ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞི་ཅིན་ཕིང་གིས《ཏ་ཀུང་ཚགས་པར》གསར་དུ་བཏོན་ནས་ལོ་འཁོར120ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ་ནན་གྱིས་བསྟན་དོན།

ཞི་ཅིན་ཕིང་གིས《ཏ་ཀུང་ཚགས་པར》གསར་དུ་བཏོན་ནས་ལོ་འཁོར120ལོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ་ནན་གྱིས་བསྟན་དོན།

རྒྱལ་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་གསར་སྐྲུན་འཕེལ་རྒྱས་བརྩོན་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྔར་ལས་ངོ་མཚར་ཆེ་བའི་དུས་རབས་ཀྱི་ལེའུ་འབྲི་དགོས།

《ཏ་ཀུང་ཚགས་པར》གསར་དུ་བཏོན་ནས་ལོ་འཁོར120ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ། ལས་བཟོ་པ་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་ཡིག་ནང་བསྟན་དོན། དུས་རབས་གཅིག་ལྷག་གི་དུས་ཡུན་ནང་། 《ཏ་ཀུང་ཚགས་པར》གྱིས“གནད་ཀྱི་དོན་དུ་རང་ཉིད་བརྗེད། སྤྱི་ཡི་དོན་དུ་སྒེར་སེམས་སྤངས”ཞེས་པའི་ཚགས་པར་སྒྲུབ་པའི་དགོངས་དོན་གཞིར་བཟུང་སྟེ། སྤྱི་དོན་དུ་རྩོམ་འབྲི་བ་དང་རྩོམ་ཡིག་གིས་རྒྱལ་ཁབ་ལ་དྲིན་གཟོ་བགྱིས་ཏེ། ཀྲུང་གོ་གསར་པ་འཛུགས་སྐྲུན་དང་། བཅོས་བསྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་བྱེད་པ། ཞང་ཀང་མེས་རྒྱལ་གྱི་པང་དུ་ལོག་པ་དང་དར་རྒྱས་བརྟན་བརླིང་གི་གནས་བབ་སྲུང་འཛིན་བྱེད་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། དུས་རབས་གསར་པར་སླེབས་རྗེས། 《ཏ་ཀུང་ཚགས་པར》གྱིས་དར་ཆ་གསལ་སྒྲེང་གིས་དྲང་ཕྱོགས་ཀྱི་སྐད་སྒྲ་སྒྲོག་པ་དང་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གོང་བུ་གཅིག་སྒྲིལ་བྱས་ཏེ། ཞང་ཀང་གི་སྤྱི་ཚོགས་བརྟན་བརླིང་ཡོང་བར་སྲུང་སྐྱོང་དང་ཞང་ཀང་དང་ནང་ལོགས་བར་གྱིི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ། མི་སེམས་མེས་རྒྱལ་གྱི་ཕྱོགས་སུ་འགུག་པར་ཡར་སྐུལ་བྱེད་པ་བཅས་ཀྱི་ཐད་བྱས་རྗེས་བཞག་ཡོད།

ཞི་ཅིན་ཕིང་གིས《ཏ་ཀུང་ཚགས་པར》གྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། རྒྱལ་གཅེས་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་བློ་བརྟན་འགྱུར་མེད་ཀྱིས་གསར་སྐྲུན་འཕེལ་རྒྱས་བརྩོན་པ་དང་། ཁྱབ་སྤེལ་ནུས་པ་དང་ཤུགས་རྐྱེན་ནུས་པ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་དེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་འབྱུང་བར་སྔར་ལས་ངོ་མཚར་ཆེ་བའི་དུས་རབས་ཀྱི་ལེའུ་འབྲི་དགོས་པའི་རེ་བ་བཏོན།

《ཏ་ཀུང་ཚགས་པར》གསར་དུ་བཏོན་ནས་ལོ་འཁོར120ལོན་པར་རྟེན་འབྲེལ་ཞུ་བའི་མཛད་སྒོ་ཚེས12ཉིན་གྱི་ཕྱི་དྲོར་ཞང་ཀང་དུ་བསྡུས། མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས།

《ཏ་ཀུང་ཚགས་པར》ནི1902ལོའི་ཟླ6པའི་ཚེས17ཉིན་གསར་དུ་བཏོན་པ་ཡིན་ལ། མིག་སྔར་འཛམ་གླིང་སྟེང་སྔར་བཞིན་འགྲེམ་སྤེལ་བྱེད་བཞིན་པའི་ལོ་རྒྱུས་ཆེས་རིང་བའི་རྒྱ་ཡིག་གི་ཚགས་པར་ཡིན། 2016ལོར་ཞང་ཀང་གི《ཝུན་ཧུའེ་ཚགས་པར》དང་མཉམ་བསྒྲིལ་བྱས་པར་མ་ཟད་ཞང་ཀང་ཏ་ཀུང་ཝུན་ཧུའེ་སྨྱན་སྦྱོར་ཚོགས་སྒྲིལ་བཙུགས་ནས། མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ཞང་ཀང་དུ་རྐང་ཚུགས་ཤིང་གོ་ལ་ཧྲིལ་པོའི་ཀྲུང་གོ་པར་ཁ་གཏད་ཡོད་པའི་སྨྱན་སྦྱོར་ཧྲིལ་པོའི་སྤེལ་སྒྲོག་རྣམ་པ་ཞིག་ཆགས། ། ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན།