ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་པ།

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས།

ཟླ6པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་དང་རྟོག་ཞིབ་གནང་བའི་ལམ་དུ་རྒྱལ་ཡོངས་ལ་བཏོན་པའི་བླང་བྱ་གལ་ཆེན། དེ་མིན་སྤྱི་ཁྱབ་ཧྲུའུ་ཅིའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་རྟེན་འབྲེལ་ཞུ་ཡིག་གི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རང་ཞིང་གི་ལག་ལེན་བསམ་འཆར་ལ་ཞིབ་འཇུག་དང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

གྲོས་ཚོགས་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱིས། ཡོམ་འགོག་རྒུད་སྐྱོབ་དང་འབྲུ་རིགས་བདེ་འཇགས། གྲོང་གསེབ་དར་སྤེལ། རིག་གནས་རང་རྟོན། སྐྱེ་ཁམས་སྲུང་སྐྱོབ། ལས་ཞུགས་ལས་སྐྲུན། ཚན་རྩལ་གསར་སྐྲུན་སོགས་ལ་དམིགས་ནས་བླང་བྱ་གསལ་པོ་བཏོན་པ་དང་། ང་ཚོས་ཤེས་རྟོགས་ཟབ་མོ་བྱེད་དགོས་པ་ནི། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ལ་ཟུང་འབྲེལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་མང་ཚོགས་ནི་སེམས་ཁོང་གི་ཆེས་མཐོ་སར་འཇོག་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་བྱ་བ་ཏན་ཏིག་གིས་ལེགས་པོར་སྒྲུབ་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གྲོང་གསེབ་དར་སྤེལ་ལ་མགྱོགས་མྱུར་གྱིས་སྐུལ་སྤེལ་བྱེད་པ། ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་བཅས་ཀྱིས། “ཀྲུང་ཧྭའི་ཆུ་ལྕོག”གི་ལྟ་སྐྱོང་པ་ལེགས་པོ་བྱེད་དགོས་ལ། ལས་ཞུགས་ནུས་པ་མཐོར་འདེགས་གཏོང་བར་ཤུགས་རྒྱག་པ་དང་ལས་སྐྲུན་བྱེད་པའི་གསོན་ཤུགས་ལ་སྐུལ་སྤེལ་བྱེད་དགོས་ཤིང་། ཚན་རྩལ་གསར་སྐྲུན་གྱིས་ཐོན་ལས་རིམ་འཕར་ལ་སྐུལ་སྤེལ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཆད་ལུས་མེད་པར་མཚོ་སྔོན་དུ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བའི་ལམ་དུ་རྒྱལ་ཡོངས་ལ་བཏོན་པའི་བླང་བྱ་གལ་ཆེན་ནི། སྤྱི་ཡོངས་འཛིན་སྐྱོང་དང་ཁ་ཕྱོགས་མཛུབ་ཁྲིད། དགོངས་པ་གཏིང་ཟབ་ཅིང་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། ང་ཚོར་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་ལེགས་པོར་འཛིན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱེད་པ། ཆུ་ལོག་འགོག་པ་དང་ཉེན་ཁ་འགོག་པ། རྒུད་སྐྱོབ་ལེགས་པོར་བྱེད་པ་སོགས་མིག་སྔའི་གཙོ་གནད་བྱ་བར་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དེ་ཆབ་སྲིད་ཀྱི་ཆ་རྐྱེན་གལ་ཆེན་དུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་པར་རྒྱུན་མཐུད་ཀྱིས་ཐོས་བསམ་སྒྲུབ་རྟོགས་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་ཤེས་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་སྔར་ལས་ལྷག་པར་མཐོར་འདེགས་བཏང་སྟེ། ཚད་ཐིག་དང་ཚད་གཞི་ལྟར་དུ་འགན་འཁྲི་དངོས་གནོན་དང་སྤྱོད་ཚུལ་བསྒྱུར་བ། དམ་འཛིན་དངོས་འབེབས་བཅས་བྱས་ནས། བརྟན་བརླིང་དང་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་དང་རྒྱལ་དར་དམངས་བདེ་ཡི་སྤྱི་ཚོགས་ཁོར་ཡུག སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་ཁོར་ཡུག་ཅིག་སྲུང་འཛིན་ལེགས་པོར་བྱས་ནས། མཚོ་སྔོན་གྱི་བྱ་བ་ལེགས་པོར་སྒྲུབ་པའི་བྱ་སྤྱོད་དངོས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་པར་བསུ་མ་བྱེད་དགོས།

གྲོས་ཚོགས་ཀྱིས་བསྟན་དོན། ཞི་ཅིན་ཕིང་གིས2022ལོའི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་ལ་འཕྲིན་ཡིག་སྤྲིངས་ཏེ་རྟེན་འབྲེལ་ཞུས་པ་དང་། “དྭངས་གཙང་དང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན་པ”ལ་ཁ་ཕྱོགས་གསལ་པོ་བསྟན་ཞིང་སྲུང་བྱ་འདོན་སྤྲོད་བྱས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཡིད་ལ་དམ་པོར་འཛིན་དགོས་ཤིང་། རྟེན་འབྲེལ་ཞུ་ཡིག་གི་དགོངས་པ་ལག་ལེན་དངོས་འབེབས་བྱེད་པའི་སྟེང་སློབ་སྦྱོང་གཏིང་ཟབ་དང་གོ་བ་དཔྱིས་ཕྱིན་པ་བླངས་ཏེ་མདུན་གྲལ་དུ་བསྐྱོད་དགོས། ན་ནིང་གི་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱ་འགུལ་དུ་ཆགས་པའི་མཚོ་སྔོན་གྱི་ཐུན་མོང་གི་འདུ་ཤེས་དང་། གྲོས་གཞི། བསྒྲགས་གཏམ་སོགས་གྲུབ་འབྲས་གལ་ཆེན་ཧུར་ཐག་གིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་གནས་བསྐྲུན་པར་འཐབ་ཇུས་ངེས་ཤུགས་སྲུང་འཛིན་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་བརྟེན་ནས་ལྗང་མདོག་ཏུ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་བྱས་ཏེ།མི་དང་རང་བྱུང་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་སྤེལ་བྱས་ནས།སྐྱེ་ཁམས་མཛའ་མཐུན་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་གྲུབ་འབྲས་དངོས་ཀྱིས་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་།དྭངས་གཙང་དང་མཛེས་སྡུག་གི་འཛམ་གླིང་མཉམ་དུ་བསྐྲུན་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

གྲོས་ཚོགས་ཀྱིས《སྐོར་གཟིགས་དག་ཐེར་དང་གྲུབ་འབྲས་བེད་སྤྱོད་ལ་ཤུགས་རྒྱག་པའི་སྐོར་གྱི་བྱེད་ཐབས་འགའ》དང《མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་གཟིགས་བྱ་བའི་འཆར་འགོད(2022-2027ལོ)》《2022ལོའི་ཞིང་ཆེན་ཏང་ཨུའི་སྐོར་གཟིགས་བྱ་བའི་འཆར་གཞི》བཅས་ལ་གྲོས་ཞིབ་བྱས། སྐོར་གཟིགས་ཐོག་དང་པོ་ལེགས་པར་འཛིན་པ་དང་སྤུས་ཚད་མཐོ་ཞིང་ཕན་ཕྱོད་མཐོ་བར་འགན་སྲུང་བྱེད་དགོས་ལ། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ཁ་ཕྱོགས་ལེགས་པོར་སྟོན་པ་དང་། གཟབ་ནན་གྱི་ནང་དོན་གཙོ་བོ་ཡུན་རིང་དུ་རྒྱུན་འཁྱོངས་བྱེད་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་གཟིགས་ཁྱོན་ཡོངས་སུ་ཁེབས་པར་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱས་ཏེ། གྲངས་ཚད་དང་སྤུས་ཚད་མཉམ་བརྩི་དང་སྒྲུབ་ཚད་དང་གྲུབ་འབྲས་གཉིས་ཀར་ལྟ་རྟོག གཟུགས་ལྡན་ཁེབས་ཚད་དང་ནུས་ལྡན་ཁེབས་ཚད་ཕན་ཚུན་གཅིག་གྱུར་བཅས་བྱས་ནས། ཏང་ནང་གི་ལྟ་རྟོག་ཐད་གཅིག་ཀྱང་མི་ལུས་པ་དང་གཅིག་ཀྱང་ཐར་ས་མེད་པ་མངོན་འགྱུར་བྱེད་དགོས། དག་ཐེར་གྱི་ཕྱོགས་སོ་སོའི་འགན་འཁྲི་དངོས་འབེབས་ལེགས་པོར་བྱེད་པ་དང་། མ་ལག་ཕྱོགས་བསྡུས་མཉམ་སྦྲེལ་དག་ཐེར་རྒྱུན་འཁྱོངས་བྱས་ནས། སྐོར་གཟིགས་ལྟ་སྐུལ་དང་དག་ཐེར། བཅོས་སྐྱོང་བཅས་འབྲེལ་མཐུད་ལེགས་པོ་བྱེད་པར་སྐུལ་འདེད་བཏང་ནས། སྐོར་གཟིགས་ཁྲོད་ཚུར་སྣང་བྱས་པའི་གནད་དོན་རྩ་བ་ནས་ཐག་གཅོད་པ་དང་གནད་ལ་འཁེལ་བར་དག་ཐེར་བྱེད་པར་འགན་སྲུང་བྱེད་དགོས།

གྲོས་ཚོགས་ཀྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྔར་ལས་ལྷག་པར་སྤྱོད་ཚུལ་བཟང་པོ་དར་སྤེལ་བཏང་སྟེ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་གྱིས་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས་པ་དང་། དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས། །