ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཁྲི་ཀ་རྫོང་གིས་མགོ་ཁྲིད་ལས་བྱེད་པས་ཏང་ཀྲི་པུའུ་ལ་འབྲེལ་གཏུག་བྱེད་པའི་བྱ་བ་རྒྱུན་རྣམ་ཅན་དུ་སྤེལ་བ།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གིས་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མིས་གཞི་རིམ་གྱི་ཏང་ཀྲི་པུའུ་ལ་འབྲེལ་གཏུག་བྱེད་པའི་བྱ་བའི་ལམ་ལུགས་བཙུགས་ཐོག ཏང་ཡོན་མགོ་ཁྲིད་ལས་བྱེད་པས་གཞི་རིམ་གྱི་ཏང་ཀྲི་པུའུ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའི་ཁྲོད་དཔེ་སྟོན་སྐུལ་ཁྲིད་དང་མཛུབ་སྟོན་རོགས་སྐུལ་གྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་སྔར་ལས་ཇེ་དྲག་དང་རྩ་འཛུགས་ནུས་ཤུགས་སྔར་ལས་ཇེ་མཐོར་གཏོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱས།

འགན་འཁྲིའི“འབྲེལ་བ”ནན་མོ་བྱས་ཏེ། རིགས་དབྱེ་ནས་མཛུབ་སྟོན་དང་ཆ་སྒྲིག་བྱས་པ། རྫོང་རིམ་པའི་ཏང་ཡོན་མགོ་ཁྲིད28ཀྱིས་སྣེ་ཁྲིད་དེ། ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཏང་ཀྲི་པུའུ་དང་ཡང་ན་ཆབ་སྲིད་ཀྱི་བྱེད་ནུས་མི་ལེགས་པ་དང་ཏང་གི་འཛུགས་སྐྲུན་རྨང་གཞི་བལྟོས་བཅས་ཀྱིས་ཞན་པ། གནད་དོན་ཅུང་གཅིག་བསྡུས་ཡིན་པའི་ཏང་ཀྲི་པུའུ2བདམས་ནས་འབྲེལ་གཏུག་བྱེད་ཡུལ་དུ་བཞག་རྗེས། གཞི་རིམ་དུ་སོང་ནས་བྱ་བར་མཛུབ་སྟོན་བྱས་པ་དང་། གཞི་རིམ་གྱི་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མི34སྐུལ་ཁྲིད་བྱས་ཏེ་རང་འགུལ་གྱིས་ངོས་འཛིན་རྩིས་ལེན་བྱེད་པ་དང་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱེད་པ་ཕན་ཚུན་ཟུང་འབྲེལ་བྱེད་པའི་ཐབས་ལ་བརྟེན་ནས། འབྲེལ་གཏུག་བྱེད་ཡུལ་ཁྱོན་ཡོངས་སུ་ཁེབས་པར་འགན་སྲུང་བྱས།

“རོགས་རམ”བྱེད་སྟངས་འཐུས་ཚང་དུ་བཏང་ནས། ལས་འགན་ཇེ་གསལ་དང་འགན་འཁྲི་གཏན་འཁེལ་བྱས་པ། “ཟླ་རེའི་གཏན་འཁེལ་དུས་ལ་སླེབས་དུས་མཛུབ་སྟོན་ཐེངས1དང་། དུས་ཚིགས་རེར་རྩ་འཛུགས་འཚོ་བར་ཐེངས1ལ་ཞུགས་པ། ལོ་རེར་ཏང་གི་སློབ་ཁྲིད་ཐེངས1རེ་བྱེད་པ། ལོ་རེར་རྩ་འཛུགས་བྱས་ཏེ་ཏང་ཡོན་དང་མང་ཚོགས་ཀྱི་དྲི་བ་དྲིས་ལན་གྱི་ཡུལ་དངོས་ཚོགས་འདུ་ཐེངས1རེ་འཚོགས་པ། ལོ་རེར་མ་མཐའ་ཡང་དངོས་ཡོད་གནད་དོན1རེ་ཐག་གཅོད་པ། ལོ་རེར་བརྟག་དཔྱད་སྙན་ཞུ1རེ་འབྲི་བའི”“གཅིག་ཅན་དྲུག”གི་བྱ་འགུལ་གཙོ་གནད་དུ་བཟུང་ནས་སྤེལ་ཞིང་། ཏང་ཀྲི་པུའུ་ཡི་ཐབས་ལམ་གསལ་པོར་གཏོང་བ་དང་དམིགས་འབེན་གཏན་འཁེལ་བྱེད་པ། ཐབས་བཀོད་དོན་ལྡན་འདོན་པ། མི་འདང་ས་ཁ་སྐོང་བ་བཅས་ལ་རོགས་རམ་དང་མཛུབ་སྟོན་བྱས།

སྣེ་ཁྱོན་ཟུང་འབྲེལ་གྱིས་སྐུལ་མ་བཏང་སྟེ། དཀའ་ངལ་སེལ་བར་ནུས་ཤུགས་བཏོན་པ། གཞི་རིམ་ཏང་ཡོན་མང་ཚོགས་ཀྱིས་གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་བཅོས་སྐྱོང་། སྐྱེ་ཁམས་དཔལ་ཡོན། རིམས་ནད་སྔོན་འགོག་སོགས་ཕྱོགས་ལ་བཏོན་པའི་བསམ་འཆར་དང་གྲོས་གཞི355རྒྱ་ཆེར་སྡུད་ལེན་བྱས་པ་དང་། ཏང་ཡོན་མང་ཚོགས་ཀྱིས་དམངས་འཚོ་སྲིད་ཇུས་དངོས་འབེབས་དང་ཐོན་སྐྱེད་འཚོ་བའི་དགོས་མཁོ། ལས་བྱེད་པའི་སྤྱོད་ཚུལ་བསྒྱུར་བ་སོགས་ཕྱོགས་ཀྱི“སེམས་འདུན་ཆུང་ཆུང”75སྡུད་སྒྲིག་བྱས་ལ། “མང་ཚོགས་ཀྱིས་རྩིས་ཐོ་འདེམས་པ་དང་ཀྲི་པུའུ་ཡིས་རྩིས་ཐོ་མངག་གཏོང་བྱེད་པ། ཏང་ཡོན་གྱི་རྩིས་ཐོ་དང་ལེན་བྱེད་པའི”རྣམ་པ་སྤྱད་དེ། དོན་དངོས་དང་དོན་བཟང480ལྷག་བསྒྲུབས།

ལྟ་ཞིབ“དཔྱད་འཇོག”ཇེ་དྲག་ཏུ་བཏང་སྟེ། རྗེས་འདེད་རྩད་གཅོད་དང་རྒྱུན་རྣམ་ལེགས་འཛིན་བྱས་པ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ལོ་རེར་འབྲེལ་གཏུག་བྱེད་ཡུལ་གྱི་ཀྲི་པུའུ་འཛུགས་སྐྲུན་བྱ་བར་ཆེད་དམིགས་ཞིབ་འཇུག་བྱེད་པ་དང་འབྲེལ་གཏུག་བྱེད་ཡུལ་གྱི་ཀྲི་པུའུ་བྱ་བའི་གནས་ཚུལ་དུས་བཅད་ལྟར་ཡར་ཞུ་བྱེད་པ། ལོ་མཇུག་ཏུ་ཏང་ཨུ(ཏང་ཙུའུ)འབྲེལ་གཏུག་བྱེད་ཡུལ་གྱི་ཀྲི་པུའུ་ཏང་གི་འཛུགས་སྐྲུན་བྱ་བ་སྙན་ཞུ་བྱེད་པ་སོགས་ཀྱི་ལམ་ལུགས་བཙུགས་ཏེ། གཞི་རིམ་ཏང་ཀྲི་པུའུ་ཡི་འབྲེལ་གཏུག་བྱེད་ཡུལ་གྱི་བྱ་བ་དེ་ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་གཞི་རིམ་ཏང་གི་འཛུགས་སྐྲུན་བྱ་བ་ལེགས་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་གླེང་དང་དཔྱད་ཞིབ་ཀྱི་ནང་དོན་ཁྲོད་བཞག་སྟེ། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅི་དང་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དངོས་གནས“གཞི་རིམ”དུ་བསྐྱོད་དེ་དངོས་འབེབས་ལེགས་འཛིན་དང་དཀའ་གནད་སེལ་དུ་བཅུག །