ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

ཞིང་ཆེན་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆེད་དམིགས་བཅོས་སྐྱོང་གི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་བསྡུས་པ།

ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ཤིང་གཏམ་བཤད།

ཞིང་ཆེན་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆེད་དམིགས་བཅོས་སྐྱོང་གི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་བསྡུས་པ།

ཟླ5པའི་ཚེས2ཉིན། ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཆེད་དམིགས་བཅོས་སྐྱོང་གི་བརྙན་འཕྲིན་བཀོད་གཏོང་ཚོགས་འདུ་བསྡུས།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་ཚོགས་འདུར་ཞུགས་ཤིང་གཏམ་བཤད། ཁོས་ནན་གྱིས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལྟར། བསམ་བློའི་ངོས་འཛིན་ཐད་ནས་རིག་པ་དམ་པོ་སྒྲིམ་པ་དང་། གཙོ་གནད་ལས་འགན་ལ་དམིགས་པ་རྩེ་གཅིག་ཏུ་གཏོད་པ། བྱ་བའི་བླང་བྱར་སྔར་བས་ནན་ཏན་བྱས་ནས། ཁྲིམས་དང་སྒྲིག་སྲོལ་ལྟར་གོ་རིམ་ལྡན་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རང་སྐྲུན་སྡོད་ཁང་གི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྐྱོང་གི་ལས་དོན་སྤེལ་བ་དང་།ལས་འཛོལ་ཚབས་ཆེན་འབྱུང་བར་བཀག་འགོག་མཐའ་གཅིག་ཏུ་བྱས་ནས། དངོས་གནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱས་ཏེ།ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོག་ཆེད་བརྟན་བརླིང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས།

ཚོགས་འདུས་བསྟན་དོན། ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་གྱི་སྡོད་དམངས་ཀྱི་རང་སྐྲུན་ཁང་པ་རྡིབ་པ་སོགས་ཀྱི་དོན་རྐྱེན་ཁྲོད་ནས་བསླབ་བྱ་ཟབ་མོ་ལེན་དགོས་ཤིང་། ལས་འཛོལ་ལྟག་རྒྱབ་ཀྱི་གནད་དོན་དེ་རང་ངོས་ཀྱི་མངོན་མེད་རྐྱེན་ངན་དུ་བརྩིས་ནས་ཐག་གཅོད་བྱེད་དགོས། ཟུར་བསྟན་ལེབ་མཐོང་དང་།ཉེན་བརྡ་གཏོང་བ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པའི་ནང་དོན་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་པ་ངོས་ཟིན་པ། བདེ་འཇགས་ངང་ཐོན་སྐྱེད་བྱེད་པའི་ཉེན་ཁ་ཆེ་ཤོས་ནི་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དེ་ཡིན་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཡག་ཤོས་ནི་སྔོན་འགོག་བྱ་རྒྱུ་དེ་ཡིན། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་འཇོག་པ། ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་དང་།ལས་གནས་གཅིག་ལ་འགན་འཁྲི་གཉིས་དང་།མཉམ་ལེན་མཉམ་སྒྲུབ་བྱེད་པ།འགན་འཛོལ་འགན་འཁྲི་རྩད་གཅོད་བྱས་ཏེ།ཐོག་མཐའ་བར་གསུམ་དུ་འཁྱགས་པ་སྲབ་མོའི་ཐོག་བསྐྱོད་པ་ལྟ་བུའི་ཚད་མཐོའི་གཟབ་ནན་བྱེད་པ། ནམ་ཡང་སེམས་མི་ལྷོད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས། མིག་ཟུང་ཆེ་རུ་བགྲད་པ་དང་།འབྱུང་རྩ་ནས་བཅོས་སྐྱོང་བྱེད་པ།ཕྲ་ས་ནས་དམ་འཛིན།ཞན་ས་ནས་ཁ་གསབ་སྟེ་ཞིབ་ཕྲའི་གནས་གང་ཡང་མི་འཆོར་བར་བྱེད་པ་དང་།མི་མངོན་པའི་རྐྱེན་ངན་གང་རུང་ལ་སྣང་ཆུང་མི་བྱེད་པ་བཅས་བྱས་ནས་བདེ་འཇགས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།

ཚོགས་འདུས་ནན་གྱིས་བསྟན་དོན། ཕྱོགས་གཅིག་ནས་གྲལ་བཤེར་དང་ཕྱོགས་གཅིག་ནས་བཅོས་སྐྱོང་བྱེད་པ་དང་།ཉེ་རིང་ཟུང་འབྲེལ་དང་རྩ་ལག་མཉམ་བཅོས་མཐའ་འཁྱོངས་བྱས་ཏེ། རང་སྐྲུན་སྡོད་ཁང་གི་བདེ་འཇགས་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཚབས་ཆེན་སྣ་ཚོགས་ཏན་ཏིག་ཏིག་ཏིག་སྒོས་སེལ་དགོས། ཁྱོན་ཡོངས་ནས་གྲལ་བཤེར་དང་མཐིལ་རྟོགས་བྱས་ཏེ། དྲ་མིག་ཅན་དང་།ཁྱོན་ཡོངས་ཅན།ཆེད་ལས་ཅན་བཅས་ཀྱི་གྲལ་བཤེར་བྱས་ཏེ། གྲུབ་ཆ་དང་།སྒྲིག་བཀོད།མེ་ཟོན།གཉེར་སྐྱོང་།ཁོར་ཡུག་བདེ་འཇགས་བཅས་ཀྱི་མངོན་མེད་རྐྱེན་ངན་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་ཞིབ་བཤེར་བྱེད་པ་དང་། བརྟག་དཔྱད་གཞི་གྲངས་རིགས་དབྱེ་ནས་གདམ་གསེས་བྱས་ཏེ།ཉེན་ཁ་དོ་དམ་ཚོད་འཛིན་ལ་ནུས་ལྡན་སྒོས་ཤུགས་སྣོན་བྱེད་དགོས། གཙོ་གནད་ལ་དམིགས་པ་དང་།གལ་གནས་ལ་གནད་ཁེལ་ཞིབ་བཤེར་དང་།གཉེར་སྐྱོང་བྱ་ཡུལ་ལ་ཞིབ་བཤེར་བྱེད་པ།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་བཅས་བྱེད་དགོས། ཞིབ་བཤེར་བྱེད་ཞོར་དག་ཐེར་བྱེད་པ་དང་།ཞིབ་བཤེར་ནན་མོ་དང་དག་ཐེར་ནན་མོ་བྱས་ཏེ་རང་སྐྲུན་སྡོད་ཁང་སོགས་ཀྱི་ཁྱབ་ཁོངས་ནང་གནས་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སེམས་ཐག་གཙང་བཅད་དང་།དངོས་འཛིན་ནན་འཛིན་བྱེད་པ།བཅོས་སྐྱོང་བྱེད་ཐབས་ཞིབ་ཕྲ་ཅན་ཏུ་གཏོང་བ།ནན་མོ་དང་ཞིབ་ཕྲའི་ངང་དག་ཐེར་ལེགས་བཅོས་དམ་འཛིན་བྱེད་པ།ཐོ་གསུབ་དོ་དམ་ལག་བསྟར་བཅས་བྱས་ནས། རྩ་བ་ནས་མངོན་མེད་རྐྱེན་ངན་གཙང་སེལ་དང་།ནོར་འཛོལ་འགོག་པ།ཉེན་ཁ་སྔོན་འགོག་བཅས་བྱེད་དགོས།

ཚོགས་འདུས་བླང་བྱ་བཏོན་དོན།འགན་འཁྲི་ཁ་གསལ་དང་།མཉམ་ལས་ལ་ཤུགས་སྣོན།ཁོངས་གཏོགས་དོ་དམ་གྱི་འགན་འཁྲི་དང་།སྡེ་ཁག་ལྟ་སྐུལ་དོ་དམ་གྱི་འགན་འཁྲི།ལས་བདག་ཁྲིམས་བཀོད་འགན་འཁྲི་བཅས་དོན་འཁྱོལ་བྱེད་པ་ལ་བརྟེན་ནས། མཉམ་འཛིན་མཉམ་སྒྲུབ་ཀྱི་སྒྲིལ་ཤུགས་ཆགས་པར་བྱེད་དགོས། དུས་བཅད་ཁ་གསལ་དང་།མགྱོགས་མྱུར་བཅོས་སྐྱོང་བྱས་ཏེ།བྱེ་བྲག་གི་ལས་དོན་ཁྲོད་ཅི་ཙམ་མྱུར་ཐུབ་ན་དེ་ཙམ་མྱུར་བ་དང་།ཅི་ཙམ་སྔ་ཐུབ་ན་དེ་ཙམ་སྔ་ཐུབ་པར་བྱས་ཏེ།ལས་དོན་སོ་སོ་མུ་མཐུད་དུ་སྔོན་ལ་སྒྲུབ་དགོས། གོ་རིམ་ལྡན་པ་དང་དངོས་ཕན་དོན་གཉེར་བྱས་ནས། གནད་དོན་གྱི་ཁྲིད་ཕྱོགས་དང་།དམིགས་ཚད་ཀྱི་ཁྲིད་ཕྱོགས།མཇུག་འབྲས་ཀྱི་ཁྲིད་ཕྱོགས་བཅས་རྒྱུན་འཁྱོངས་བྱས་ནས། གཙོ་གནད་འབུར་ཐོན་དང་གནད་དོན་ཡང་དག་ངང་འཚོལ་བར་བྱེད་པ་དང་། དབྱེ་ཞིབ་ནན་ཏན་དང་དག་ཐེར་བཅོས་སྐྱོང་དམ་འཛིན་བྱས་ཏེ།ཉེན་ཁ་ཚབས་ཆེན་སྔོན་འགོག་དང་ཐག་གཅོད་ཏན་ཏིག་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ། རྒྱུན་ལས་ཧྲེང་ཀྲང་གཞོན་པ་ཝང་ཝེ་ཏུང་གིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཧྲེང་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དང་སྡེ་ཁག་བཅས་ཀྱིས་བྱ་བའི་སྙན་ཞུ་ཕུལ། །