ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མཚོ་སྔོན་གྱི་གྲོང་གསེབ་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་མཁས་པ35རྒྱལ་ཡོངས་ཀྱི་དཀར་ཆག་ནང་ཚུད་པ།

གསར་འགོད་པས་ཉེ་སྔོན་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ཆར། 2021ལོའི་ལོ་འཁོར་མོའི་རྒྱལ་ཡོངས་གྲོང་གསེབ་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་མཁས་པའི་དཀར་ཆག་དངོས་སུ་ཕྱིར་སྒྲོག་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་ལན་ཐའེ་སྡེ་བའི་ལྕ་བ་སོགས་གྲོང་གསེབ་ཁྱད་ལྡན་ཐོན་རྫས26དང་སུའུ་ཞའོ་ལི(ཧོར་རིགས་ཀྱི་གཙགས་དྲུབ)སོགས་ལག་ཤེས་མཁས་པ9དཀར་ཆག་ནང་ཚུད་ཡོད། དེའི་ཁྲོད། ཁྱད་ལྡན་འདེབས་འཛུགས་ཐོན་རྫས་ཀྱི་མིང་ཐོའི་ནང་ཚུད་པ7དང་། ཁྱད་ལྡན་གསོ་སྤེལ་ཐོན་རྫས་ཀྱི་མིང་ཐོའི་ནང་ཚུད་པ5། ཁྱད་ལྡན་ཟས་རིགས་མིང་ཐོའི་ནང་ཚུད་པ9། ཁྱད་ལྡན་ལག་ཤེས་ཐོན་རྫས་ནང་ཚུད་པ5བཅས་ཡོད།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ཁུངས་དང་རིག་གནས་ལ་རྐང་བཙུགས་ཏེ། རྒྱ་ཆུང་ལ་སྣ་མང་བའི་ཡུལ་ཕྱོགས་ཁྱད་ལྡན་ཐོན་ལས་དང་། དམངས་ཁྲོད་ཁྱད་ལྡན་ལག་ཤེས་བཟོ་ལས་དང་ཁྱད་ལྡན་རིག་གནས་ཐོན་ལས་མྱུར་དུ་འཕེལ་རྒྱས་བཏང་སྟེ། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཡུལ་ཕྱོགས་ཁྱད་ལྡན་ཐོན་རྫས་སྐོར་ཞིག་གསར་སྤེལ་བྱས་པ་དང་། གྲོང་གསེབ་ཀྱི་ཁྱད་ལྡན་ཟོང་རྟགས་གྲགས་ཅན་བསྐྲུན་ནས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཀྱི་འཕར་སྣེ་གལ་ཆེན་གསར་སྐྲུན་བྱས། 2019ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གིས་རྒྱལ་ཡོངས་གྲོང་གསེབ་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་མཁས་པ་འདེམ་སྒྲུག་འོས་སྦྱོར་བྱ་བ་བསྟུད་མར་རྩ་འཛུགས་བྱས་ནས་སྤེལ་ཏེ། ཞིང་ལས་ཞིང་སྡེ་པུའུ་གྲོང་གསེབ་ཐོན་ལས་འཕེལ་རྒྱས་སི་ལ་ཁྱད་ལྡན་འདེབས་གསོ་ཐོན་རྫས་དང་ཁྱད་ལྡན་ཟས་རིགས། ཁྱད་ལྡན་ལག་ཤེས་ཐོན་རྫས་དང་གྲོང་གསེབ་ལག་ཤེས་མཁས་པ100ལྷག་འོས་སྦྱོར་བྱས། མིག་སྔར། མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་དང་ལག་ཤེས་མཁས་པ59རྒྱལ་ཡོངས་ཀྱི་དཀར་ཆག་ནང་བདམས་ཡོད་ལ། དེའི་ཁྲོད་དུ། ཁྱད་ལྡན་འདེབས་འཛུགས་ཐོན་རྫས14དང་ཁྱད་ལྡན་གསོ་སྤེལ་ཐོན་རྫས8། ཁྱད་ལྡན་ཟས་རིགས13། ཁྱད་ལྡན་ལག་ཤེས་ཐོན་རྫས10། ལག་ཤེས་མཁས་པ14བཅས་འདུས་ཡོད། །