ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིན་ཁྲང་ཞིང་གིས་ཧྲོང་ཧྲུའུ་སྡེ་བ་རུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།

ཞིན་ཁྲང་ཞིང་གིས་ཧྲོང་ཧྲུའུ་སྡེ་བ་རུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་སྐབས་ནན་གྱིས་བསྟན་དོན།

འགུལ་སྐྱོད་དངོས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དངོས་མཐོང་ཕན་འབྲས་འབྱུང་བར་སྐུལ་འདེད་གཏོང་དགོས།

ཟླ6པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་རྡལ་ཧྲོང་ཧྲུའུ་སྡེ་བ་རུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་ཆེན་མོ་དེ་ཕྱིན་ཆད་ཀྱི་ལོ་ངོ་ལྔའི་ལས་གཞི་ལག་བསྟར་རི་མོར་ཞིབ་ཏུ་བཀོད་ཡོད་པས། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཡིན་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྐོར་གྱི་བྱེ་བྲག་ཅན་ཡང་ཡིན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག མཐའ་འཁྱོལ་བཅས་བྱེད་དགོས་ན། གཙོ་བོ་སློབ་སྦྱོང་དང་འགུལ་སྐྱོད་ལ་བརྟེན་དགོས་པ་དང་། སློབ་པའི་ཁྲོད་ནས་བསམ་པ་དང་ལག་ལེན་ཁྲོད་ནས་གོ་རྟོགས་སད་པར་བྱེད་པ། འགུལ་སྐྱོད་དངོས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དངོས་མཐོང་ཕན་འབྲས་བླངས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཧྲོང་ཧྲུའུ་སྡེ་བའི་ཏང་ཀྲི་པུའུ་ནི་རང་ཞིང་གི་ཞིང་སྡེ་རུ་ཐོག་མར་བཙུགས་པའི་ཏང་ཀྲི་པུའུ་རེད། ཞིན་ཁྲང་ཞིང་སྡེ་བའི་གཡིས་ཁང་དང་དམངས་བདེ་ཞབས་ཞུ་ལྟེ་གནས། ཏང་ཀྲི་པུའུ་རྗེས་དྲན་ཁང་བཅས་སུ་སོང་སྟེ། སྡེ་བའི་ཐུན་མོ་དཔལ་འབྱོར་དང་ཏང་འཛུགས་སྐྲུན་གྱིས་གྲོང་གསེབ་དར་སྤེལ་ལ་སྣེ་འདྲེན་བྱས་ཚུལ། ཏང་ཀྲི་པུའུ་ཡི་གསར་སྐྲུན་འཕེལ་རྒྱས་ལོ་རྒྱུས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། དེའི་རྗེས་ཏང་ཡོན་བྱ་འགུལ་ཁང་དུ་སོང་སྟེ། སྡེ་མི་རྣམས་དང་བཞུགས་མོལ་དང་བསམ་བློ་བརྗེ་རེས་བྱས། སྡེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱི་འཐུས་མིའི་གཏམ་བཤད་ལ་མཉན་རྗེས། ཞིན་ཁྲང་ཞིང་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་བརྗོད་དོན་ནས་གླེང་བ་དང་། དབུལ་ཐར་འགག་སྒྲོལ་ལས་ཐོབ་པའི་འགྱུར་ལྡོག་དང་འཕེལ་རྒྱས་ལ་སྦྲེལ་ནས། འདས་པའི་ལོ་ལྔའི་འཕེལ་རྒྱས་གྲུབ་འབྲས་དང་ཉམས་མྱོང་རྩ་ཆེན་འགྲེལ་བཤད་བྱས་པས། སྡེ་བའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་ཀྱིས་དེའི་ཁྲོད་ནས་ལས་བརྩོན་ཕྱུག་བསྒྱུར་གྱི་གསང་གྲངས་འཚོལ་བར་བློ་སྒོ་ཕྱེ་ཞིང་ལམ་སྟོན་མཛད། “དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”ཡི་འབད་འཐབ་དམིགས་འབེན་དང་ལས་འགན་གཙོ་བོ་ཞིབ་མོར་སྒྲོག་འགྲེལ་བྱས་ཏེ། ཚང་མར་འཐབ་ལམ་གསར་པའི་ཁྲོད་དུ་སེམས་ཤུགས་ཡོད་པར་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་བཞག་ནས། འཕེལ་རྒྱས་ཀྱི་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་དང་སྡེ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་གཏོང་དགོས་པའི་སྐུལ་ལྕག་བཏང་།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་མཐའ་འཁྱོལ་བྱེད་པའི་གོ་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་བཏོན་པའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་ཆོག་མཆན་གལ་ཆེན་གྱི་དགོངས་པ་སྔར་བས་སློབ་སྦྱོང་དང་བསམ་གཞིག ལག་ལེན།གོ་བ་ལེན་པ་བཅས་ཀྱི་གོ་རིམ་དུ་བསྒྱུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བཞིན་པ་དེ་ལ་བརྟེན་ནས་མགོ་འཛིན་ལ་གོང་བཀུར་དང་དགའ་ཞེན་བརྟན་པོར་གཏོང་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་བླང་བྱ་གལ་ཆེན་གྱིས་དུས་རབས་གསར་པར་འབད་པས་བསྐྱོད་པའི་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངགས་བཅོལ་ནན་མོ་ཡིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱེད་དགོས། གྲོང་གསེབ་དར་སྤེལ་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། དབུལ་ཐར་གྱི་གྲུབ་འབྲས་རྒྱུན་མཐུད་ནས་སྲ་བརྟན་དུ་གཏོང་བ་དང་འགུལ་རྣམ་ལྟ་ཞིབ་ཀྱི་ནང་རྐྱེན་འཐུས་ཚང་དུ་གཏོང་བ། གཞི་ཁྱོན་རང་བཞིན་གྱིས་ཕྱིར་དབུལ་ཕོངས་སུ་མི་འགྱུར་བའི་ཚད་མཐའ་བསྲུང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ནས་རྒྱ་བསྐྱེད་པ། གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་ཀྱིས་ཞིང་པའི་ལས་ཞུགས་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་འདེགས་པ་དང་། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་བརྟེན་ནས་ཐུན་མོང་འབྱོར་ཕྱུག་གི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་དངོས་གནས་ཤུགས་སྣོན་བྱས་ཏེ། ཚན་ཁག་ལེགས་པོར་འཛུགས་པ་དང་སློབ་གསོར་ཤུགས་སྣོན་བྱེད་པ། སྙིང་སྟོབས་དར་སྤེལ་དུ་གཏོང་བ་བཅས་ཀྱི་ཐད་དུ་བརྩོན་པ་བསྐྱེད་ནས། འགྲམ་གྱི་བསླབ་དེབ་གསོན་པོ་དེ་བཀོལ་སྤྱོད་ལེགས་པོ་བྱེད་བཞིན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་དྲིན་ཤེས་པ། ཏང་གི་རྗེས་སུ་འབྲང་དགོས།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་ཟུང་དུ་སྦྲེལ་ནས། ཞིན་ཁྲང་ཞིང་གིས་ཡུལ་དངོས་སུ་ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་གི་སྐབས་གསུམ་པའི་རྒྱས་སྐྲུན་ལས་གཞི་དང་ཀྲུང་གོ་གློག་འཕྲིན་གྱི་ཞིང་ཆེན་རིམ་པའི་གཞི་གྲངས་ལྟེ་གནས་ལས་གཞི་གཉིས་ཀྱི་འཛུགས་སྐྲུན་གྱི་འཕེལ་རིམ། ཧུའུ་ཀྲུའུ་རྫོང་ཏུང་ཧི་ཞང་མ་ཅི་སྡེ་བའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གནས་ཚུལ་བཅས་ལ་བརྟག་ཞིབ་བྱས། ཁོས་བསྟན་དོན། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་ཁྱད་དུ་བསད་ནས །ཨར་ལས་རྫོགས་ལྡན་དུས་སྐབས་དམ་འཛིན་བྱེད་པ་དང་། ལས་གཞི་གལ་ཆེན་གྱི་མཐུན་སྦྱོར་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་སྟེ། ཤུགས་ཡོད་རྒུས་ལོ་འཁོར་གྱི་ལས་གཞི་ལག་བསྟར་དུས་ཡུན་གྱི་རྗེས་ཆོད་དུ་འཇུག་དགོས། གནས་བབ་ཆེན་པོར་གསལ་པོར་བལྟ་བ་དང་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ།འཕར་གྲངས་ཚོང་ཁྲོམ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱིས། གཞི་གྲངས་རྒྱ་བསྐྱེད་པ་སོགས་ཀྱི་འཐབ་ཇུས་ཀྱི་གསར་དར་ཐོན་ལས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་དགོས། ཡུལ་བབ་དང་བསྟུན་ཞིང་ཚོང་རྟགས་གྲགས་ཅན་བསྐྲུན་ནས་གྲོང་གསེབ་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཐོན་ལས་ཀྱིས་གྲོང་གསེབ་དར་སྤེལ་ལ་རོགས་འདེགས་བྱེད་དགོས། །