“ནམ་མཁའི་མེ་ལོང་ཚྭ་ཁ་མཚེའུ”མཛེས་ལྗོངས་ཁུལ་སྤུས་འདེགས་རིམ་འཕར་བྱུང་བ།
ཉེ་ཆར། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་ཀྱི“ནམ་མཁའི་མེ་ལོང་ཚྭ་འདམ་མཚེའུ”ལྗོངས་ཁུལ་དུ། གནམ་མཚོ་གཅིག་ཏུ་འདྲེས་ཤིང་། ཕྱོགས་ཡོང་མགྲོན་པོས་གང་འདུག ད་ལྟ། ལྗོངས་ཁུལ་གྱི་རིམ་པ་སྤར་བའི་ལས་གཞི་ཡོངས་སུ་ལེགས་འགྲུབ་བྱུང་ཡོད་ལ། ལས་གཞིར་ལྕགས་ལམ་ཆུང་བའི་ལྗོངས་རྒྱུ་སྐོར་ལམ་དང་། བརྗོད་དོན་མེ་འཁོར་འབབ་ཚིགས། རྐང་ཐང་དུ་འགྲོ་སའི་ཟམ་པ། གློག་སྒུལ་གནམ་སྐས། ཁོར་སྲུང་གསང་སྤྱོད་ཁང་སོགས་འདུ་བར་མ་ཟད། ས་ཚིགས་སོ་སོར་དབྱང་དབུགས་རྔུབ་ས་དང་ཉི་འོད་དང་ཆར་བར་གཡོལ་ས་སོགས་ལས་ཡོད།
ལོ་འདི་འགར། མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ས་གནས་ཧུར་ཐག་གིས་བསྐྲུན་པས། མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། ཡུལ་སྐོར་ལས་རིགས་ཀྱང་དེ་བཞིན་དུ་གཅིག་དར་གཉིས་ཕན་གྱི་ཐོན་ལས་ལེགས་པོ་ཞིག་ཏུ་གྱུར་ཡོད།