ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གཙང་གསུམ་འབྱུང་ཡུལ་གྱི་ལྟེ་བར་གནས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་ནི་མི་རེ་རེའི་སེམས་སུ་གཤགས་ཏེ། རྒན་མགོ་དཀར་ནས་གཞོན་སོ་དཀར་བར་དུ། ཚང་མ་རང་རྟོགས་སྒོས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ལས་དོན་ལ་རེམ་ནས་ཡོད་ལ། བྱིས་གཉོར་ཁང་དང་སློབ་གྲྭ་རུ་རྒྱུན་པར་གད་སྙིགས་རིགས་དབྱེ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་བྱེད་པ་སོགས་སྐྱེ་ཁམས་ཁོར་སྲུང་གི་སློབ་ཁྲིད་གཉིས་པ་དང་ལག་ལེན་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། དེ་ནི་བྱིས་པ་དང་ན་གཞོན་རྣམས་ཀྱི་བསླབ་བྱའི་ཤེས་བྱ་དང་ངེས་སྦྱོང་སློབ་ཐུན་ལྟ་བུར་ཆགས་ཡོད།