ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་འཚོགས་པ།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

ཟླ8པའི་ཚེས8ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་འཚོགས་ནས། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་དགོངས་དོན་་སློབ་སྦྱོང་ཟབ་མོ་དང་གོ་བ་བླངས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གི་གཙོ་གནད་བཅོས་བསྒྱུར་བྱ་བའི་སྙན་ཞུར་མཉན་ལ། འབྲེལ་ཡོད་ཀྱི་བཅོས་བསྒྱུར་ཇུས་གཞི་ལ་གྲོས་ཞིབ་བྱས་པ་དང་། རང་ཞིང་གི་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་བྱ་བར་བཀོད་སྒྲིག་བྱས།

ཧྲེང་ཀྲང་ངམ་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཝེ་ཏུང་དང་ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏ་ནན། ཝང་ལིན་ཧུའུ། པད་གོ ཀྲུའུ་ཞང་ཧྥེང་བཅས་དང་། ཧྲེང་ཀྲང་གཞོན་པ་ལིའུ་ཁྲའོ་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་སྐོར་གྱི་ཤེས་རྟོགས་ཀྱི་རྣམ་བཤད་དང་བྱེད་ཐབས་ཀྱི་རྣམ་བཤད། ལག་ལེན་གྱི་རྣམ་བཤད་བཅས་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གཙོ་བོ་འདི་དག་བཅོས་བསྒྱུར་གྱི་གོ་རིམ་ཧྲིལ་པོ་དང་ཕྱོགས་སོ་སོར་ཁྱབ་པར་བྱེད་པ། དགོངས་པའི་ངོ་བོར་གོ་བ་ཡང་དག་ལེན་པ། སྲོག་ཤིང་གི་གཙོ་གནད་ཁོང་དུ་ཆུད་པ། གཙོ་རྒོལ་གྱི་ཁ་ཕྱོགས་གསལ་པོ་བྱེད་པ་བཅས་ཀྱིས། འགུལ་སྐྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”བརྩི་སྲུང་དང“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱེད་དགོས། བཅོས་བསྒྱུར་ཞེས་པའི་གནད་འགག་གི་ཐབས་ཤེས་འདི་ལེགས་པོར་བཀོལ་ཏེ། བཅོས་བསྒྱུར་གྱི་རིག་ལམ་དང་བཅོས་བསྒྱུར་གྱི་བྱེད་ཐབས་སྤྱད་ནས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་ཐག་གིས་གཅོད་པ་དང་། གནས་བབ་ལ་བརྟེན་ནས་གོ་རྟོགས་མཐོ་རུ་གཏོང་བ་དང་། བློ་སྟོབས་ལ་བརྟེན་ནས་ཁག་ཁུར་ཇེ་དྲག་ཏུ་བཏང་ནས།ཁྱོན་ཡོངས་བཅོས་བསྒྱུར་ཟབ་སྤེལ་གཏིང་ཟབ་ཏུ་འཕེལ་བར་སྐུལ་འདེད་གཏོང་དགོས། གཙོ་གནད་བཅོས་བསྒྱུར་ཟབ་སྤེལ་བྱེད་པར་དམིགས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དུ་བཀོད་སྒྲིག་བྱས་པའི་བཅོས་བསྒྱུར་ལས་འགན་སྣ་ཚོགས་སྤེལ་བར“ཕྱིར་བལྟ”བྱས་པར་གཤིབ་སྡུར་བྱེད་པ་དང་། རང་ཞིང་གི་ཏང་གི་འཐུས་མི་ཚོགས་ཆེན་བཅུ་བཞི་པས་བཀོད་སྒྲིག་བྱས་པའི་བཅོས་བསྒྱུར་གྱི་བྱ་བ་སྣ་ཚོགས་རིམ་པ་བཞིན་ལག་ཏུ་བསྟར་བར་སྐུལ་འདེད་བྱས་ཏེ། བཅོས་བསྒྱུར་གྱི་གྲུབ་འབྲས་དངོས་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཞབས་འདེགས་སྔར་བས་ལེགས་པོ་བསྒྲུབ་དགོས།

གྲོས་ཚོགས་ཀྱིས་བླང་བྱ་བཏོན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་བཅོས་བསྒྱུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བཅོས་བསྒྱུར་གྱི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་ལས་འགན་གྱི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། གཙོ་གནད་བཅོས་བསྒྱུར་རང་གིས་དངོས་སུ་བཀོད་སྒྲིག་བྱེད་པ་དང་ཇུས་གཞི་གལ་ཆེན་རང་གིས་དངོས་སུ་གནད་འགག་འཛིན་པ། གནད་འགག་ལྷུ་ཚིགས་རང་གིས་དངོས་སུ་མཐུན་སྦྱོར་བྱེད་པ། དངོས་འབེབས་ཀྱི་གནས་ཚུལ་ལ་རང་གིས་དངོས་སུ་ལྟ་ཞིབ་བཅས་བྱས་ཏེ། བཅོས་བསྒྱུར་གྱི་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། གནད་ཁེལ་སྒོས་སྟོབས་ཤུགས་འདོན་པ་དང་སྟོབས་ཤུགས་བསྒྲིལ་ནས་འགག་སྒྲོལ་བྱེད་པ། སྔོན་མཐོང་རང་བཞིན་གྱི་བསམ་གཞིག་དང་སྤྱི་ཡོངས་རང་བཞིན་གྱི་འཆར་འགོད། ཧྲིལ་པོ་རང་བཞིན་གྱི་སྐུལ་འདེད་བཅས་ལ་གཙིགས་འཛིན་བྱེད་པ། “སྣ་ཐིག”བཟུང་ནས་གཙོ་བོ་འཛིན་པ་དང་མི་འདང་ས་ཁ་གསབ་བྱེད་པ། གཉོམ་ས་འཛིན་པ། མཐོར་འདེགས་ལ་ཡར་སྐུལ་བྱེད་པ་བཅས་ཀྱིས་བཅོས་བསྒྱུར་ལག་ལེན་དུ་བསྟར་ཐུབ་པ་དང་། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པར་ཁག་ཐེག་བྱེད་དགོས། བཅོས་བསྒྱུར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དང་། བཅོས་བསྒྱུར་རྗེས་སུ་ལུས་མི་རུང་བའི་འདུ་ཤེས་བརྟན་པོར་འཛུགས་པ། བཅོས་བསྒྱུར་བྱེད་པའི་ཁྲོད་དུ་བཀོལ་ན་ཕན་ཐོགས་པའི་ཉམས་མྱོང་དང་བྱེད་ཐབས་སྤྱི་སྡོམ་དང་གདམ་གསེས་བྱེད་པར་གཙིགས་འཛིན་བྱེད་པ། བཅོས་བསྒྱུར་གྱི་ལག་ལེན་གྲུབ་འབྲས་དུས་ཐོག་ཏུ་ལམ་ལུགས་ཀྱི་གྲུབ་འབྲས་སུ་བསྒྱུར་བ། བཅོས་བསྒྱུར་གྱི་ཟོང་རྟགས་བསྐྲུན་པ་བཅས་ཀྱིས་ལད་མོ་བྱེད་ཆོག་ཅིང་ཁྱབ་གདལ་བཏང་ཆོག་པའི་རྒྱུན་རྣམ་གྱི་ཡུན་ཕན་ནང་རྐྱེན་ཆགས་སུ་འཇུག་དགོས། ལྷག་པར་དུ་ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་ཏེ། བདེན་འཚོལ་དངོས་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལེགས་པོར་བཀོལ་ནས་བཅོས་བསྒྱུར་མགྱོགས་ཤིང་བརྟན་ལ་བརྟན་ཞིང་ཡུན་རིང་བར་སྐུལ་འདེད་གཏོང་དགོས།

ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་བཅས་ཀྱི་གཙོ་འགན་འཁུར་བའི་བློ་མཐུན་རྣམས་ཀྱིས་གཙོ་གནད་བཅོས་བསྒྱུར་བྱ་བའི་སྙན་ཞུ་ཕུལ།

གྲོས་ཚོགས་སྟེང《མཚོ་སྔོན་གྱི་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པར་ཧུར་བརྩོན་གྱིས་འདྲེས་པ་དང་ཞབས་འདེགས་ཞུ་བའི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་སྒྲིག་སྲོལ་བཅོས་བསྒྱུར་གྱི་ལོ་གསུམ་འགག་སྒྲོལ་ལག་བསྟར་ཇུས་གཞི》《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་ལག་བསྟར་བསམ་འཆར》《སྦགས་བཙོག་འགོག་བཅོས་འགག་སྒྲོལ་དམག་འཐབ་ལེགས་པོར་རྒྱག་པའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་། །