ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྐང་ཚ་རྫོང་གིས“སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ལ་བརྟེན་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་བྱ་བའི་གསོན་ཤུགས་སྐུལ་སྤེལ་བྱས་པ།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་དང་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་གྱི“ལྟེ་བར་དམིགས་པ་དང་དཔུང་སྡེ་འཛུགས་སྐྲུན་བྱེད་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ”ཡི་རྩ་བའི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ཏེ། “སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ཡི་བྱ་བའི་སྒྲུབ་ཐབས་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པ་དང་། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་གྱི་བྱ་བའི་འཁོར་སྐྱོད་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་དང་ལས་སྒོའི་བྱ་བ་མཉམ་འདྲེས་ཟབ་མོ་ཡོང་བའི་བྱ་བ་ལེགས་པོར་བསྒྲུབས།

“སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ཡིས་ལས་ཁུངས་ཀྱི་ཏང་གི་གཞི་རིམ་རྩ་འཛུགས་སྟོབས་ལྡན་དུ་གཏོང་བར་སྣེ་ཁྲིད་པ་དང་། ཆབ་སྲིད་ཀྱི་ཚད་གཞི་འབུར་དུ་དོད་ནས། རྩ་འཛུགས་ཀྱི་སྒྲིག་རིམ་ལྟར་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོར་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་འཁུར་དུ་བཅུག་སྟེ། བྱ་བ་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཕན་ནུས་ལྡན་པའི་སྒོ་ནས་སྐུལ་འདེད་བྱས། “གཞུང་ལུགས་སློབ་སྦྱོང་དང་བྱ་བ་ལག་བསྟར། དམངས་ལ་ཞབས་ཞུ་སྒྲུབ་པ། སྲིད་གཙང་ཉེན་འགོག”བཅས་ནུས་པ་རིགས4ཁྱོན་ཡོངས་ནས་ཇེ་མཐོར་བཏང་སྟེ། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱིས་ཞིང་ཆེན་དང་ཁུལ། དེ་མིན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བྱ་བ་གཙོ་བོ་དེ་ལས་སྒོའི་དམིགས་འབེན་དང་གཅིག་ལ་ཕྱོགས་པ་དང་བཀོད་སྒྲིག་གཅིག་མཚུངས་ཡིན་པ། བྱ་བར་མཉམ་ཤུགས་འདོན་པ་བཅས་ལ་དམིགས་པ་རེད། ཀྲི་པུའུ་ཡི་ཆབ་སྲིད་བསམ་བློའི་སློབ་སྦྱོང་ལམ་ལུགས་ཏན་ཏིག་གིས་དངོས་འབེབས་བྱེད་པ་དང་། གསར་གཏོད་གསར་སྐྲུན་ཐད་བསམ་བློ་གཏོང་བ་དང་གཞུང་ལུགས་སློབ་སྦྱོང་ཐད་རིག་པ་སྒྲིམ་པ། དངོས་འབེབས་ནན་འཛིན་ཐད་འགག་སྒྲོལ་བརྩོན་ལེན་བྱེད་པ། “ཏང་གི་འཛུགས་སྐྲུན་གྱི་མནའ་འབྲེལ་ཆེན་མོའི”བྱ་འགུལ་ལ་བརྟེན་པ་བཅས་བྱས་ནས། ལས་ཁུངས་ཀྱི་ཏང་ཡོན500ལྷག་སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་རིམས་ནད་སྔོན་འགོག་ནང་ཞུགས་པ་དང་། “དཔེ་ཀློག་ཀྲི་པུའུ”དང“དཔེ་ཀློག་ཏང་ཡོན”གྱི་བྱ་འགུལ་གསར་སྐྲུན་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་ཐེངས230ལྷག་དང“ཏང་གི་སློབ་ཁྲིད་མགོ་བརྩམས་བྱུང”ཞེས་པ་ཐེངས70ལྷག རིགས་སོ་སོའི་ཞབས་ཞུ་ཐེངས280ལྷག ཏང་སྲོལ་སྲིད་གཙང་སློབ་གསོ་ཐེངས70ལྷག་བཅས་ཏན་ཏིག་གིས་སྤེལ་བར་མ་ཟད། སྡེ་བའི(སྡེ་ཁུལ)ནང་དུ་སོང་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་ཐེངས30ལྷག་ལ་སྤེལ་ཏེ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན“མག་མོག”ཡིན་པ་སོགས་ཀྱི་གནད་དོན་དངོས་གནས་ཐག་གཅོད་བྱས། མིག་སྔའི་བར་དུ། རྫོང་ཡོངས་ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཡིས“སྣེ་ཁྲིད་གཅིག་དང་མཐོར་འདེགས་བཞི”ཐེག་བྱད་བྱས་ཏེ། “ཆེ་བ་དྲུག་དང་ཆུང་བ་དྲུག”གི་བྱ་བ་སྒྲུབ་ཐབས་དང“ཞིང་དར་གདོང་མཆོང”།“རྩོད་གཞི་མཚམས་འཇོག་པ”སོགས་ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ཆས་རྟགས18གསར་སྐྲུན་དང་ཁྱབ་སྤེལ་བྱས་པ་དང་། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ངེས་ཤུགས་སྲུང་འཛིན་བྱས་པ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་གསོན་ཤུགས་སྐུལ་སྤེལ་བྱས་ཏེ། ལས་ཁུངས་ཀྱི་ཏང་གི་འཛུགས་སྐྲུན་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། །