བས་གཏིང་ཟབ་སྒོས་གོ་བ་ལེན་པ་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཡིད་ཆེས་སྔར་བས་བརྟན་པོ་དང་དམིགས་འབེན་སྔར་བས་གསལ་པོ། གོམ་སྟབས་སྔར་བས་ཤུགས་དང་ལྡན་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། འདི་ནི་གསར་བརྗེའི་ཁྲག་རྩ་བསྲིངས་པའི་བསམ་པའི་རྒྱས་འཛོམས་ཤིག་ཡིན། དུས་རབས་སྔོན་མའི་ལོ་རབས50པའི་ནང་འཛམ་གླིང་གི་ཆེས་ལེགས་པའི་ཚན་རིག་པ་སྐོར་ཞིག་གིས་མཚོ་སྔོན་གྱི་ཡུལ་གྲུ་འདི་རུ“མདེལ་གཉིས་སྐར་གཅིག”ཅེས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྒལ་ཚིགས་དྲང་མོར་སྲིང་བའི་གྲུབ་འབྲས་འོད་སྟོང་འབར་བ་བསྐྲུན། ཡོན་ཧྲི་དང་ཆེད་མཁས་པ། ན་གཞོན་མཁས་པ་རྣམས་ཀྱིས་མེས་པོའི་རྐང་རྗེས་དེད་ནས་མཐོ་སྒང་གི་ལམ་ལ་ཆས། དེ་ཡིས་དར་སྤེལ་བྱས་པ་ནི་གསར་བརྗེའི་སྲོལ་རྒྱུན་ཡིན་ལ། རྒྱུན་འཛིན་བྱས་པ་ནི་གསར་བརྗེའི་རྒྱུད་པ་ཡིན། བསྲིངས་པའི་རྒྱུན་ནི་ཚན་རིག་གི་སྙིང་སྟོབས་ཡིན། འཕངས་པ་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཡིན། འདི་དག་ནི་དུས་རབས་གསར་པའི་འོད་སྟོང་ཡིན། ཚན་རིག་ལག་རྩལ་ལ་མཉམ་དུ་རམ་འདེགས་བྱེད་པའི་གསར་སྐྲུན་གྱི་རྒྱས་འཛོམས་ཤིག་ཡིན། ཡོན་ཧྲི་དང་ཆེད་མཁས་པ། ན་གཞོན་མཁས་པ་རྣམས་མཚོ་སྔོན་དུ་འཛོམས་ཏེ་རྒྱལ་ཁབ་འབྱོར་ཕྱུག་དང་མི་རིགས་དར་སྤེལ། མི་དམངས་བདེ་སྐྱིད་བཅས་ལ་སེམས་པ་ཕྱོགས་ནས། གནད་འགག་གི་སྲོག་ཤིང་ལག་རྩལ་ལས་སྒྲོལ་བ་དང་གསར་སྐྲུན་འཕེལ་རྒྱས་ཀྱི་བརྗོད་གཞི་ལ་དཔྱད་བསྡུར་བྱས་ཤིང་། མ་འོངས་པའི་ཚན་རྩལ་གསར་སྐྲུན་གྱི་མཛེས་སྡུག་གི་འཆར་གཞི་རི་མོར་བཀོད། དེ་ཡིས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་ཐུབ་ལ་ཤུགས་རྐྱེན་གཏིང་ཟབ་ཀྱང་འཇོག་ཐུབ། འདི་ནི་མཚོ་སྔོན་གྱི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཤེས་རིག་གི་རྒྱས་འཛོམས་ཤིག་ཡིན། ཡོན་ཧྲི་དང་ཆེད་མཁས་པ། ན་གཞོན་མཁས་པ་རྣམས་ཀྱིས་མཚོ་སྔོན་གྱི་འཕེལ་རྒྱས་ཐད་ཚན་རྩལ་གསར་སྐྲུན་གྱི་རེ་བ་བསྩལ་ཞིང་། ཚན་རྩལ་གསར་སྐྲུན་ལ་སྒུལ་ཤུགས་དྲག་པོ་བསྩལ་ཏེ། རླབས་ཆེ་བའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དང་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་བས། ང་ཚོས་མཚོ་སྔོན་གྱི་དོན་དག་སྒྲུབ་པར་སྔར་ལས་ཡིད་ཆེས་ཀྱིས་ཁེངས་ཤིང་། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་སྟེང་གི་མེས་རྒྱལ་གྱི་མཛེས་པའི་མ་འོངས་པར་སྔར་བས་ཡིད་ཆེས་ཀྱིས་ཁེངས།

ཀའོ་ཧུང་ཅུན་གྱིས་ཤིས་ཚིག་ནང་བཤད་དོན། ཀྲུང་གོ་ཚན་རིག་གླིང་གི་རིག་གནས་ཚན་རིག་སྡེ་ཁག་གིས་གྲོས་མགོ་བཏོན་ཞིང་། ཀྲུང་གོ་ཚན་རིག་གླིང་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། བཟོ་འགོད་གླིང་།ཀྲུང་གོ་ཚན་རྩལ་མཐུན་ཚོགས་སོགས་ལས་ཁུངས་དྲུག་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི“ཚན་རིག་དང་ཀྲུང་གོ”ཡི་ཡོན་ཧྲི་དང་ཆེད་མཁས་སྐོར་ཁྲིད་བྱ་འགུལ་སྤེལ་བ་ནི། ཡོན་ཧྲི་དང་ཆེད་མཁས་པ་རྣམས་ཀྱི་མཐོང་རྒྱ་ཡངས་མོ་དང་ཆེད་མཁས་ཀྱི་འཇོན་ཐང་ལ་རྐང་ཚུགས་ཏེ་ཚན་རིག་མང་ཚོགས་དང་ཉེ་བར་བཅར་དུ་བཅུག་པ་དང་། མང་ཚོགས་ལ་ཚན་རིག་རྒྱུས་ལོན་བྱེད་དུ་བཅུག་པ། སྤྱི་ཚོགས་ཡོངས་ཁྱབ་ནས་དོ་སྣང་བྱེད་པའི་ཚ་གནད་ལ་དམིགས་ཡོད་པས། ཚན་རིག་གི་ལངས་ཕྱོགས་ནས་དབང་གྲགས་ཀྱི་སྐད་སྒྲ་དུས་ཐོག་ཏུ་བསྒྲགས་པ་ཞིག་རེད། ད་ལོ་ནི་བྱ་འགུལ་སྤེལ་མགོ་བརྩམས་ཏེ་ལོ་ངོ20འགོར་བའི་ལོ་ཡིན། 2002ལོར་དངོས་སུ་མགོ་བརྩམས་པའི་ཚུན་དུ། སྔ་གཞུག་ཏུ་སྙན་ཞུ་ཚོགས་འདུ་ཐེངས་ཉིས་སྟོང་ལྷག་འཚོགས་པས་སྤྱི་ཚོགས་ལས་རིགས་ཁག་ནས་དགའ་བསུ་ཆེན་པོ་ཐོབ་ཡོད། ཚན་རིག་པའི་སྙིང་སྟོབས་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནི་རང་རྒྱལ་ཚན་རྩལ་ལས་རིགས་ཁག་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན། ཐེངས་འདིའི་བྱ་འགུལ་སྟེང་ཡོན་ཧྲི་རྣམས་ཆེད་དུ“མདེལ་གཉིས་སྐར་གཅིག”གི་རྟེན་གཞི་རུ་ཁྲིད་ནས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་ཡིན་པ་དང་། སྔོན་རབས་པ་རྣམས་ཀྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ་དང་སྒེར་སེམས་མེད་པར་གསོལ་འབུལ་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་བརྩོན་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་ཡང་རྩེར་སྙེག་ཕོད་པའི་རླབས་ཆེན་གྱི་སྙིང་སྟོབས་སྔར་བས་ལེགས་པོར་རྒྱུན་འཛིན་བྱེད་དུ་འཇུག་རྒྱུ། མཚོ་སྔོན་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཡིན་པས་སྐྱེ་ཁམས་དང་ཐོན་ཁུངས། བརྟན་བརླིང་བཅས་ཀྱི་ཐད་འཐབ་ཇུས་གོ་གནས་གལ་ཆེན་ལྡན། ཀྲུང་གོ་ཚན་རྩལ་གླིང་ནི་རྒྱལ་ཁབ་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གཙོ་ཤུགས་དམག་དཔུང་ཡིན་པའི་ཆ་ནས། ལོ་ངོ་མང་པོའི་རིང་ལ་མཚོ་སྔོན་ཞིང་ཆེན་དང་ཚན་རྩལ་མཉམ་ལས་བྱེད་པར་སྐུལ་འདེད་བྱས་པས། ཚྭ་མཚོའི་ཐོན་ཁུངས་ཀྱི་ཕྱོགས་བསྡུས་བེད་སྤྱོད་དང་ཐཱན་གཉིས་ལག་རྩལ། ལྗང་མདོག་གསོག་ནུས་ལག་རྩལ། མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་པ། ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་བྱེད་པ། མཐོ་སྒང་གི་ཞིང་ཕྱུགས་ལས། གནམ་དཔྱད་ལྟ་ཞིབ་ཞིབ་འཇུག ཚན་རིག་ཁྱབ་གདལ་སོགས་ཀྱི་གཙོ་གནད་ཁྱབ་ཁོངས་སུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད། མ་འོངས་པར་གཞིགས་ནས་ཀྲུང་གོ་ཚན་རིག་གླིང་དང་དེའི་རིག་གནས་ཁང་གིས་མཚོ་སྔོན་དང་མཉམ་དུ་སེམས་པ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས། མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད་བཅས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་པོར་འཛུགས་སྐྲུན་བྱེད་པར་སྔར་བས་ཆེ་བའི་བྱས་རྗེས་འཇོག་རྒྱུ་རེད།

ཉིན་དེར་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ཚན་རིག་གླིང་གི་ཡོན་ཧྲིའམ་ཀྲུང་གོ་བཟོ་འགོད་གླིང་གི་ཡོན་ཧྲི། མཁའ་འགྲུལ་ཚན་རྩལ་ཚོགས་པའི་གླིང་ལྔ་པའི་ལག་རྩལ་བློ་འདྲི་བ། ལྷ་གྲུ་རྟགས་ཅན་འཕུར་གྲུའི་ཐོག་མའི་སྤྱི་ཁྱབ་ཇུས་འགོད་མཁན་ཆི་ཧྥ་རེན་གྱིས་བཞེད་དོན་སྙན་ཞུ་ཕུལ། གཞོན་དར་འཇོན་མིའི་འཐུས་མིའམ་ཧྥུ་ཏན་སློབ་ཆེན་གྱི་མིའི་རིགས་ཀྱི་རིགས་དབྱེ་ཚན་ཆུང་ཞིབ་འཇུག་གླིང་གི་ལག་བསྟར་ཡོན་ཀྲང་ཐེན་མེ་ཡིས་གཏམ་བཤད། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་འཁྱགས་ཀླུང་ཁོར་ཡུག་དང་གོ་ལ་ཧྲིལ་པོའི་འགྱུར་ལྡོག་རིག་པའི་ཆེད་མཁས་པ་ཡའོ་ཐན་ཏུང་དང་། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའམ་རྡོ་སྣུམ་རང་བྱུང་སོལ་རླངས་ས་གཤིས་རིག་པའི་ཆེད་མཁས་པ་ཙོན་ཚའེ་ནེང་གཉིས་ཀྱིས་ཚན་རིག་ཁྱབ་སྤེལ་སྙན་ཞུ་ཕུལ། །