ཉི་མ།ཟླ་བ།མིག་དམར།ལྷག་པ།ཕུར་བུ།པ་སངས།སྤེན་པ།

གཡོ་འོག་ཏུ་ཚུད་པར་གཟབ་དགོས།

གཅིག མི་རྒྱུས་མེད་ལ་གང་འདོད་དུ་ཡིད་ཆེས་མི་རུང་། རིན་གོང་མཐོན་པོས་ཕྱིར་ཁེ་ཕན་སློག་པའི་སྐོར་གྱི་དྲིལ་སྒྲོག་ལ་གང་འདོད་དུ་ཡིད་ཆེས་མི་རུང་། ཕ་རོལ་བས་ཁྱེད་ཀྱི་མིང་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས། ཁྱིམ་ཚང་གི་ས་གནས་སོགས་མི་སྒེར་གྱི་གནས་ཚུལ་གསལ་པོར་ཤེས་རུང་དོགས་ཟོན་ནན་མོ་བྱེད་དགོས།

གཉིས། མི་སྒེར་གྱི་གནས་ཚུལ་ཕྱིར་ཤོར་བར་གཟབ་དགོས། རྒྱུས་མེད་དང་ཚད་ལྡན་མིན་པའི་ལས་ཁུངས་སམ་དྲ་ཚིགས་སུ་རང་གི་གནས་ཚུལ་གང་བྱུང་དུ་འགོད་མི་རུང་ཞིང་། རང་ཉིད་ཀྱི་དངུལ་བྱང་གི་གསང་གྲངས་དང་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་སོགས་མི་རྒྱུས་མེད་ལ་བཤད་མི་རུང་།

གསུམ། སྒོར་མོ་གང་འདོད་དུ་བསྐུར་མི་རུང་། གལ་ཏེ་གྲངས་ཚད་མང་བའི་སྒོར་མོ་བསྐུར་སྐབས། སྔོན་ལ་ཁྱིམ་མིའི་བསམ་འཆར་སྡུད་ལེན་བྱས་ཏེ་ཡང་དང་བསྐྱར་དུ་ཞིབ་དཔྱད་བྱེད་དགོས།

བཞི། བདེ་ཐང་འདུ་ཤེས་ཡང་དག་ཅིག་ཆགས་པར་བྱེད་དགོས། ལུས་ཕུང་མི་བདེ་བ་བྱུང་ཚེ། ཚད་ལྡན་གྱི་སྨན་བཅོས་ལས་ཁུངས་སུ་སོང་ནས་བརྟག་དཔྱད་བྱེད་དགོས་པ་ལས། “ཁྱད་ནུས་སྨན”དང“སྨན་མཆོག”སོགས་ལ་ཡིད་ཆེས་བྱེད་མི་རུང་།

ལྔ། དུས་རྒྱུན་དོགས་ཟོན་བྱེད་དགོས། དུས་རྒྱུན་གསར་འགྱུར་སོགས་ལ་དོ་སྣང་ལེགས་པོ་བྱས་ཏེ། ཚན་རིག་ཤེས་བྱ་སློབ་སྦྱོང་དང་གཡོ་འོག་ཏུ་མི་ཚུད་པའི་འདུ་ཤེས་ཇེ་མཐོར་གཏོང་དགོས། །