ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

རྒྱུད་བཟང་ནོར་གནག་ཅིག་སྒོར་ཁྲི18ལ་བཙོང་བ།

ཤེས་གསལ་ལྟར་ན། སྐབས་འདིའི་ཡུས་ཧྲུའུ་ནོར་གནག་དུས་ཆེན་ལ་ཆུ་དམར་ལེབ་རྫོང་གིས་བསྡོམས་པས་ནོར་གནག20དཔྱད་འདེམས་སུ་ཞུགས་པ་དང་། དཔྱད་འདེམས་ཁྲོད་དུ། ཆུ་དམར་ལེབ་རྫོང་གི་རྒྱུད་བཟང་ནོར་གནག་གི་ཕྱིའི་རྣམ་པ་དང་གཟུགས་གཞིའི་ཆེ་ཆུང་། ལྗིད་ཚད། རྒྱུད་སྤེལ་བྱེད་ནུས་སོགས་ཕྱོགས་གང་ཅིའི་ཐད་ནས་གྲུབ་འབྲས་གཟེངས་སུ་ཐོན་ཏེ། འདེམས་ཐེངས་གཅིག་གིས“གསེར་གྱི་རྟགས་མ”གཅིག་དང“དངུལ་གྱི་རྟགས་མ”གཅིག “ཟངས་ཀྱི་རྟགས་མ”གཅིག ཨང་བཞི་པ་གསུམ་བཅས་ཀྱི་གྲུབ་འབྲས་བཟང་པོ་བླངས། དེའི་ཁྲོད་དུ་ཨང་དང་པོ་ཐོབ་པའི་ནོར་གནག་ཨང་རྟགས3301ནི་ཆུ་དམར་ལེབ་རྫོང་གཡུ་སྐེ་ཞང་རྫ་དཀར་སྡེ་བའི་ཡིན་པ་དང་། དེར་སྒོར་ཁྲི18བྱིན་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱུགས་ལས་མཉམ་ལས་ཁང་ཞིག་གིས་ཉོས་ཤིང་། རང་ཞིང་གི་རྒྱུད་བཟང་ནོར་གནག་གི་ཆེས་མཐོ་བའི་རིན་གོང་གི་ཟིན་ཐོ་བསྐྲུན།

ཆུ་དམར་ལེབ་རྫོང་ནི་རྒྱལ་ཁབ་ཀྱི་ཕྱུགས་ཟོག་དང་འདབ་ཆགས་རིགས་རྒྱུད་ཐོན་ཁུངས་ཀྱི་མིང་བྱང་ནང“ཡུས་ཧྲུའུ་ནོར་གནག”གི་འབྱུང་ཁུངས་དང་ཐོན་ཁུལ་གཙོ་བོ་ཡིན་པ་དང་། ནོར་གནག་ཁྲི1.2ཀྱིས་རྒྱུད་བཟང་ནོར་གནག་གི་རྒྱུད་རྒྱུ་བཟང་པོ་རྒྱུན་འཛིན་བྱས་ཡོད་ལ། རྒྱལ་ཡོངས་སུ་ས་གནས་འདི་མ་གཏོགས་ཁྱད་དུ་འཕགས་པའི་རྒྱུད་བཟང་ཐོན་ཁུངས་ཡེ་ནས་མེད་པ་རེད། “ཀྲུང་གོའི་ནོར་གནག་གི་ཕ་ས”ཞེས་པའི་མིང་བྱང་ཡུས་ཧྲུའུ་ལ་གནང་བའི་གོ་སྐབས་ལ་བརྟེན་པ་དང་། ཆུ་དམར་ལེབ་རྫོང་གིས་རིགས་རྒྱུད་ཐོན་ཁུངས་དར་སྤེལ་ལ་སྐུལ་སྤེལ་བྱེད་པའི་སྐལ་བ་བཟང་པོ་ལེགས་འཛིན་བྱས་ཏེ། “ཀྲུང་གོའི་རྒྱུད་བཟང་ནོར་གནག་གི་རྫོང་དང་པོ”དང“འཛམ་གླིང་ནོར་གནག་གི་རིགས་རྒྱུད་ཐོན་ཁུངས་རྟེན་གཞི”གསར་སྐྲུན་བྱས། །