ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཤིང་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས་གཉིས་ཚོགས་འདུར་ཞུགས།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཤིང་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་དང་མགོན་པོ་བཀྲ་ཤིས་གཉིས་ཚོགས་འདུར་ཞུགས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་ནས་ལོ་འཁོར་གཅིག་འགོར་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

ཟླ6པའི་ཚེས9ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་པ་དང་གསུང་བཤད་གལ་ཆེན་གནང་ནས་ལོ་འཁོར་གཅིག་འགོར་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་ནི་མཚོ་སྔོན་གྱི་བྱ་བ་སོ་སོ་ལེགས་པོར་སྒྲུབ་པའི་སྤྱིའི་རྩ་འཛིན་དང་། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་སྤྱིའི་བསྲུང་བྱ། རྒྱུགས་སྤྲོད་བགྲོད་ལམ་གསར་པར་ལེགས་པོར་བསྐྱོད་པའི་སྤྱིའི་ཁྲིད་སྟོན་བཅས་ཡིན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱུན་མཐུད་དེ་སློབ་སྦྱོང་བྱེད་པ་དང་བསམ་བློ་གཏོང་བ། ལག་ལེན་དུ་བསྟར་བ་དང་གོ་དོན་རྟོགས་པ་བཅས་བྱེད་དགོས་ལ། མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ཤིང་བཀའ་དྲིན་སེམས་སུ་དྲན་བཞིན་ཧུར་ཐག་གིས་མདུན་སྐྱོད་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཕྱོགས་སུ་བསྐྱོད་དེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རེ་བ་ནན་མོར་དྲིན་ལན་འཇལ་དགོས་པ་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན་གྱིས་སྣེ་ཁྲིད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་གཉིས་ཚོགས་འདུར་ཞུགས།

ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝང་ཝེ་ཏུང་དང་ཝང་ཏ་ནན། མཚོ་བྱང་ཁུལ། ཡུས་ཧྲུའུ་ཁུལ། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཚྭ་མཚོ་བཟོ་ལས་མ་རྐང་ཚད་ཡོད་ཀུང་སི། རྐང་ཚ་རྫོང་། ཟི་ལིང་གྲོང་ཁྱེར་ཝུན་ཧུའེ་སྲང་ལམ་ཝུན་ཐིང་ཞང་སྡེ་ཁུལ། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིང་སོགས་ས་ཁུལ་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གྱིས་བསམ་ཚུལ་བརྗེ་རེས་ཀྱི་གཏམ་བཤད།

ཞིན་ཁྲང་ཞིང་གིས་བསྟན་དོན། དེ་རིང་གི་བཞུགས་མོལ་ཚོགས་འདུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དུ་བསྟར་བའི་གྲུབ་འབྲས་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗེ་རེས་ཚོགས་འདུ་དང་བཀོད་གཏོང་ཚོགས་འདུ། སྐུལ་འདེད་ཚོགས་འདུ་ཞིག་ཡིན་ལ། ལག་ལེན་དངོས་འབེབས་བྱས་པའི་གནས་ཚུལ་ལ“ཕྱི་མིག་ལྟ་བ”དང་། བསམ་བློ་དང་བྱ་སྤྱོད་ཀྱི་སྟེང་ཡང་བསྐྱར་ཐོ་གཏུགས་པ། སློབ་སྦྱོང་དང་ལག་ལེན་གཏིང་ཟབ་ཏུ་གཏོང་བར་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱེད་པའང་ཡིན། ལོ་ངོ་གཅིག་གི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་དེ་ཆབ་སྲིད་ཀྱི་གཙོ་གནད་དང་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་བསམ་བློ་དང་འབད་འཐབ་དམིགས་འབེན། གཙོ་གནད་ལས་འགན་བཅས་ཞིབ་ཕྲ་དང་དོན་དངོས་ལ་གཞོལ་བར་བྱས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོང་བྱས་ལ། དམངས་འཚོའི་བདེ་སྐྱིད་ཕུན་ཚོགས་སུ་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་བྱས་ཤིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ལོ་རྒྱུས་བསླབས་ཏེ་ཀུན་སྤྱོད་ལ་གོང་བཀུར་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གསར་པ་དང་ཡར་རྒྱས་གསར་པ་བླངས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་སྐབས་གསར་པའི་ཞིང་ཆེན་ཏང་ཨུ་འཐབ་ལམ་གསར་པར་ཧུར་ཐག་གིས་བསྐྱོད་པའི་ཆབ་སྲིད་ཐད་ཀྱི་གནས་ཚད་གཞི་ཐིག་དང་བསམ་བློའི་ཐད་ཀྱི་རྒྱ་མིག འགུལ་སྐྱོད་ཐད་ཀྱི་ཕྱོགས་སྟོན་འཁོར་ལོ་བཅས་ཡིན་པས། སྔར་མུས་བཞིན་རྒྱུན་ཆད་མེད་པ་དང་སྔར་ལས་གཏིང་ཟབ་པ། སྔར་ལས་རང་རྟོགས་བཅས་ཀྱི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ཀླད་པར་དྲག་ཆས་སྤྲ་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་སྤེལ་བྱེད་དགོས་ལ། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། “སྤྱི་ཡོངས་གཉིས”སེམས་ལ་བཅངས་པ་དང་། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་དང་གོ་བ་ཟབ་མོ་ལེན་པ་དང་ཆད་ལུས་མེད་པའི་སྒོ་ནས་དངོས་འབེབས་བྱེད་རྒྱུ་དེ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང“རང་རྟོན་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་ཀྱི་ཚད་ཐིག་གལ་ཆེན་དུ་བཟུང་སྟེ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས། ངེས་པར་དུ་བདེན་གཉེར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དང་ཏན་ཏན་ཏིག་ཏིག་གི་འགུལ་སྐྱོད་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དོན་ཐོག་ཏུ་འཁྱོལ་ཞིང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ལ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབས་བྱེད་པའི་ལས་གྲྭའི་དཔེ་རིས་དང་ལས་འགན་ཁུར་ཡིག་ཡིན་པས། ཤུགས་འདོན་ས་གཙོ་བོ་དེ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་མཉམ་འདྲེས་དང་ཞབས་ཞུ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བ་དང་ཏང་ལ་བློ་དཀར་བའི་ཀུན་སྤྱོད་རླབས་ཆེན་དང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཕན་སེམས། རང་གཅུན་ནན་མོ་བྱེད་པའི་གཤིས་སྤྱོད་བཅས་ལ་གོང་བཀུར་བྱེད་པའི་སྟེང་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་སུ་བསྒྱུར་དགོས། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་ཡུན་ཕན་ནང་རྐྱེན་ཅི་ནུས་ཀྱིས་སྒྲིག་འཛུགས་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དེ་དུས་ཡུན་རིང་བོའི་ལས་འགན་ཞིག་ཏུ་བརྩི་བ་དང་། ལག་ལེན་དུ་བསྟར་ན་ཕན་འབྲས་ཡོད་པའི་ཉམས་མྱོང་དང་བྱེད་སྟངས་སྤྱི་བསྡོམས་བྱས་ནས། ནན་ཏན་གྱིས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས་པ་དང་། སློབ་སྦྱོང་དང་བརྒྱུད་སྒྲོག ལག་ལེན། ལྟ་སྐུལ་བཅས་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཡུན་ནས་ཡུན་དུ་འབད་པ་དང་ལས་གཙང་ལེགས་འགྲུབ་བྱས་ནས། ལོ་རེ་རེར་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ལོན་པར་ཧུར་བརྩོན་བྱེད་དགོས་ལ། སློབ་སྦྱོང་དང་ལག་ལེན་བྱས་པའི་གྲུབ་འབྲས་ཁྱད་འཕགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཡོན་ཀྲང་། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་ཀྲང་བཅས་དང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་དང་དེ་མིན་ད་དུང་གྲོང་ཁྱེར་དང་ཁུལ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ་རྣམས་ཚོགས་འདུར་ཞུགས། །