ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

པར་རིས་གསར་འགྱུར།

ཟླ4པའི་ཚེས17ཉིན། གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་སྟོང་ཝ་ཁྲི20ཡི་སྣ་འཛོམས་གསབ་རེས་ཕྱོགས་བསྡུས་གསུམ་གཞི་གཅིག་ཅན་གྱི་འོད་ནུས་ལས་གཞི་འཛུགས་སྐྲུན་གྱི་ཡུལ་དངོས་སུ་སོང་བ་ན། བཟོ་པ་རྣམས་ཀྱིས་བདེ་འཇགས་ཞྭ་མོ་གྱོན་ནས་གཅུས་འཛེར་གཅུས་པ་དང་འོད་ནུས་པང་ལེབ་སྒྲིག་པ་སོགས་ལས་ཀ་མཇུག་སྡུད་པའི་བྱ་བར་བྲེལ་བཞིན་པ་མཐོང་།

གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ད་ལོའི་ཟླ5པའི་ཚེས30ཉིན་ཐུན་རིན་གྱི330kvགློག་བསྒྱུར་ས་ཚིགས་ལ་སྦྲེལ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཡོད། ལས་གཞི་འདི་གྲུབ་ནས་གློག་བཏོན་རྗེས། ལོ་རེར་རྡོ་སོལ་ཏུན་ཁྲི11.34གྲོན་ཆུང་བྱས་ཏེ་ཐཱན་ཕྱིར་འབུད་ཇེ་ཉུང་དུ་གཏོང་ཐུབ། ལས་གཞི་འདི་གྲུབ་ན་རྨ་ལྷོ་ཁུལ་གྱི་དག་གཙང་ནུས་ཁུངས་ཀྱི་སྤོ་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་གློག་ཤུགས་མ་ལག་གསར་པ་ཆགས་པར་ཕན་པར་མ་ཟད། “པང་ལེབ་འོག་ཏུ་ཕྱུགས་འཚོ་ཞིང་པང་ལེབ་སྟེང་དུ་གློག་འདོན་པ”ཡི་ནོར་ལུག་འཚོ་བ་དང་འོད་ནུས་གློག་འདོན་ཕན་ཚུན་ཟུང་འབྲེལ་བྱས་ཡོད་པས་རྩྭ་སའི་ཐོན་ཁུངས་ལེགས་པོར་བེད་སྤྱོད་པ་ལའང་ཕན་པས། ཡུལ་དེའི་སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་ཏེ་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས། སྐྱེ་ཁམས་ཕན་འབྲས་བཅས་ཀྱི་མཐུན་སྦྱོར་འཕེལ་རྒྱས་མངོན་འགྱུར་བྱས་ཡོད། །